རྨ་ཆུ་མང་ཚོགས་ཀྱི་པར་རིས་བརྩམས་ཆོས་དག་ལན་གྲུ་ནས་འགྲམ་སྟོན་ཐེངས་ཤིག་བྱས་བ།
འགྲེམ་སྟོན་བྱེད་ཀྱིན་པའི་གནས་ཚུལ།
བརྩམས་ཆོས།
བརྩམས་ཆོས།
རྨ་ཆུ་ས་ཁུལ་གྱི་འགན་ལེན་པ་སྐལ་བཟང་སྦྱིན་པ།
ལོས་ཐིན་ལིན(绿驼铃)ཁོར་ཡུག་སྲུང་སྐྱོབ་ཚོགས་པ་འདི་ནི་སྤྱི་ལོ༢༠༠༤ལོའི་ཟླ་༡༡བའི་ཚེས་༤ཉིན་དངོས་སུ་ཀན་སུའུ་ས་ཁུལ་གྱི་ཐོག་དང་བོར་གསར་འཛུགས་བྱས་པའི་དམངས་ཁྲོད་རིག་གནས་དང་འདྲེས་བའི་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་ཚོགས་པ་དང་བོའི་མཚན་ཉིད་ཐོབ་འདུག་པ་ཞིག་ཡིན་ལ་དེ་བཞིན་ནུབ་རྒྱུད་ས་ཁུལ་གྱི་ཁོར་ཡུག་བདག་གཉེར་བྱེད་པའི་ལས་གནས་ཐོག་གྲུབ་འབྲས་མི་དམན་པ་འཇོག་མཁན་ཞིག་ཀྱང་ཡིན། ཚོགས་པ་འདིས་ད་བར་དུ་ས་གནས་སོ་སོ་དང་རྩྭ་ཐང་སོ་སོ་བརྒྱུད་ནས་མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་འདུ་ཤེས་མཐོར་འདེགས་སུ་བཏང་སྟེ་ཆུའི་ཐོན་ཁུངས་དང་། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ། གཏེར་ཁ་སྔོག་འདོན།རྩྭ་ཐང་གཏོར་བརླག་ལ་བཀག་འགོག་བྱེད་པ་བཅས་ཀྱི་ཐད་ནས་ཀྱང་སྐུལ་འདེད་བླ་ལྷག་ཐོན། ཚོགས་པ་འདིས་རྨ་ཆུ་ས་ཁུལ་གྱི་མང་ཚོགས་ལ་ཁ་གཏད་ནས་ཁོ་ཚོར་པར་ལེན་སོགས་ཀྱི་ཤེས་བྱ་སྣ་མང་མཁོ་འདོན་བྱས་ཏེ་རང་གི་བརྩམས་ཆོས་རྣམས་རེ་རེ་བཞིན་བསྡུ་གསོག་བྱས་མཐར་ད་ཐེངས་ཆེད་དུ་ལན་གྲུ་ནས་ཁོ་ཚོའི་བརྩམས་ཆོས་འགྲེམས་སྟོན་བྱས་བའི་སྐལ་བ་ཞིག་ཐོབ་འདུག་པ་འདི་ནི་ངོ་མ་བློ་ལས་འདུག་པ་ཞིག་ཡིན་ནོ། །
རྩོམ་ཁུངས། ངེད་དྲ་བ།