བླ་བྲང་དགོན་པའི་དགེ་བཤེས་བསོད་ནམས་ཚང་སྐུ་གཤེགས་པ།

རྡོ་རྗེ་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-04-29

 སྤྱི་ལོ་༢༠༡༢ལོའི་སྤྱི་ཟླ་༠༤ཚེས་༢༣ རེས་གཟའ་ཟླ་བ་ཉིན་བོད་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་ཆེན་མོ་ཨ་ཁུ་བསོད་ནམས་ཚང་སྐུ་གྲོངས་ཡོད་འདུག
 ཁོང་ནི་བླ་བྲང་དགོན་པའི་དགེ་བཤེས་ཆེ་ཁག་གྲས་ཀྱི་གཅིག་ཡིན་ཞིང་། ཁོང་གིས་བླ་བྲང་དགོན་པའི་གྲྭ་བ་གཙོ་བྱས་བློ་གསལ་དོན་གཉེར་བ་དག་ལ་གཞུང་བཀའ་པོད་ལྔ་གཙོས་དབང་ལུང་མན་ངག་གི་ཁྲིད་གནངས་པའི་བཀའདྲིན་བསྐྱངས་ཡོད་པ་མ་ཟད། ལྷག་པར་ཁོང་གིས་ཆོས་འདུལ་བའི་དགོངས་དོན་ཕྱག་ལེན་གནང་ཞིང་ཡུལ་དེར་ལོ་རེ་བཞིན་སྐྱབས་འགྲོའི་ཁྲིད་ཡིག་དང་གཞི་གསུམ་ཆོ་ག་སོགས་དུས་དང་བསྟུན་ནས་ཁྲིད་གནངས་མཁན་ཞིག་ཡིན་ལ་ཆོས་འདུལ་བའི་ཕྱོགས་སུ་ཕྱག་རྗེས་བླ་ན་མེད་པ་བཞག་གནང་ཡོད་པ་དང་། ཆོས་སྡེ་དེའི་བླ་གྲྭ་རྒན་པ་དག་གི་ཞལ་རྒྱུན་དུ་འདུལ་འཛིན་གྲགས་པ་རྒྱ་མཚོའི་ཡང་སྤྲུལ་དངོས་སུ་འདིར་བྱོན་པའི་བཤད་སྲོལ་ཡང་ཡོད།
ད་ལྟར་བླ་བྲང་དགོན་པའི་གྲྭ་རྒན་གཞོན་མེད་པར་ཁོང་གི་གདུང་འདུན་སྨོན་ལམ་འཚོགས་ཀྱི་ཡོད་འདུག
 
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བླ་བྲང་དགོན་པའི་དགེ་བཤེས་བསོད་ནམས་ཚང་སྐུ་གཤེགས་པ།

2012-04-29 རྡོ་རྗེ་ཚེ་རིང་། ཀློག་གྲངས། མཆན ཡོད།

 སྤྱི་ལོ་༢༠༡༢ལོའི་སྤྱི་ཟླ་༠༤ཚེས་༢༣ རེས་གཟའ་ཟླ་བ་ཉིན་བོད་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་ཆེན་མོ་ཨ་ཁུ་བསོད་ནམས་ཚང་སྐུ་གྲོངས་ཡོད་འདུག
 ཁོང་ནི་བླ་བྲང་དགོན་པའི་དགེ་བཤེས་ཆེ་ཁག་གྲས་ཀྱི་གཅིག་ཡིན་ཞིང་། ཁོང་གིས་བླ་བྲང་དགོན་པའི་གྲྭ་བ་གཙོ་བྱས་བློ་གསལ་དོན་གཉེར་བ་དག་ལ་གཞུང་བཀའ་པོད་ལྔ་གཙོས་དབང་ལུང་མན་ངག་གི་ཁྲིད་གནངས་པའི་བཀའདྲིན་བསྐྱངས་ཡོད་པ་མ་ཟད། ལྷག་པར་ཁོང་གིས་ཆོས་འདུལ་བའི་དགོངས་དོན་ཕྱག་ལེན་གནང་ཞིང་ཡུལ་དེར་ལོ་རེ་བཞིན་སྐྱབས་འགྲོའི་ཁྲིད་ཡིག་དང་གཞི་གསུམ་ཆོ་ག་སོགས་དུས་དང་བསྟུན་ནས་ཁྲིད་གནངས་མཁན་ཞིག་ཡིན་ལ་ཆོས་འདུལ་བའི་ཕྱོགས་སུ་ཕྱག་རྗེས་བླ་ན་མེད་པ་བཞག་གནང་ཡོད་པ་དང་། ཆོས་སྡེ་དེའི་བླ་གྲྭ་རྒན་པ་དག་གི་ཞལ་རྒྱུན་དུ་འདུལ་འཛིན་གྲགས་པ་རྒྱ་མཚོའི་ཡང་སྤྲུལ་དངོས་སུ་འདིར་བྱོན་པའི་བཤད་སྲོལ་ཡང་ཡོད།
ད་ལྟར་བླ་བྲང་དགོན་པའི་གྲྭ་རྒན་གཞོན་མེད་པར་ཁོང་གི་གདུང་འདུན་སྨོན་ལམ་འཚོགས་ཀྱི་ཡོད་འདུག
 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།