དབྱིན་ཡུལ་ནས་སྙན་ངག་གི་འདུ་ཚོགས་གཟབ་རྒྱུ་ཆེ་བ་ཞིག་བསྡུ་འཆར་འདུག

ད་ལོའི་ཟླ་དྲུག་པར། དབྱིན་ཇིའི་ལྷོ་ངོགས་རིག་གནས་ལྟེ་བ་ཞེས་པས་ཨོ་ལེམ་ཕེག་ལུས་རྩལ་འགྲན་ཚོགས་ཀྱི་རིག་གནས་ཀྱི་བྱ་འགུལ་ལ་གཏོགས་པའི་སྙན་ངག་གི་འདུ་ཚོགས་གཟབ་རྒྱས་ཆེ་བ་ཞིག་བསྡུ་འཆར་ཡོད་པ་དང་དེ་ལ་མི་རིང་བར་རྒྱལ་སྤྱིའི་ཨོ་ལེམ་ཕེག་ལུས་རྩལ་འགྲན་ཚོགས་སུ་ཞུགས་འགྱུར་གྱི་རྒྱལ་ཁབ་རེའི་སྙན་ངག་པ་གཅིག་རེ་གདན་འདྲེན་བྱ་རྒྱུ་རེད། དེ་རྩ་འཛུགས་བྱེད་མཁན་ཚོས་ད་ལྟ་རྒྱལ་ཁབ་༡༥༣གྱི་སྙན་ངག་པར་གདན་འདྲེན་ཡི་གེ་བསྐུར་ཟིན་པ་དང་དེར་ཞུགས་གཏན་འཁེལ་བ་༢༣འདུག ཁོ་ཚོའི་ཁྲོད་དུ་དེ་སྔ་བྱང་ཀོ་རེ་ཡའི་སྲིད་འཛིན་ཀེམ་ཅང་ཨོ་ཡི་དྲུང་གི་སྙན་ངག་པ་བྱས་མྱོང་ཞིང་ད་ལྟར་ལྷོ་ཀོ་རེ་ཡར་བཙན་བྱོལ་དུ་ཡོད་པའི་སྙན་ངག་པ་ཅང་ཅེམ་སུང་(Jang Jin Seong)དང་། དབྱིན་ཇིའི་འཐུས་ཚབ་པ་སྟེ་བུད་མེད་སྙན་ངག་པ་གྲགས་ཅན་ཇོ་ཞ་ཕོ་ཁོད(Jo Shapcott)སོགས་ཡོད་པ་དང་། དེ་སྔ་ནོ་པེལ་གྱི་རྩོམ་རིག་བྱ་དགའ་ལེན་མྱོང་བའི་སྙན་ངག་པ་སེམ་ཟི(Seamus Heaney)ཧེ་ནེ་ལགས་ཨེར་ལན་གྱི་ཚབ་བྱས་ནས་འདུ་ཚོགས་དེར་ཞུགས་རྒྱུ་ཡིན་འདུག
  འདུ་ཚོགས་དེར་སྙན་ངག་པ་དང་། ངག་ཐོག་གི་སྒྱུ་རྩལ་བ། སྒྲུང་བ་སོགས་སོགས་ཀྱིས་སྐད་རིགས་མི་འདྲ་བ་ལྔ་བཅུ་ལྷག་ལ་བརྟེན་ནས་རང་གི་བརྩམས་ཆོས་སྦྱོར་སྒྲོག་བྱ་རྒྱུ་རེད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།