འཕྲིན་བཟང་ཞིག
ཉེ་ལམ་བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བས་ཚོད་ལྟ་ཡང་ཡང་བྱས་པ་བརྒྱུད། དྲ་ངོས་ཀྱི་བོད་ཡིག་ཆེ་ཆུང་གཅིག་གྱུར་མིན་པ་དང་རྒྱུད་ཁོངས(མ་ལག་)མི་འདྲ་བའི་ནང་ནས་བཅར་འདྲིའི་མཐའ་འབྲས་ལ་ཧེ་བག་ཅུང་ཆེ་བ་སོགས་ཀྱི་གནད་དོན་དག་གཞི་ནས་ཐག་གཅོད་ཐུབ་པ་བྱུང་ཡོད་ལ། དེ་རིང་ནས་བཟུང་ངེད་དྲ་བས་ལག་རྩལ་དེ་སྤྱད་ཡོད་པ་སྟེ། སྒེའུ་ཁུང་(Windows)དང་ཀུ་ཤུ་(Mac)ལིནགསི(Liunx)སོགས་རྒྱུད་ཁོངས(མ་ལག་)མི་འདྲ་བ་དང་Internet Explorer, Mozilla Firefox, Google Chrome, Safari སོགས་བཤར་ལྟ་ཆས་མི་འདྲ་བ། iPhoneསོགས་སྔོན་ཐོན་ལག་ཁྱེར་ཁ་པར་སྟེང་ནས་བོད་ཡིག་གི་ཡིག་གཟུགས་ཆེ་ཆུང་གཅིག་གྱུར་བྱས་པ་མ་ཟད། བཤར་ལྟ་ཆས་IE, Firefox, Chrome, Safari སོགས་ལ་ཡོངས་སུ་རྒྱབ་སྐྱོར་ཐུབ་ལ། ཀློག་པ་པོས་ཡིག་གཟུགས་གང་ཞིག་སྒྲིག་འཇུག་བྱས་ན་དེ་འཆར་བ་དང་གལ་སྲིད་བོད་ཡིག་གི་ཡིག་གཟུགས་གང་ཡང་སྒྲིག་འཇུག་མ་བྱས་ཀྱང་དྲ་ངོས་ནས་འཆར་ཐུབ་པ། མ་གཞིའི་ཧི་གཟུགས་ཆུང་དྲགས་པའི་གནད་དོན་ལ་ཡང་འགྱུར་བ་ཆེ་ཙམ་བཏང་ནས་རྒྱ་བོད་དབྱིན་གསུམ་ཆེ་ཆུང་གཅིག་པ་བྱས་ཡོད་དོ།།
རྩོམ་ཁུངས། ན་གཞོན་གསར་བའི་དྲ་བ།