སྟག་འབུམ་རྒྱལ་གྱི་སྒྲུང་རྩོམ༼མི་ཚེའི་གླུ་དབྱངས༽ཞེས་པར༢༠༡༡ལོའི་མི་རིགས་རྩོམ་རིག་གི་བྱ་དགའ་ཐོབ་པ།
ཉེ་ལམ། 2011ལོའི<<མི་རིགས་རྩོམ་རིག>>བྱ་དགའ་གནང་བའི་མཛད་སྒོ་དེ་པེ་ཅིང་དུ་བསྡུས་ཤིང་། དཔྱད་འདེམས་པ་དག་ནི་མིང་དུ་གྲགས་པའི་དཔྱད་འཇོག་པ་དང་རྩོམ་སྒྲིག་པ། ཡིག་བསྒྱུར་བ་སོགས་མི18ལྷག་གིས་གྲུབ། ཉིག་ཡུ་ཆིག་དང་། པེ་ཁྲུན་རིན་སོགས་རྒྱ་ཡིག་པར་གཞིའི་དཔྱད་འདེམས་པ་དང་། པདྨ་ཚེ་བརྟན་དང་བཀྲ་བྷ། ཏེ་ལེ་མུ་ལ་ཐེ་ཐེའུ་ཐེ། ཨར་ཐེ། ཁྲིན་གངས་ལུང་། བྱམས་པ་རྒྱ་མཚོ། སོ་ཤུའུ་ཨར་སོགས་བོད་ཡིག་པར་གཞི་དང་སོག་ཡིག་པར་གཞི། ཡུ་གུར་པར་གཞིའི་དཔྱད་འདེམས་པ་རྣམས་ཡོད་པ་དང་། སྟག་འབུམ་རྒྱལ་གྱི་སྒྲུང་རྩོམ<<མི་ཚེའི་གླུ་དབྱངས>>ཞེས་པར2011ལོའི་མི་རིགས་རྩོམ་རིག་གི་བྱ་དགའ་ཐོབ་པ་རེད།
སྟག་འབུམ་རྒྱལ་གྱི་སྒྲུང་ཐུང<<མི་ཚེའི་གླུ་དབྱངས>>ནི་པདྨ་ཚེ་བརྟན་གྱིས་རྒྱ་ཡིག་ཏུ་བསྒྱུར་ཏེ<<མི་རིགས་རྩོམ་རིག>> (རྒྱ་ཡིག་པར་གཞི)2011ལོའི་དེབ9བའི་སྟེང་བཀོད་ཅིང་། བྱ་དགའ་ཐོབ་པའི་དཔྱད་བརྗོད་ཀྱི་ཚིག་ནི་འདི་ལྟ་སྟེ། སྟག་འབུམ་རྒྱལ་གྱི་སྒྲུང་ཐུང<<མི་ཚེའི་གླུ་དབྱངས>>ཞེས་པས་བོད་རིགས་ཀྱི་དུས་རྒྱུན་གྱི་འཚོ་བ་དངོས་དེ་སྙན་ངག་གི་བྲོ་བས་ཕྱུག་པའི་སྤྲོས་བརྗོད་བྱས་པ་བརྒྱུད་ནས་ཟད་མཐའ་བྲལ་བའི་མི་ཚེའི་ཚོར་འདུ་གང་མང་ཞིག་སྒྲུང་རྩོམ་དུ་དྲངས་ཤིང་ཀློག་པ་པོ་རྣམས་ལ་ཐུན་མོང་མ་ཡིན་པའི་བསམ་གཞིག་དང་རོ་མྱོང་གི་འཇུག་སྒོ་ཡངས་པ་ཞིག་ཕྱེ་འདུག །
རྩོམ་ཁུངས། ངེད་དྲ་བ།