དཔེ་འཕྲིན་ཁག་གསུམ།

ཀླུ་ཚང་སྨྱུག་གསར། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-03-03

 རྒན་རྒྱ་གྲོལ་ལགས་ཀྱི་《ནང་བསྟན་སློབ་དེབ་སྐལ་བཟང་འཇུག་ངོགས།》པར་དུ་བསྐྲུན་ནས་འགྲེམ་སྤེལ་བྱས།
 
 ནང་བསྟན་སློབ་དེབ་སྐལ་བཟང་འཇུག་ངོགས།འདི་ནི་རྒན་ཤེས་རབ་བསྟན་དར་གྱིས་ཤེས་རབ་ཀྱི་ཚོམས་ཞེས་པའི་དེབ་ཕྲེང་གི་དང་བོ་ཡིན་ལ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ནས་འགྲེམ་སྤེལ་བྱས།
  ནང་བསྟན་སློབ་དེབ་སྐལ་བཟང་འཇུག་ངོགས་ནི་རྩོམ་པ་བོས་ནང་བསྟན་མ་ཤེས་ན་བོད་ཀྱི་རིག་གནས་ཆ་ཚང་ཞིག་ཤེས་མི་ཐུབ་ལ།བོད་ཀྱི་རིག་གནས་མ་ཤེས་ན་བོད་མི་རིགས་ཁ་ཚང་ཞིག་ངེས་མི་ཐུབ་པའི་ཚུལ་ལ་དམིགས་ནས་བོད་དང་བོད་ཀྱི་མི་རིཊ་ཀྱི་སྲོག་ཤིང་གི་ཆེད་དུ་བྲིས་པའི་ནང་བསྟན་གྱི་སློབ་དེབ་ཅིག་ཡིན།  
   སློབ་དེབ་འདིས་ནང་བའི་བསྟན་པ་བྱུང་བའི་ལོ་རྒྱུས་དང༌། སྣོད་བཅུད་ཆགས་འཇིག་བཅས་གཞི་ལམ་འབྲས་གསུམ་དང་ལྟ་སྒོམ་སྤྱོད་གསུམ་ཁ་ཚང་ཞིང་གནད་བསྡུས་པ།  ཚིག་གསལ་ཞིང་གོ་སླ་བས་སྤྱི་ཁོག་ཡིད་ལ་འཛིན་སླ་ཞིང་རྗོད་བྱེད་ལག་ཏུ་ལེན་བདེ།  སློབ་དེབ་འདིས་སྲོལ་རྒྱུན་གྱི་བསམ་བློ་གཞིར་བཟུང་ཞིང༌། དེང་རབས་ཀྱི་རིག་པས་ཟུར་བརྒྱན་ཏེ་ས་བཅད་དང་སྤྱི་ཁོག་འཇུག་བདེ་ལ། གོ་རིམ་དང་རྗོད་བྱེད་འཛིན་སླ། དེ་བས་ལས་དང་བོ་བ་རྣམས་ཀྱིས་སྦྱངས་ན་ཆོད་ཆེ་ཞིང་བཟུང་ན་སྐྱེད་མྱུར།      
སློབ་དེབ་འདིས་ཁུངས་དམ་པའི་གཞུང་ལ་གཏུགས་ཤིང་འགྲོས་གྲྭ་སའི་སྲོལ་དང་བསྟུན་ནས། དུས་རབས་ཀྱི་ཁྱད་ཆོས་དང་མཐུན་པ་དམིགས་སུ་བཟུང་བས་ནང་བསྟན་ལ་སློབ་གཉེར་བྱེད་མཁན་དག་ལ་མཚོན་ན་སློབ་དེབ་ལེགས་པོ་ཞིག་དང༌།  ཞིབ་འཇུག་བྱེད་མཁན་དག་ལ་མཚོན་ནའང་དཔྱད་གཞི་གལ་ཆེན་ཞིག་རེད།

  རྒན་རྒྱ་གྲོལ་ལགས་ཀྱི་《སྐྱབས་འགྲོ་བྲན་གཡོག་གི་འདུ་ཤེས་ཡིན་ནམ》པར་དུ་བསྐྲུན་ནས་འགྲེམ་སྤེལ་བྱས།
 
སྐྱབས་འགྲོ་བྲན་གཡོག་གི་འདུ་ཤེས་ཡིན་ནམ་ནི་རྒན་ཤེས་རབ་བསྟན་དར་གྱིས་ཤེས་རབ་ཀྱི་ཚོམས་ཞེས་པའི་དེབ་ཕྲེང་གི་གཉིས་པ་ཡིན་ལ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ནས་འགྲེམ་སྤེལ་བྱས།
  དེབ་འདི་ནི་དེང་འདིར་ཡོངས་སུ་ཁྱབ་པའི་སྤྱི་ཚོགས་དང་རིག་གནས།ཆབ་སྲིད་དང་དཔལ་འབྱོར། སློབ་གསོ་བཅས་ཕྱོགས་གང་ཐད་དང་འབྲེལ་བ་ཡོད་པའི་དོགས་གཞི་སྐོར་ཞིག་ལ་བློ་ཞིབ་མོས་བསམ་ཞིང༌། རིགས་པ་ཕྲ་མོས་དཔྱད་དེ་ཁ་གསལ་ཞིང་དོན་འདུས་པ། དཔེ་གསལ་བའི་སྒོ་ནས་འགྲེལ་བཤད་བྱས་ཤིང༌། གཡམ་ལ་རྒྱུགས་པ་དང་ཆུ་སྣ་གར་ཁྲིད་ཀྱི་སྤྱོད་པ་སྤངས་ནས་བོད་ཀྱི་རིག་གཞུང་གི་རིན་ཐང་ལ་སྡོམ་ཚིག་གསར་བ་ཞིག་བཀོད་ཡོད།    
  དེབ་འདིའི་དྲི་བ་འདོན་མཁན་ལ་བློ་རབ་འབྲིང་ཐ་གསུམ་ཡོད་ན་ཡང༌། ལན་འདེབས་སྟངས་ནི་བོད་ཀྱི་ སྲོག་ཏུ་གྱུར་པའི་རིག་གནས་ཀྱི་རིན་ཐང་གཞིར་བཟུང་ནས། ད་ལྟའི་བོད་ཀྱི་སྤྱི་ཚོགས་དང་རིག་གཞུང་གི་འགལ་ཟླ་ཐག་གཅོད་པ་གནད་དུ་བཟུང་ཡོད་པས་བློ་ཁ་མཐོ་དམན་མཐའ་དག་གིས་ངེས་པར་བཀླག་འོས་པ་ཞིག་ཡིན།    
དེབ་འདིས་གནད་དོན་སྐོར་ཞིག་ལ་གླེང་བསླངས་པ་ལ་བརྟེན་ནས་ཀློག་པ་བོའི་བསམ་གཞིག་བོད་ཀྱི་རིག་གནས་ཀྱི་དགེ་མཚན་དང་དགེ་མཚན་དེས་བོད་ཀྱི་སྤྱི་ཚོགས་ལ་འབྲེལ་བར་གཞེན་སྐུལ་གནང་ངེས།

 རྒན་རྟ་ལོ་ཐར་གྱི《མང་རའི་ཡུལ་གྱི་གཉེན་སྲོལ》པར་དུ་བསྐྲུན་ནས་འགྲེམ་སྤེལ་བྱས།
 
  མང་རའི་ཡུལ་གྱི་གཉེན་སྲོལ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ནས་འགྲེམ་སྤེལ་བྱས། འདི་ནི་སྐུ་ཞབས་རྟ་ལོ་ཐར་གྱིས་ལོ་མང་བོའི་རིང་ལ་མང་རའི་གཉེན་སྲོལ་གྱི་མཐོང་ཐོས་དང་རང་ཉིད་ཀྱིས་དངོས་སུ་ལག་ལེན་བྱས་པའི་མྱོང་བ་བཅས་གཞིར་བཟུང་ནས་བྲིས་པའི་དམངས་སྲོལ་གྱི་དཔེ་ཆ་ཞིག་ཡིན།
  དེབ་འདི་ལས་མདོ་སྨད་ཡུལ་མང་འབའ་བྱ་གསུམ་དུ་གྲགས་པའི་ནང་ཚན་མང་རའི་ཡུལ་གྱི་རོང་བ་དག་གིས་གནས་འདི་ཐོག་མར་གཞི་བཟུང་ནས་བར་དུ་འཕེལ་བའི་ལོ་རྒྱུས་དང༌། ཁྱད་པར་གཉེན་གྱི་སྔོན་འགྲོ་དང་གོ་རིམ།  ཁྱད་ཆོས་གསལ་བོར་བཀོད་པ་དང་མཉམ་དུ་གཉེན་གྱི་སྲོལ་དེ་དག་སྤྱི་ཚོགས་ཁྲོད་དུ་ཐོན་པའི་དགོས་པ་དང༌། གཉེན་སྟོན་གྱི་ཁྲོད་ཀྱི་འཛེམ་བྱ། རིག་གནས་ཀྱི་རིན་ཐང་སོགས་སྦྱོར་དངོས་མཇུག་གསུམ་རང་གིས་དངོས་སུ་མཐོང་ཞིང་རྣ་བས་ཐོས་པ་དག་གསལ་བོར་ངོ་སྤྲོད་བྱས་ཡོད་པས་མང་ར་ཙམ་དུ་མ་ཟད་ཨ་མདོའི་སྔོན་སྲོལ་རྒྱུན་འཛིན་བྱེད་པའི་ན་གཞོན་དག་ལ་མེད་དུ་མི་རུང་བའི་སློབ་དེབ་གལ་ཆེན་ཞིག་ཡིན་པ་མ་ཟད། དམངས་སྲོལ་ལ་ཞིབ་འཇུག་བྱེད་པའི་ཞིབ་འཇུག་པ་དག་ལ་མཚོན་ན་དཔྱད་གཞིའི་ཡིག་རིགས་མེད་དུ་མི་རུང་བ་ཞིག་རེད།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔེ་འཕྲིན་ཁག་གསུམ།

2012-03-03 ཀླུ་ཚང་སྨྱུག་གསར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།