༼རྒྱ་བོད་བརྡ་ཆད་གསར་བ༽ཞེས་པའི་དེབ་པར་དུ་བསྐྲུན་ཟིན་པ།

 
 སྤྱི་ཚོགས་དཔལ་འབྱོར་རིག་གནས་སོགས་སོ་སོའི་འཕེལ་རྒྱས་མགྱོགས་སུ་ཕྱིན་པ་དང་བསྟུན་ནས་མིང་བརྡ་གསར་བ་འབོར་ཆེན་རིག་ཚན་སོ་སོ་དང་ཁྱབ་ཁོངས་སོ་སོ་ནས་འབྱུང་བཞིན་ཡོད་པས། བོད་ཡིག་གི་གསར་འགྱུར་བརྒྱུད་ལམ་ཁག་དང་བོད་ཡིག་དང་འབྲེལ་བའི་ལས་ཁུངས་སྣ་ཚོགས་ཀྱི་རྒྱུན་ལྡན་ལས་ཀའི་ཁྲོད་དུའང་མིང་བརྡ་གསར་བ་མང་པོར་འཕྲད་བཞིན་ཡོད།  ལར་མིང་བརྡ་གསར་བ་ནི་ཆབ་སྲིད་དང་། དཔལ་འབྱོར།  ཚན་རིག   རིག་གནས། མི་དམངས་ཀྱི་འཚོ་བ།  བསམ་བློའི་ལོངས་སྤྱོད་སོགས་ཀྱི་དགོས་མཁོ་སྟེ་མདོར་གཏུགས་ན་དུས་རབས་ཀྱི་དགོས་མཁོའི་དབང་གིས་བྱུང་བ་ཡིན་པས། དེ་དག་བསྡུ་སྒྱུར་སྒྲིག་གསུམ་དང་འབྲེལ་མིང་བརྡ་ཚད་ལྡན་བཟོ་བའི་རྩ་དོན་དང་མཐུན་པར་ལེགས་པར་གཏན་ལ་ཕབ་ཚེ།  རང་ཅག་བོད་སྐད་ཡིག་གི་མིང་བརྡ་ཕུན་སུམ་ཚོགས་པོ་ཡོང་རྒྱུར་ཕན་པ་ཙམ་དུ་མ་ཟད།  མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་རིག་གནས་དགེ་མཚན་ཅན་ནང་འདྲེན་དང་།  བོད་ཀྱི་རིག་གནས་འདི་བཞིན་འཛམ་གླིང་གི་མི་རིགས་གཞན་གྱི་རིག་གནས་དང་འབྲེལ་མཐུད་འབྱུང་བའི་མཐུན་རྐྱེན་དུའང་འགྱུར་ཐུབ།  དེ་ལས་ཀྱང་རང་ཅག་བོད་སྐད་ཡིག་ལ་མཚོན་ན་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་མདོ་དབུས་ཁམས་གསུམ་གྱི་བར་དང་།  ལྗོངས་དང་ཞིང་ཆེན་ཁག་གི་བར།  ཐ་ན་ཞིང་ཆེན་གཅིག་དང་གྲོང་ཁྱེར་གཅིག་གི་བོད་ཡིག་ཡིག་སྒྱུར་དང་འབྲེལ་བའི་ལས་ཁུངས་སོ་སོའི་བར་དུའང་མིང་བརྡ་གཅིག་ལ་འགྱུར་མིང་མི་འདྲ་བ་མང་དུ་འབྱུང་བཞིན་ཡོད་པས།  གསར་དུ་བྱུང་བའི་མིང་བརྡ་དེ་མིང་བརྡ་དེ་དག་ཐོག་མར་འཚོལ་བསྡུ་དང་།  དེ་ནས་སྒྱུར་སྒྲིག  མཐར་ཞུས་བཤེར་ནན་པོས་འགྱུར་མིང་སྤུས་དག་ཏུ་གཏན་ལ་ཕབ་སྟེ་ཁྱབ་གདལ་དུ་གཏོང་རྒྱུ་ནི་བོད་ཀྱི་སྐད་དང་ཡི་གེ་དང་སྲིད་འབྱོར་རིག་གསུམ་གོང་དུ་སྤེལ་བར་དོན་སྙིང་ཆེན་པོ་ལྡན་ཞིང་ངེས་པར་དུ་བསྒྲུབ་དགོས་པའི་ལས་ཀ་ཞིག་ཏུ་སེམས།

རྩོམ་ཁུངས། མཚོ་སྔོན་པོའི་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

༼རྒྱ་བོད་བརྡ་ཆད་གསར་བ༽ཞེས་པའི་དེབ་པར་དུ་བསྐྲུན་ཟིན་པ།

2012-03-01 Lhamo ཀློག་གྲངས། མཆན ཡོད།

 
 སྤྱི་ཚོགས་དཔལ་འབྱོར་རིག་གནས་སོགས་སོ་སོའི་འཕེལ་རྒྱས་མགྱོགས་སུ་ཕྱིན་པ་དང་བསྟུན་ནས་མིང་བརྡ་གསར་བ་འབོར་ཆེན་རིག་ཚན་སོ་སོ་དང་ཁྱབ་ཁོངས་སོ་སོ་ནས་འབྱུང་བཞིན་ཡོད་པས། བོད་ཡིག་གི་གསར་འགྱུར་བརྒྱུད་ལམ་ཁག་དང་བོད་ཡིག་དང་འབྲེལ་བའི་ལས་ཁུངས་སྣ་ཚོགས་ཀྱི་རྒྱུན་ལྡན་ལས་ཀའི་ཁྲོད་དུའང་མིང་བརྡ་གསར་བ་མང་པོར་འཕྲད་བཞིན་ཡོད།  ལར་མིང་བརྡ་གསར་བ་ནི་ཆབ་སྲིད་དང་། དཔལ་འབྱོར།  ཚན་རིག   རིག་གནས། མི་དམངས་ཀྱི་འཚོ་བ།  བསམ་བློའི་ལོངས་སྤྱོད་སོགས་ཀྱི་དགོས་མཁོ་སྟེ་མདོར་གཏུགས་ན་དུས་རབས་ཀྱི་དགོས་མཁོའི་དབང་གིས་བྱུང་བ་ཡིན་པས། དེ་དག་བསྡུ་སྒྱུར་སྒྲིག་གསུམ་དང་འབྲེལ་མིང་བརྡ་ཚད་ལྡན་བཟོ་བའི་རྩ་དོན་དང་མཐུན་པར་ལེགས་པར་གཏན་ལ་ཕབ་ཚེ།  རང་ཅག་བོད་སྐད་ཡིག་གི་མིང་བརྡ་ཕུན་སུམ་ཚོགས་པོ་ཡོང་རྒྱུར་ཕན་པ་ཙམ་དུ་མ་ཟད།  མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་རིག་གནས་དགེ་མཚན་ཅན་ནང་འདྲེན་དང་།  བོད་ཀྱི་རིག་གནས་འདི་བཞིན་འཛམ་གླིང་གི་མི་རིགས་གཞན་གྱི་རིག་གནས་དང་འབྲེལ་མཐུད་འབྱུང་བའི་མཐུན་རྐྱེན་དུའང་འགྱུར་ཐུབ།  དེ་ལས་ཀྱང་རང་ཅག་བོད་སྐད་ཡིག་ལ་མཚོན་ན་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་མདོ་དབུས་ཁམས་གསུམ་གྱི་བར་དང་།  ལྗོངས་དང་ཞིང་ཆེན་ཁག་གི་བར།  ཐ་ན་ཞིང་ཆེན་གཅིག་དང་གྲོང་ཁྱེར་གཅིག་གི་བོད་ཡིག་ཡིག་སྒྱུར་དང་འབྲེལ་བའི་ལས་ཁུངས་སོ་སོའི་བར་དུའང་མིང་བརྡ་གཅིག་ལ་འགྱུར་མིང་མི་འདྲ་བ་མང་དུ་འབྱུང་བཞིན་ཡོད་པས།  གསར་དུ་བྱུང་བའི་མིང་བརྡ་དེ་མིང་བརྡ་དེ་དག་ཐོག་མར་འཚོལ་བསྡུ་དང་།  དེ་ནས་སྒྱུར་སྒྲིག  མཐར་ཞུས་བཤེར་ནན་པོས་འགྱུར་མིང་སྤུས་དག་ཏུ་གཏན་ལ་ཕབ་སྟེ་ཁྱབ་གདལ་དུ་གཏོང་རྒྱུ་ནི་བོད་ཀྱི་སྐད་དང་ཡི་གེ་དང་སྲིད་འབྱོར་རིག་གསུམ་གོང་དུ་སྤེལ་བར་དོན་སྙིང་ཆེན་པོ་ལྡན་ཞིང་ངེས་པར་དུ་བསྒྲུབ་དགོས་པའི་ལས་ཀ་ཞིག་ཏུ་སེམས།

རྩོམ་ཁུངས། མཚོ་སྔོན་པོའི་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།