ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས“རང་གྲོལ་རྗེས་དྲན”གྱི་རྩོམ་ཡིག་འགྲེམ་སྟོན་བྱ་འགུལ་སྤེལ།

སྟག་རིག་འབྲུག་ཐར།༼ཁྲི་ཀ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-12-22

 
 ཨ་རུའི་ལྗོན་བཟང་འགྱེལ་ཡང་།། འབྲས་བུ་བསྐལ་བརྒྱར་སྨིན་ཡོད།།
  ཟླ11པའི་ཚེས29ཉིན་ནི་སྐུ་ཞབས་རང་གྲོལ་མཆོག་སྐུ་གཤེགས་པའི་ཉིན་མོ་ཡིན་པས། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་ཚེས25ཉིན་ནས་བཟུང་། “རང་གྲོལ་རྗེས་དྲན”ཞེས་པའི་ཁ་བྱང་གཅིག་ཅན་གྱི་རྩོམ་ཡིག་འགྲན་སྡུར་ཞིག་སྤེལ་ཏེ་རྩོམ་ཡིག་བསྡུ་མགོ་བརྩམས་ཤིང་། ཚེས29ཉིན་དངོས་སུ་སློབ་རའི་གཞུང་སྒྲུབ་ཐོག་ཁང་གི་མདུན་དུ་དགེ་སློབ་སུམ་སྟོང་ལྷག་གི་སྤྱན་སྔར་བཀྲམ། ཐེངས་འདིའི་འགྲེམ་སྟོན་ལ་དགེ་རྒན་གྱི་བརྩམས་ཆོས21དང་སློབ་མའི་བརྩམས་ཆོས45སྟེ་ཁྱོན་བསྡོམས་བརྩམས་ཆོས66ལག་སོན་བྱུང་། རེབ་འདིའི་རང་གྲོལ་རྗེས་དྲན་གྱི་རྩོམ་ཡིག་འགྲེམ་སྟོན་གྱི་བྱ་འགུལ་ལ་མཚོན་ན། ཕ་སྐད་རྩོམ་རིག་ལ་དུངས་བའི་དགེ་སློབ་སུ་ཞིག་ཡིན་རུང་དཔལ་དོན་གྲུབ་རྒྱལ་གྱི་ལོ་རྒྱུས་དང་ཁོང་གིས་ཕྱི་རབས་པའི་རུས་རྐང་ལ་ཟུག་པའི་མཛད་རྗེས་རེ་རེ་ནམ་ཡང་འཇིག་མི་སྲིད་ལ། ཡལ་མི་སྲིད་པས་ན།ང་ཚོས་ཁོང་གི་རྣམ་དཔྱོད་ཀྱི་བློ་གྲོས་དང་ཤེས་རབ་ཀྱི་རྩལ་སྟོབས་ཐུན་མིན་ལ་སློབ་སྦྱོང་བྱས་ཏེ་ཆུང་ཕྱོགས་སློབ་ར་ནས་རྩོམ་རིག་གསར་རྩོམ་གྱི་མེ་ཏོག་རབ་ཏུ་འཚེར་བ་དང་།   སློབ་མར་མི་རིགས་རང་གི་རིག་གནས་འཛིན་སྐྱོང་སྤེལ་གསུམ་དང་ལྷག་པར་མི་རིགས་རང་གི་རྩོམ་རིག་གསར་རྩོམ་གྱི་ཐད་ལ་འབད་བརྩོན་དང་རྒྱུན་འཁྱོངས་གང་ལེགས་བྱེད་པར་ཡར་སྐུལ་ཆེན་པོ་འཐོབ་པ་མ་ཟད། སློབ་སྦྱོང་གི་འཚོ་བའི་ཁ་ཕྱོགས་ཡར་ངོའི་ཟླ་བཞིན་འཕེལ་བར་ཡང་རམ་སྐྱོར་གང་བཟང་ཐོབ། མ་ཟད་ཐེངས་འདིའི་བྱ་འགུལ་གྱིས་ སྤྱི་ཕྱོགས་ནས་སློབ་རའི་རིག་གནས་ཀྱི་སྒོ་གླེགས་ཡངས་པོར་ཕྱེ་ཞིང་། སློབ་རའི་སློབ་སྦྱོང་གི་རྣམ་པ་ལའང་སྔར་ལས་ལྷག་པར་མཆོངས་བསྐྱོད་ཐེངས་གཅིག་བྱུང་བ་དང་། བྱེ་བྲག་ཏུ་ན་ཆུང་རྩོམ་པ་པོ་མི་ཉུང་བ་ཞིག་ལ་སྔ་ན་མེད་པའི་རྩོམ་རིག་ལ་མོས་པའི་སྤྲོ་སྣང་ཆེ་ཆེར་བསླངས་ཤིང་བརྩོན་འགྲུས་ཀྱི་གོ་ཆ་ལུས་ལ་བགོས་ཏེ།ཤེས་བྱའི་ཐང་ཆེན་དུ་བསྐྱོད་པའི་སྤོབས་སེམས་ཀྱང་བསྐྱེད་ཡོད། 
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས“རང་གྲོལ་རྗེས་དྲན”གྱི་རྩོམ་ཡིག་འགྲེམ་སྟོན་བྱ་འགུལ་སྤེལ།

2012-12-22 སྟག་རིག་འབྲུག་ཐར།༼ཁྲི་ཀ༽ ཀློག་གྲངས། མཆན ཡོད།

 
 ཨ་རུའི་ལྗོན་བཟང་འགྱེལ་ཡང་།། འབྲས་བུ་བསྐལ་བརྒྱར་སྨིན་ཡོད།།
  ཟླ11པའི་ཚེས29ཉིན་ནི་སྐུ་ཞབས་རང་གྲོལ་མཆོག་སྐུ་གཤེགས་པའི་ཉིན་མོ་ཡིན་པས། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་ཚེས25ཉིན་ནས་བཟུང་། “རང་གྲོལ་རྗེས་དྲན”ཞེས་པའི་ཁ་བྱང་གཅིག་ཅན་གྱི་རྩོམ་ཡིག་འགྲན་སྡུར་ཞིག་སྤེལ་ཏེ་རྩོམ་ཡིག་བསྡུ་མགོ་བརྩམས་ཤིང་། ཚེས29ཉིན་དངོས་སུ་སློབ་རའི་གཞུང་སྒྲུབ་ཐོག་ཁང་གི་མདུན་དུ་དགེ་སློབ་སུམ་སྟོང་ལྷག་གི་སྤྱན་སྔར་བཀྲམ། ཐེངས་འདིའི་འགྲེམ་སྟོན་ལ་དགེ་རྒན་གྱི་བརྩམས་ཆོས21དང་སློབ་མའི་བརྩམས་ཆོས45སྟེ་ཁྱོན་བསྡོམས་བརྩམས་ཆོས66ལག་སོན་བྱུང་། རེབ་འདིའི་རང་གྲོལ་རྗེས་དྲན་གྱི་རྩོམ་ཡིག་འགྲེམ་སྟོན་གྱི་བྱ་འགུལ་ལ་མཚོན་ན། ཕ་སྐད་རྩོམ་རིག་ལ་དུངས་བའི་དགེ་སློབ་སུ་ཞིག་ཡིན་རུང་དཔལ་དོན་གྲུབ་རྒྱལ་གྱི་ལོ་རྒྱུས་དང་ཁོང་གིས་ཕྱི་རབས་པའི་རུས་རྐང་ལ་ཟུག་པའི་མཛད་རྗེས་རེ་རེ་ནམ་ཡང་འཇིག་མི་སྲིད་ལ། ཡལ་མི་སྲིད་པས་ན།ང་ཚོས་ཁོང་གི་རྣམ་དཔྱོད་ཀྱི་བློ་གྲོས་དང་ཤེས་རབ་ཀྱི་རྩལ་སྟོབས་ཐུན་མིན་ལ་སློབ་སྦྱོང་བྱས་ཏེ་ཆུང་ཕྱོགས་སློབ་ར་ནས་རྩོམ་རིག་གསར་རྩོམ་གྱི་མེ་ཏོག་རབ་ཏུ་འཚེར་བ་དང་།   སློབ་མར་མི་རིགས་རང་གི་རིག་གནས་འཛིན་སྐྱོང་སྤེལ་གསུམ་དང་ལྷག་པར་མི་རིགས་རང་གི་རྩོམ་རིག་གསར་རྩོམ་གྱི་ཐད་ལ་འབད་བརྩོན་དང་རྒྱུན་འཁྱོངས་གང་ལེགས་བྱེད་པར་ཡར་སྐུལ་ཆེན་པོ་འཐོབ་པ་མ་ཟད། སློབ་སྦྱོང་གི་འཚོ་བའི་ཁ་ཕྱོགས་ཡར་ངོའི་ཟླ་བཞིན་འཕེལ་བར་ཡང་རམ་སྐྱོར་གང་བཟང་ཐོབ། མ་ཟད་ཐེངས་འདིའི་བྱ་འགུལ་གྱིས་ སྤྱི་ཕྱོགས་ནས་སློབ་རའི་རིག་གནས་ཀྱི་སྒོ་གླེགས་ཡངས་པོར་ཕྱེ་ཞིང་། སློབ་རའི་སློབ་སྦྱོང་གི་རྣམ་པ་ལའང་སྔར་ལས་ལྷག་པར་མཆོངས་བསྐྱོད་ཐེངས་གཅིག་བྱུང་བ་དང་། བྱེ་བྲག་ཏུ་ན་ཆུང་རྩོམ་པ་པོ་མི་ཉུང་བ་ཞིག་ལ་སྔ་ན་མེད་པའི་རྩོམ་རིག་ལ་མོས་པའི་སྤྲོ་སྣང་ཆེ་ཆེར་བསླངས་ཤིང་བརྩོན་འགྲུས་ཀྱི་གོ་ཆ་ལུས་ལ་བགོས་ཏེ།ཤེས་བྱའི་ཐང་ཆེན་དུ་བསྐྱོད་པའི་སྤོབས་སེམས་ཀྱང་བསྐྱེད་ཡོད། 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།