སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་དཔྱད་གླེང་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

གསར་འགོད་པ་གཡག་བུ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-10-30

  མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་འཕྲིན། 2012 ལོའི་ཟླ 10པའི་ཚེས27ནས28 བར།  བོད་ཀྱི་སྒྲུང་གཏམ་རྩོམ་པ་པོ་གྲགས་ཅན་སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་དཔྱད་གླེང་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་།   ཚོགས་འདུ་འདི་ནི་བོད་ཀྱི་ཆེས་ཐོག་མའི་ཕ་སྐད་ཀྱི་ལམ་ནས་གསར་རྩོམ་བྱེད་པའི་རྩོམ་པ་པོ་སྒེར་གྱི་གསར་རྩོམ་དཔྱད་གླེང་ཚོགས་འདུ་སྟེ།   ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་“985ལས་གཞི”གྲངས་ཉུང་མི་རིགས་རྩོམ་རིག་དཀྱིལ་སྙིང་གིས་གཙོ་སྒྲུབ་བྱས་ཤིང་།   ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་།  མི་རིགས་རྩོམ་རིག་རྩོམ་སྒྲིག་ཁང་།  ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ། མཚོ་སྔོན་རླུང་འཕྲིན་ལས་ཁུངས།  ཀྲུང་གོའི་བོད་ལྗོངས་དྲ་བ།   ཡུལ་སྐོར་ཚགས་པར་སོགས་ཞིབ་འཇུག་ལྟེ་གནས་དང་མཐོ་རིམ་སློབ་ཆེན།   སྨྱན་སྒྲོག་ལས་ཁུངས་སོགས་ཀྱི་བོད་དང་རྒྱ།  མན་ཇུ།  ཁོ་རེ་ཡ།  ཡུས་ཀུ།  ལའ་ཀུ།   ཞི་པོ།  ཏོང་རིགས། ཡའོ་རིགས་སོགས་མི་རིགས་ཀྱི་ཆེད་མཁས་པ་དང་ཨ་རིའི་སློབ་མ་སོགས་ཚོགས་འདུ་ལ་ཞུགས།
 
མཐོ་རིམ་བགྲོ་གླེང་གི་ཡུལ་དངོས།
 
 མཐོ་རིམ་བགྲོ་གླེང་གི་ཚོགས་ར།
 
 མཉམ་པར།
 
 ན་གཞོན་བགྲོ་གླེང་གི་ཡུལ་དངོས།
 
 བགྲོ་གླེང་གྲོལ་རྗེས་ཚོགས་ཞུགས་པ་ཚོས་རྩོམ་པ་པོ་ཁོང་ལ་དར་ཁ་སྒྲོན་བཞིན་པ།
 ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་གླིང་གཙོ་གཞོན་པ་བཀྲ་བྷ་ལགས་ཀྱིས་ཚོགས་འདུ་འདི་ནི་བོད་སྐད་ལམ་ནས་གསར་རྩོམ་བྱེད་པའི་རྩོམ་པ་པོ་སྒེར་གྱི་ཐོག་དང་པོའི་དཔྱད་གླེང་ཚོགས་འདུ་སྟེ་བོད་ཀྱི་རྩོམ་རིག་ཕྱི་ཕྱོགས་ལ་ཕྱོགས་པའི་ལོ་རྒྱུས་གསར་བ་ཞིག་ཀྱང་ཡིན་ཟེར།   ཁོ་བོས་དུས་རབས་སྔོན་མའི་དུས་མཇུག་ནས་བཟུང་བོད་ཀྱི་རྩོམ་རིག་ལ་འཕེལ་རྒྱས་ཆེན་པོ་ཞིག་བྱུང་མོད་གནད་དོན་ཡང་མང་པོ་ཞིག་འདུག་གསུངས།   གཅིག   བོད་ཀྱི་རིག་གནས་ལ་ཞིབ་འཇུག་བྱེད་མཁན་དག་གིས་བོད་ཀྱི་དེང་རབས་ཀྱི་རྩོམ་རིག་ལ་ཞིབ་འཇུག་བྱས་པ་མི་འདང་བ།   གཉིས།   ལ་ལས་ནུབ་ཕྱོགས་པའི་གཞུང་ལུགས་ཁྱེར་འོངས་ཏེ་བོད་ཀྱི་རྩོམ་རིག་ལ་ཞིབ་འཇུག་དང་གསར་རྩོམ་བྱས་པས་བོད་རང་གི་ཁྱད་ཆོས་རིམ་བཞིན་ཉམས་བཞིན་པ།  གསུམ།   བོད་རིགས་རྩོམ་པ་པོ་ནང་ཁུལ་དང་།  བོད་དང་མི་རིགས་གཞན།  ཕྱི་རྒྱལ་གྱི་བར་དུ་བགྲོ་གླེང་བྱས་པ་མི་འདང་བས་བོད་ཀྱི་རྩོམ་རིག་གི་འཕེལ་རྒྱས་ཇེ་དལ་དུ་གྱུར་བ་སོགས་ལ་དམིགས་ཏེ་ཐེངས་འདིའི་སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་གྱི་དཔྱད་གླེང་ཚོགས་འདུ་སྤེལ་བ་ཡིན་གསུངས།  
   རྩོམ་པ་པོ་སྟག་འབུམ་རྒྱལ་དངོས་སུ་ཚོགས་འདུར་ཞུགས་ཏེ་ཁེངས་སྐྱུང་དང་ཀྱལ་ཀ   ལྷག་བསམ་གྱིས་ཁོ་རང་གི་གསར་རྩོམ་གྱི་ལམ་བུ་བརྗོད་པ་དང་།  <<མཚོ་སྔོན་བོད་ཡིག་གསར་འགྱུར>>   <<མི་རོ་རྩེ་སྒྲུང>> <<གེ་སར་རྒྱལ་པོའི་སྒྲུང>>སོགས་ནི་ཁོའི་བྱིས་དུས་ཀྱི་གྲོགས་པོ་དང་གསར་རྩོམ་གྱི་སྙིང་གྲོགས་སུའང་གྱུར་སོང་བ་དང་།   <<སྦྲང་ཆར>>དང་<<བོད་ཀྱི་རྩོམ་རིག་སྒྱུ་རྩལ>>སོགས་དུས་དེབ་ཁག་ཆེ་དག་བྱུང་བ་ནི་ཁོའི་གསར་རྩོམ་གྱི་རྒྱགས་ཕྱེ་གསར་བ་ཞིག་ཏུ་གྲུབ་ཟེར་ཞིང་།   ཁོ་རང་གིས་སྒྲུང་གཏམ་གྱི་མཛེས་པ་ནི་རྙོག་འཛིང་ལྡན་ལ་བློས་མི་དཔོག་པའི་སྤྱི་ཚོགས་ཀྱི་འཚོ་བ།  ཕུན་སུམ་ཚོགས་པའི་སྐད་ཆའི་སྒྱུ་རྩལ།  ཀྱག་ཀྱོག་གི་བྱུང་རིམ་སོགས་ཡིན་ཞེས་གསུངས།   
  ཐེངས་འདིའི་ཉིན་གཉིས་རིང་གི་བགྲོ་གླེང་ཚོགས་འདུ་དེ་མཐོ་རིམ་གླེང་སྟེགས་དང་ན་གཞོན་གླེང་སྟེགས་གཉིས་སུ་བགར་ཡོད་ཅིང་།  མཐོ་རིམ་གླེང་སྟེགས་སུ་མི་རིགས་སོ་སོའི་ཆེད་མཁས་པ་དག་གིས་རང་རང་གི་ཐད་ནས་སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་ལ་དཔྱད་གླེང་དང་གདེང་འཇོག་ཆེན་པོ་བྱས་པ་མ་ཟད། ཁོ་རང་གི་མ་འོངས་པའི་གསར་རྩོམ་གྱི་ཐད་དུ་སྐུལ་ལྕག་དང་རེ་བ་མང་པོ་བཏོན།

  ན་གཞོན་གླེང་སྟེགས།
  2012ལོའི་ཟླ10པའི་ཚེས28ཉིན་སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་སྐོར་གྱི་ན་གཞོན་གླེང་སྟེགས་སྤེལ་བ་དང་།  ན་གཞོན་གླེང་སྟེགས་དེ་ཡང་ནང་གི་ཞིབ་འཇུག་དང་ཕྱིའི་ཞིབ་འཇུག་ཁག་གཉིས་སུ་བགོས་ཡོད།   ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་།   <<མི་རིགས་རྩོམ་རིག>>སོགས་ཀྱི་འབྲེལ་ཡོད་མི་སྣ་དང་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་ཞིབ་འཇུག་སློབ་མ་བཅུ་ཡིས་ཆེད་དུ་སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་གྱི་སྐོར་ལ་དཔྱད་གླེང་བྱས་པ་རེད། དཔྱད་གླེང་དེ་དག་ཏུ་སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་གྱི་མི་སྣའི་བཞེངས་སྐྲུན་དང་། བྱུང་རིམ་གྱི་བཀོད་སྒྲིག   མཇུག་བསྡུ་ཚུལ།   དངོས་ཡོད་སྒྱུ་འཕྲུལ་སོགས་འདྲེས་པའི་སྒྱུ་རྩལ་སོགས་ལ་ཕྱོགས་མི་འདྲ་བའི་སྒོ་ནས་སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་ལ་རང་རང་གི་ལྟ་ཚུལ་དང་དཔྱད་པ་བྱས་ཤིང་། དེང་རབས་ཀྱི་མིག་གིས་སྟག་འབུམ་རྒྱལ་གྱི་བརྩམས་ཆོས་དང་བོད་ཀྱི་སྤྱི་ཚོགས།  མ་འོངས་བའི་གསར་རྩོམ་ཐད་ཀྱི་རེ་བ་དང་བསམ་འཆར་མང་པོ་ཞིག་གསོང་བོར་བཏོན་བྱུང་།
  མཇུག་ཏུ་རྩོམ་པ་པོ་སྟག་འབུམ་རྒྱལ་གྱིས་རང་ཉིད་ཀྱི་གསར་རྩོམ་ལམ་བུ་དང་ཉམས་མྱོང་སོགས་སློབ་མ་རྣམས་དང་བགྲོ་གླེང་བྱས་མཐར་ཆུ་ཚོད་དྲུག་པའི་དུས་སུ་ཐེངས་འདིའི་དཔྱད་གླེང་ཚོགས་འདུ་ཡོངས་སུ་མཇུག་བསྡུས་པར་བྱས།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་དཔྱད་གླེང་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

2012-10-30 གསར་འགོད་པ་གཡག་བུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།