གསེར་མདོག་གི་ཚྭ་འདམ་གཞུང་གིས་འཛམ་གླིང་དཔེ་ཀློག་ཉིན་མོར་རྩོམ་རིག་སྒྱུ་རྩལ་གྱི་བགྲོ་གླེང་སྤེལ།

གསར་འགོད་པ། བོང་སྟག་རི་ལུ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-04-25

        
  ཚོགས་རའི་ཡུལ་དངོས།
  ཉེ་ཆར། མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་དང་མཚོ་ནུབ་ཁུལ་རྒྱང་སྒྲོག་ཁང་སོགས་འབྲེལ་ཡོད་ལས་ཁུངས་ཀྱིས་སྒྲུབ་པའི་ཞིང་ཆེན་ཕྱི་ནང་དུ་སྡོད་པའི་རང་ཁུལ་གྱི་རྩོམ་པ་པོ་དང་སྙན་ངག་པ། ཆེད་མཁས་པ་བཅས་ཀྱིས་མཚོ་ནུབ་དཔེ་མཛོད་ཁང་ལ་དཔེ་ཆ་ཞལ་འདེབས་གནང་བའི་མཛད་སྒོ་དང་ཁ་བྱང་ལ་གསེར་མདོག་གི་ཚྭ་འདམ་གཞུང་གིས་འཛམ་གླིང་དཔེ་ཀློག་ཉིན་མོར་རྩོམ་རིག་སྒྱུ་རྩལ་གྱི་བགྲོ་གླེང་སྤེལ་བ་ཞེས་པའི་ཚོགས་འདུ་དེ་མཚོ་ནུབ་ཁུལ་དཔེ་མཛོད་ཁང་དུ་བསྡུས།
  ཚོགས་འདུ་ལ་ཁུལ་རིམ་པའི་འགོ་ཁྲིད་གཙོ་བྱས་ཏེ་མཚོ་ནུབ་ས་ཁུལ་ནས་འཚར་ལོངས་བྱུང་བའི་རྩོམ་པ་པོ་དང་སྙན་ངག་པ། ཆེད་མཁས་པ། རྩོམ་རིག་གི་ལས་ཀ་གཉེར་གྱིན་པའི་མི་སྣ་བརྒྱ་ཕྲག་ལྷག་ཞུགས་ཤིང་།ཚོགས་འདུ་ལས། ཐོག་མར། རྩོམ་པ་པོ་དག་གིས་རང་ཉིད་ཀྱིས་བརྩམས་པའི་དཔེ་ཆ་དག་ལས་སྐོར་ཞིག་དཔེ་མཛོད་ཁང་ལ་ཞལ་འདེབས་སུ་ཕུལ་བ་དང་། དེ་ལས་བསྡོམས་པའི་རྩོམ་པ་པོ་54ཡིས་བརྩམས་ཆོས་ཀྱི་དཔེ་དེབ་845ཞལ་འདེབས་སུ་གནང་བ་དང་། དེར་འབྲེལ་ཡོད་འགོ་ཁྲིད་ཀྱིས་ཁོ་ཚོ་ལ་དཔེ་ཆ་ཉར་ཚགས་ཀྱི་འཛིན་ཡིག་བྱིན་པར་མ་ཟད།  རྗེས་ཕྱོགས་མུ་མཐུད་དུ་རྩོམ་རིག་གི་ཕྱོགས་ནས་ནུས་པ་གང་ལེགས་འདོན་དགོས་པའི་རེ་བ་བཏོན་ཅིང་། རྩོམ་པ་པོ་དང་ཆེད་མཁས་པ་དག་གིས་གོ་སྐབས་བཟང་བོ་འདི་དམ་འཛིན་བྱས་ཏེ། རྩོམ་པ་པོ་དག་གིས་རང་ཉིད་ཀྱི་དཔེ་ཀློག་མྱོང་ཚོར་གླེང་བ་དང་། སྤྱི་ཚོགས་ཡོངས་ཀྱིས་དཔེ་ཆ་ཀློག་པ་དང་། དཔེ་ཆ་བཟང་བོ་བཀླགས་ནས། དམངས་ཡོངས་ཀྱི་སྤུས་ཚད་མཐོ་རུ་བཏེགས་སྟེ། དཔེ་ཆར་བལྟ་བའི་གོམས་སྲོལ་ཞིག་ཆགས་སུ་འཇུག་དགོས་པའི་རེ་བ་བཏོན་ལ། སྒྱུ་རྩལ་བ་རེ་རེ་ནས་ཆ་མི་འདྲ་བའི་རང་རང་གི་རིག་རྩལ་བྱ་བའི་སྐོར་དང་འབྲེལ་ནས་བགྲོ་གླེང་གནད་དུ་ཐིངས་པ་བྱས་པས་ཚོགས་ར་ཡོངས་ལ་སྤྲོ་སྣང་གིས་ཁྱབ་པ་དང་། འབྲེལ་ཡོད་འགོ་ཁྲིད་ནས་འདི་འདྲའི་བྱ་འགུལ་མུ་མཐུད་དུ་སྤེལ་ནས། མཚོ་ནུབ་ཀྱི་རིག་གནས་སྒྱུ་རྩལ་ལ་སྔ་ན་མེད་པའི་བྱས་རྗེས་འཇོག་དགོས་པའི་རེ་བ་བཏོན།


 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གསེར་མདོག་གི་ཚྭ་འདམ་གཞུང་གིས་འཛམ་གླིང་དཔེ་ཀློག་ཉིན་མོར་རྩོམ་རིག་སྒྱུ་རྩལ་གྱི་བགྲོ་གླེང་སྤེལ།

2013-04-25 གསར་འགོད་པ། བོང་སྟག་རི་ལུ། ཀློག་གྲངས། མཆན ཡོད།

        
  ཚོགས་རའི་ཡུལ་དངོས།
  ཉེ་ཆར། མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་དང་མཚོ་ནུབ་ཁུལ་རྒྱང་སྒྲོག་ཁང་སོགས་འབྲེལ་ཡོད་ལས་ཁུངས་ཀྱིས་སྒྲུབ་པའི་ཞིང་ཆེན་ཕྱི་ནང་དུ་སྡོད་པའི་རང་ཁུལ་གྱི་རྩོམ་པ་པོ་དང་སྙན་ངག་པ། ཆེད་མཁས་པ་བཅས་ཀྱིས་མཚོ་ནུབ་དཔེ་མཛོད་ཁང་ལ་དཔེ་ཆ་ཞལ་འདེབས་གནང་བའི་མཛད་སྒོ་དང་ཁ་བྱང་ལ་གསེར་མདོག་གི་ཚྭ་འདམ་གཞུང་གིས་འཛམ་གླིང་དཔེ་ཀློག་ཉིན་མོར་རྩོམ་རིག་སྒྱུ་རྩལ་གྱི་བགྲོ་གླེང་སྤེལ་བ་ཞེས་པའི་ཚོགས་འདུ་དེ་མཚོ་ནུབ་ཁུལ་དཔེ་མཛོད་ཁང་དུ་བསྡུས།
  ཚོགས་འདུ་ལ་ཁུལ་རིམ་པའི་འགོ་ཁྲིད་གཙོ་བྱས་ཏེ་མཚོ་ནུབ་ས་ཁུལ་ནས་འཚར་ལོངས་བྱུང་བའི་རྩོམ་པ་པོ་དང་སྙན་ངག་པ། ཆེད་མཁས་པ། རྩོམ་རིག་གི་ལས་ཀ་གཉེར་གྱིན་པའི་མི་སྣ་བརྒྱ་ཕྲག་ལྷག་ཞུགས་ཤིང་།ཚོགས་འདུ་ལས། ཐོག་མར། རྩོམ་པ་པོ་དག་གིས་རང་ཉིད་ཀྱིས་བརྩམས་པའི་དཔེ་ཆ་དག་ལས་སྐོར་ཞིག་དཔེ་མཛོད་ཁང་ལ་ཞལ་འདེབས་སུ་ཕུལ་བ་དང་། དེ་ལས་བསྡོམས་པའི་རྩོམ་པ་པོ་54ཡིས་བརྩམས་ཆོས་ཀྱི་དཔེ་དེབ་845ཞལ་འདེབས་སུ་གནང་བ་དང་། དེར་འབྲེལ་ཡོད་འགོ་ཁྲིད་ཀྱིས་ཁོ་ཚོ་ལ་དཔེ་ཆ་ཉར་ཚགས་ཀྱི་འཛིན་ཡིག་བྱིན་པར་མ་ཟད།  རྗེས་ཕྱོགས་མུ་མཐུད་དུ་རྩོམ་རིག་གི་ཕྱོགས་ནས་ནུས་པ་གང་ལེགས་འདོན་དགོས་པའི་རེ་བ་བཏོན་ཅིང་། རྩོམ་པ་པོ་དང་ཆེད་མཁས་པ་དག་གིས་གོ་སྐབས་བཟང་བོ་འདི་དམ་འཛིན་བྱས་ཏེ། རྩོམ་པ་པོ་དག་གིས་རང་ཉིད་ཀྱི་དཔེ་ཀློག་མྱོང་ཚོར་གླེང་བ་དང་། སྤྱི་ཚོགས་ཡོངས་ཀྱིས་དཔེ་ཆ་ཀློག་པ་དང་། དཔེ་ཆ་བཟང་བོ་བཀླགས་ནས། དམངས་ཡོངས་ཀྱི་སྤུས་ཚད་མཐོ་རུ་བཏེགས་སྟེ། དཔེ་ཆར་བལྟ་བའི་གོམས་སྲོལ་ཞིག་ཆགས་སུ་འཇུག་དགོས་པའི་རེ་བ་བཏོན་ལ། སྒྱུ་རྩལ་བ་རེ་རེ་ནས་ཆ་མི་འདྲ་བའི་རང་རང་གི་རིག་རྩལ་བྱ་བའི་སྐོར་དང་འབྲེལ་ནས་བགྲོ་གླེང་གནད་དུ་ཐིངས་པ་བྱས་པས་ཚོགས་ར་ཡོངས་ལ་སྤྲོ་སྣང་གིས་ཁྱབ་པ་དང་། འབྲེལ་ཡོད་འགོ་ཁྲིད་ནས་འདི་འདྲའི་བྱ་འགུལ་མུ་མཐུད་དུ་སྤེལ་ནས། མཚོ་ནུབ་ཀྱི་རིག་གནས་སྒྱུ་རྩལ་ལ་སྔ་ན་མེད་པའི་བྱས་རྗེས་འཇོག་དགོས་པའི་རེ་བ་བཏོན།


 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།