སློབ་དཔོན་ཆེན་མོ་ཧྥ་ཙུན་གྱིས་བོད་ཡིག་ཏུ་བསྒྱུར་བའི《བྱེ་བྲག་བཤད་མཛོད་ཆེན་མོ》པར་དུ་བསྐྲུན་པ།

ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-12-17

  <<ཆོས་མངོན་པ་ཡེ་ཤེས་ལ་འཇུག་པ>>དང<<ཆོས་མངོན་པའི་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་མོ>> (པོད1-10)ལོ་ཙཱ་བ་བློ་བཟང་ཆོས་འཕགས་ཀྱིས་བོད་སྐད་དུ་བསྒྱུར། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2012ལོ།

1.པར་སྐྲུན་གསལ་བཤད།
《ཆོས་མངོན་པ་ཡེ་ཤེས་ལ་འཇུག་པ་》དང་《ཆོས་མངོན་པའི་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་མོ》ཞེས་བྱ་བའི་བསྟན་བཅོས་ཆེན་པོ་འདི་གཉིས་ནི་རང་རེའི་གཞུང་དང་ཆོས་འབྱུང་རྣམས་སུ་མཚན་བྱང་མང་དུ་འབྱུང་ནའང་བོད་སྐད་དུ་ཆ་ཚང་འགྱུར་བ་སྔར་མ་མཐོང་པས། སྤྱི་ལོ༡༩༤༥ལོ་ནས་༡༠༤༩ལོའི་བར་ལོ་ཆེན་བློ་བཟང་ཆོས་འཕགས་ཀྱིས་རྒྱ་ནག་སྐད་དུ་བཞུགས་པའི་བཀའ་བསྟན་གྱི་ཁུངས་ལ་བརྟེན་ནས་གཞུང་འདི་གཉིས་ཆ་ཚང་བར་བོད་སྐད་དུ་བསྒྱུར་བའོ།། འདིའི་མ་དཔེ་ནི་མཁས་དབང་གཟན་དཀར་ཐུབ་བསྟན་ཉི་མ་མཆོག་གིས་ལོ་ངོ་བཅུ་ཕྲག་དུ་མར་རྩད་གཅོད་ཞུས་ཏེ་འཚོལ་བསྡུ་བྱུང་བ་ཡིན་ལ། དེ་ལས་《ཡེ་ཤེས་ལ་འཇུག་པ་》ལ་དེབ་གཅིག་དང་《བྱེ་བྲག་བཤད་མཛོད་ཆེན་མོར》དེབ་དགུ་སྟེ་བསྡོམས་པའི་དེབ་བཅུ་བྱས་ནས་བསྒྲིགས་ཡོད། 《ཡེ་ཤེས་ལ་འཇུག་པའི》ནང་ནས་བམ་པོ་༣དང་༤ 《བྱེ་བྲག་བཤད་མཛོད་ཆེན་མོའི་》ནང་ནས་བམ་པོ༥དང་། ༩ནས་༡༨བར།༢༠ནས་༥༠བར། ༥༩ནས་༦༡བར། བམ་པོ༦༩པ།༧༠པ།༡༢༣པ།༡༢༤པ།༡༣༢པ་བཅས་ཀྱི་མ་དཔེ་འཐོར་བརླག་སོང་པས་ཡོད་པ་དཀར་ཆག་དང་གཞུང་ཡིག་ཏུ་དམིགས་བསལ་མཆན་བུ་བཀོད་དེ་གསལ་བཤད་ཞུས་ཡོད། དེ་མིན་ད་དུང་ཕྲ་རྒྱས་སྐབས་སུ་བམ་པོ་དབུ་མཇུག་མི་ཚང་བ་ཞིག་འདུག་པ་བམ་པོ་གང་ཡིན་མི་གསལ་ཡང་ཕྲ་རྒྱས་བཤད་པའི་མཇུག་ཏུ་བཀོད་ནས་གསལ་བཤད་བྱས་ཡོད། གཞན་ཡང་། མ་དཔེར་ཡི་གེ་མི་གསལ་བ་ཁ་ཤས་འདུག་པ་ལ་མཆན་བཏབ་པ་ལས་ཁ་གསབ་དང་བཟོ་བཅོས་བྱས་མེད་པ་བྱས་ཐུགས་ངེས་འཚལ་རྒྱུ་དང་། མ་དཔེ་མི་ཚང་བ་རྣམས་མ་འོངས་རྩད་ཆོད་ལག་སོན་བྱུང་ཚེ་ཡི་གེ་གསར་བསགྲིགས་ཀྱིས་པར་དུ་བསྐྲུན་རྒྱུ་ཡིན་པས། མ་དཔེ་བམ་པོ་འཐོར་བ་རྣམས་རྒྱལ་ཁབ་ཕྱི་ནང་གི་མཁྱེན་ལྡན་སུའི་ཕྱག་ཏུ་བཞུགས་ན་གང་མགྱོགས་ཐུགས་རྒྱ་ཆེན་པོས་མཁོ་འདོན་གྱི་རོགས་དན་གནང་རྒྱུ་རེ་བ་ཤིན་ཏུ་ཆེ།
ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས།
 
  ལོ་ཙཱ་བ་ཁོང་གི་སྐུ་པར།

2.རྒྱའི་ལོ་ཙྭ་བ་བློ་བཟང་ཆོས་འཕགས། (1902-1980)
   རྒྱ་བོད་སྐད་གཉིས་ལ་བྱང་ཆུབ་པའི་སྒྲ་བསྒྱུར་གྱི་ལོ་ཙཱ་བ་ཆེན་པོ་བློ་བཟང་ཆོས་འཕགས་སམ་སློབ་དཔོན་ཆེན་མོ་ཧྥ་ཙུན་བྱ་བ་ཁོང་ནི་སྤྱི་ལོ༡༩༠༢ལོར་ཧྲིན་ཀྲོའུ་སྟེ་དེང་གི་ཧོ་པེ་ཞིང་ཆེན་ཧྲིན་ཞན་ཞེས་པའི་ཁོངས་གཏོགས་ཀྱི་ཆར་འཁྲུངས་ཤིང་། ༡༩༢༠ལོར་རྒྱ་ནག་རི་བོ་རྩེ་ལྔར་རབ་ཏུ་བྱུང་། ༡༩༢༤ལོར་བུའུ་ཁྲང་ནང་བསྟན་སློབ་གླིང་ནས་མཐར་ཕྱིན་ནས་བོད་ཡིག་འཛིན་གྲྭར་ཞུགས། ༡༩༢༥ལོར་ཁྲོང་ཆཱེན་སོགས་བརྒྱུད་ནས་ཁམས་དར་རྩེ་མདོར་བྱོན།  ༡༩༢༧ལོའི་དཔྱིད་ཀར་དཀར་མཛེས་དྲེལ་དཀར་དགོན་དུ་ཕེབས་ནས་ལོ་དུ་མར་སློབ་གཉེར་གནང་། ༡༩༣༠ལོར་དབུས་སུ་ཕེབས་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་སློབ་གཉེར་གནང་། ཕྱིས་སུ་རྒྱ་བོད་སྐད་གཉིས་ཀྱི་གཞུང་ལ་ཤིན་ཏུ་མཁས་པར་གྱུར་བས་ནང་བསྟན་གྱི་གཞུང་མང་པོ་བོད་སྐད་དང་རྒྱ་ནག་སྐད་དུ་ཕར་ཚུར་བསྒྱུར་བས་“དེང་དུས་ཀྱི་ཞན་ཙང”ཞེས་སྐད་གྲགས་ཆེན་པོ་བྱུང་། ཁོང་གིས་དགེ་བའི་བཤེས་གཉེན་ཆེན་པོ་སྟོང་དཔོན་པ་ངག་དབང་བརྩོན་འགྲུས་སོགས་ཀྱིས་ཡང་ཡང་བསྐུལ་བ་ལྟར་《ཆོས་མངོན་པ་ཡེ་ཤེས་ལ་འཇུག་པ་》དང་《ཆོས་མངོན་པའི་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་མོ》ཞེས་བྱ་བའི་བསྟན་བཅོས་ཆེན་པོ་འདི་གཉིས་གཙོས་པའི་ཆོས་གཞུང་དང་དམངས་གཙོ་རིང་ལུགས་གསར་བ་དང་སྤྱི་ཚོགས་འཕེལ་འགྱུར་གྱི་ལོ་རྒྱུས་སྐོར་དེབ་ཉིས་བརྒྱ་ལ་ཉེ་བ་རྒྱ་ནག་སྐད་ལས་བོད་སྐད་དུ་བསྒྱུར་བ་དང་། ཡང་《བྱང་ཆུབ་ལམ་རིམ་ཆེན་མོ》དང་《སྔགས་རིམ་ཆེན་མོ》《མངོན་རྟོགས་རྒྱན》 《ཚད་མ་རྣམ་འགྲེལ》《མཛོད་འགྲེལ་མངོན་པའི་རྒྱན》སོགས་གཞུང་དང་འགྲེལ་བ། ད་རུང་རྗེ་ཙོང་ཁ་བ་དང་ཇོ་བོ་རྗེའི་རྣམ་ཐར་སོགས་མང་པོ་བོད་སྐད་ནས་རྒྱ་ནག་སྐད་དུ་བསྒྱུར་ཡོད། 
ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས།

 ལམ་རིམ་ཤན་སྦྱར་མ།

3.《བྱང་ཆུབ་ལམ་རིམ་ཆེ་བ་བཞུགས་སོ》《菩提道次第广论》(བོད་རྒྱ་ཤན་སྦྱར་མ) (པོད1-3)རྗེ་ཙོང་ཁ་བས་མཛད།ལོ་ཙཱ་བ་བློ་བཟང་ཆོས་འཕགས་ཀྱིས་རྒྱ་སྐད་དུ་བསྒྱུར། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2012ལོ།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སློབ་དཔོན་ཆེན་མོ་ཧྥ་ཙུན་གྱིས་བོད་ཡིག་ཏུ་བསྒྱུར་བའི《བྱེ་བྲག་བཤད་མཛོད་ཆེན་མོ》པར་དུ་བསྐྲུན་པ།

2013-12-17 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།