རེ་རྐང་གླིང་ལ་རྩོམ་རིག་སྐར་ཆེན་ཞེས་པའི་བྱ་དགའ་ཐོབ་པ།

དྲ་བའི་གསར་འགོད་པ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-11-21
 
  ཉེ་ལམ།   མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་སྐབས་བདུན་པའི་འཐུས་མིའི་ཚོགས་ཆེན་གྲོང་ཁྱེར་ཟི་ལིང་ནས་བསྡུས་ཤིང་།   ཚོགས་ཐོག་ཏུ་སྐབས་དྲུག་པའི་མཚོ་སྔོན་ན་གཞོན་རྩོམ་རིག་བྱ་དགའ་གསལ་བསྒྲགས་བྱས་པར།  བོད་ཀྱི་ན་གཞོན་རྩོམ་པ་པོ་རེ་རྐང་གླིང་ལགས་ལ་རྩོམ་རིག་སྐར་ཆེན་ཞེས་པའི་རྟགས་མ་གནང་ཡོད་པ་རེད།  བྱ་དགའ་འདི་མཚོ་སྔོན་ཞིང་ཆེན་གྱི་ན་གཞོན་རྩོམ་པ་པོའི་ཆེས་མཐོའི་བྱ་དགའ་ཡིན་པ་དང་།   གྲངས་ཉུང་མི་རིགས་ལ་ཐོབ་པ་ཆེས་ཐོག་མ་ཡིན་པ་རེད། །
 
   རེ་རྐང་གླིང་གི་སྒྲུང་ཐུང་དེབ༼བར་སྣང་གི་མགོ་འཁོར་ཕོ་བྲང་ལ༽གནང་བའི་གདེང་འཇོག་གི་ཚིག
   རེ་རྐང་གླིང་ལགས་ནི་མདོ་སྨད་རེབ་གོང་ས་ཁུལ་དུ་སྐྱེས་པའི་རབས་གསར་བའི་རྩོམ་པ་པོ་ཞིག་ཡིན་པ་དང་།   ཁོང་གིས་ངོ་མཚར་གྱིས་ཕྱུག་པའི་བོད་ཀྱི་རིག་གནས་ལས་རྩོམ་རིག་ལ་དགོས་ངེས་ཀྱི་ས་བོན་བླངས་ཏེ་རང་ཉིད་ལ་དབང་བའི་རྩོམ་རིག་གི་འཇིག་རྟེན་ཞིག་གསར་དུ་བཞེངས་ཐུབ་ཡོད་པ་རེད།   ཁོང་ནི་བོད་ཀྱི་སྙན་ངག་གི་ཚོགས་པ་གསར་པ་མི་རབས་གསུམ་པའི་ཚབ་མཚོན་སྙན་ངག་པ་ཡིན་པ་དང་།   ཁོང་གི་སྙན་ངག་བརྩམས་ཆོས་ཀྱིས་སྲོལ་རྒྱུན་དང་རབས་སྔ་མ་དག་གི་རྩོམ་ཐབས་ལས་བརྒལ་བའི་ཁྱད་གཤིས་མངོན་ཡོད་ཙ་ན།   སྒེར་ངོས་ཀྱི་མཛེས་པ་དཔེ་མེད་ཅིག་མཚོན་ཐུབ་ཡོད་པ་རེད།  ཁོང་སྙན་ངག་པ་ཞིག་ནས་སྒྲུང་གཏམ་འབྲི་མཁན་ཞིག་ཏུ་གྱུར་བ་དེས།  སྔར་བས་སྲོལ་རྒྱུན་དང་དེང་རབས་གཉིས་ཀྱི་འགལ་འདུའི་བར་མཚམས་སུ་གནས་པའི་རང་ཉིད་ཀྱི་ལྟ་བ་མཚོན་ཐུབ་ཡོད་པ་རེད།   ཁོང་གི་སྒྲུང་གཏམ་གྱིས་སྙན་ངག་ལུགས་ཀྱི་མཛེས་པ་ལ་དང་དོད་ཆེན་པོ་བྱས་ཡོད་པས་སྒྲུང་གཏམ་གྱི་སྐད་ཆ་ལ་གསོན་ཉམས་ལྡན་ཞིང་།   སྒྱུ་འཕྲུལ་དང་ཚུལ་འཆལ།   སྟོང་བསམ་བཅས་ཀྱི་ཐབས་རྩལ་གྱི་ངོ་བོས་བོད་ཀྱི་འཚོ་བ་དང་སྲོལ་རྒྱུན་རིག་གནས་མཚོན་བརྗོད་བྱས་ཡོད་པ་རེད།   ཁོང་གི་སྒྲུང་དེབ་༼བར་སྣང་གི་མགོ་འཁོར་ཕོ་བྲང༽གིས་བརྡ་འཕྲིན་དུས་རབས་ནང་གི་བོད་ཀྱི་རིག་གནས་ལས་དབང་ལ་མནོ་བསམ་འཁེལ་བ་མཚོན་བརྗོད་ཐུབ་ཡོད་པ་དང་།   ཁོང་གི་རྩོམ་རིག་གི་ཐུན་མོང་མ་ཡིན་པའི་བསམ་རྟོག་དང་འབྲི་ཐབས་གསར་བའི་མིང་ཐོག་ནས་མཚོ་སྔོན་གྱི་རྩོམ་རིག་སྐར་ཆེན་ཞེས་པའི་མཚན་སྙན་རེ་རྐང་གླིང་ལགས་ལ་གནང་བ་ཡིན་ནོ། །
 
   རེ་རྐང་གླིང་གི་བྱ་དགའ་ཐོབ་པའི་མྱོང་བཤད།
   བརྩེ་བའི་མགོ་ཁྲིད་དང་ཚོགས་ཞུགས་སྤུན་ཟླ་རྣམ་པ།  ཕྱི་དྲོ་བདེ་ལེགས།
   དགུན་གྱི་གྲང་ལྷགས་ཀྱིས་དྭངས་བསིལ་ཆུ་བོ་འཁྱག་རོམ་གྱི་སྦུབས་སུ་བཅུག་སྟེ་མི་རྣམས་ལ་དཔྱིད་དཔལ་གྱི་དགའ་བདེར་ཕྱིར་དྲན་བྱེད་དུ་འཇུག་པའི་དུས་ད་ལྟ།  མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ཀྱི་ལྟེ་བར་འབོད་པའི་ཙོང་ཁ་གྲོང་ཁྱེར་དུ་དཔྱིད་ཀ་གཞན་ཞིག་གི་རང་མདངས་འཕྲོས་ཤིང་།   དེ་ཉིད་ལྷག་ཏུ་ཁོ་བོ་རང་ངོས་ནས་བཤད་ན།   མགོ་རྩོམ་ས་གསར་བ་ཞིག་དང་འདས་པའི་ཆ་ཀུན་ལ་ཕྱིར་དྲན་དང་སྤྱི་སྡོམ་བྱ་དགོས་པ་ཞིག་ཏུ་འཕྲོས་ཡོད་པ་ནི།   གཅིག་ནས་གཞི་རིམ་ནས་འཚར་ལོངས་བྱུང་ཞིང་།   ངན་ངོན་གྱི་འཚོ་བའི་དཀའ་སྡུག་གི་ཁྲོད་དུ་རྩོམ་རིག་ཅེས་པའི་བླ་མེད་ཀྱི་ནོར་བུ་ཞིག་ངེས་ཟིན་པའི་གཞོན་ནུ་ཞིག་གིས་ལྕི་འདམ་གྱི་ཁྲོད་དུ་ཡུལ་མི་དག་གིས་མིང་ཁོ་ན་ཙམ་ཡང་འཛིན་ཐབས་མེད་པའི་ ཀྲན་མི་སི་ཆའོ་དབྱི་སི་དང་མ་སེ་ཨར་ཕུའུ་ལུའུ་སི་ཐྲི།  རྒུད་པའི་མི་རབས་གཅིག་དང་དེང་རབས་རིང་ལུགས་ཕྱི་མའི་བརྩམས་ཆོས་དག་ལ་སྐོམ་པ་ཆུ་འདོད་དུ་རེ་བའི་ལོ་ཟླ་དེ་དག་སྨྱོན་པའི་ལས་ཀ་ཞིག་ཏུ་མ་གྱུར་བའི་དངོས་ཡོད་ཀྱི་ར་སྤྲོད་དེ་དང་།   གཞན་དུ་དེང་རབས་རྩོམ་རིག་གི་གསར་རྩོམ་གྱི་ལས་ཀར་མཐའ་གཅིག་ཏུ་གཞོལ་བའི་གཞོན་ནུ་བརྩོན་སེམས་ཅན་ཞིག་གི་ཕུག་བསམ་གྱི་རེ་འབྲས་ལ་ཆེས་མཐོའི་གདེངས་འཇོག་འཐོབ་པ་དེ་རེད།
   རང་ཉིད་མི་རིགས་སྐད་ཡིག་གི་ལམ་ནས་གསར་རྩོམ་བྱེད་མཁན་གྱི་རྩོམ་པ་པོ་ཞིག་ཡིན་པའི་ཆ་ནས་བཤད་ན།   ང་ཚོ་བོད་མི་རིགས་ཀྱི་དེང་རབས་རྩོམ་རིག་གི་ལོ་རྒྱུས་ཧ་ཅང་ཐུང་ལ།   རྩོམ་རིག་ལ་འཛིན་པའི་རྣམ་འགྱུར་དེ་ཡང་དེ་ལྟ་བུའི་འཐུས་ཚང་ཅན་ཞིག་མིན་པས་ན།  རྩོམ་རིག་ལ་རྫོགས་ལྡན་གྱི་དཔལ་རྒྱས་པའི་མི་རིགས་གཞན་དག་དང་བསྡུར་ན་ལྟོས་བཅོས་ཀྱི་ཚུལ་དུ་ཅུང་རྗེས་ལུས་སུ་སྣང་བའི་ཤས་ཆེ་མོད།   ཡིན་ནའང་ང་ཚོའི་བོད་མི་རིགས་འདི་གནའ་ནས་ད་བར་དུ་རིག་གནས་ཤེས་བྱ་ཚེ་སྲོག་ལས་ཀྱང་གལ་ཆེན་དུ་ལྟ་བའི་མི་རིགས་ཤིག་ཡིན་པ་དང་།   རྩོམ་རིག་ལོ་ཙཱ་དང་ཟློས་གར།  སྙན་ངག་སོགས་གང་ཡིན་ཡང་འཛམ་གླིང་སྤྱིའི་རིག་གནས་ཀྱི་འཕེལ་ཚུལ་བཞིན་གང་ལ་གང་འཚམས་ཀྱིས་དར་རྒྱས་བྱུང་བའི་མི་རིགས་ཤིག་ཡིན་ལ།   མེས་པོ་དག་གི་བརྩམས་ཆོས་རི་བོའི་གཏོས་དང་མཉམ་པ་དེ་དག་གི་ཕྲ་ཕུང་རེ་རེ་རླབས་ཆེ་བའི་ཡུམ་ཆེན་མ་དག་གི་མངལ་གྱི་ལྟོ་བར་བཙུད་ནས་ཡོད་པས།   ང་ཚོའི་ད་ལྟ་གཉེར་གྱིན་པའི་དེང་རབས་རྩོམ་རིག་གི་སྐྱེས་ཁུང་དེ་ཡང་ཚུར་ལེན་ཁོ་ན་ཞིག་དང་མ་མེད་ཀྱི་ད་ཕྲུག་ཅིག་ཁྱོན་ནས་མིན་པར།   རྩ་བ་ཀླུ་ཡུལ་དུ་ཟུག་ཅིང་རྩེ་མོ་ལྷ་ཡུལ་དུ་བསྐྱངས་པའི་དཔག་བསམ་ལྗོན་བཟང་ཞིག་ཡིན་པར་རང་ངོས་ནས་ཡི་ཆེས་ཀྱི་དད་པ་བརྟན་པོ་ཞིག་བཟུང་ཡོད་ལ།   ལྷག་ཏུ་ལོ་རྒྱུས་ཀྱིས་ང་ཚོ་ལ་བསྐྱུར་བའི་ཤོག་བུ་གསར་བ་གསར་རྐྱང་ཞིག་ཡིན་པ་འདི་གོ་སྐབས་གསར་བ་ཞིག་དང་ལམ་སློང་གི་རྟེན་འབྲེལ་བཟང་བོ་ཞིག་ཏུ་སྒོམ་ནས་ཡོད་པས།  དེ་རིང་གི་བྱ་དགའ་འདི་ལྟ་བུ་ཐོབ་པ་ལ་ཁོ་བོ་རང་ངོས་ནས་ནང་དོན་ཕུན་སུམ་ཚོགས་པ་དང་རང་གི་ཕྲག་སྟེང་དུ་བབས་པའི་འགན་མོས་གཞན་དང་མི་མཚུངས་པ་ཅན་ཞིག་ཏུ་བསམ་གྱིན་ཡོད།
   སྤྱིར་ན་མཚོ་སྔོན་པོའི་རླབས་ཀྱི་རང་སྒྲ་ལས་སྐྱེད་པའི་ང་ཚོ་སྟེ།   མཚོ་སྔོན་གྱི་གཞོན་ནུ་དག་ལ་མཚོན་ན་གཙང་བོ་དང་གངས་རི།  རྩྭ་ཐང་དང་མཚེའུ་སོགས་གཞན་གྱིས་ཚེ་གང་ལ་བཙལ་ཀྱང་རྙེད་དཀའ་བའི་རང་བྱུང་གི་བཀོད་པ་དང་།   མི་ཆོས་རིག་གནས་ཀྱི་རྫོང་མཐུག་པོ་ཞིག་ཆགས་ནས་ཡོད་པ་འདི་དག་གིས་དུས་དང་རྣམ་པ་ཀུན་ཏུ་རྩོམ་རིག་སྒྱུ་རྩལ་གྱི་ལོངས་སྤྱོད་དེ་དངོས་ཡོད་འཚོ་བའི་ཁྲོད་དུ་ཉམས་སུ་མྱངས་ཆོག་པ་ཞིག་ཡིན་པ་འདིས།   ང་ཚོ་ལ་གཞན་དྲིང་མི་འཇོག་པའི་གསར་རྩོམ་གྱི་སྤོབས་པ་ཞིག་དང་།  ངོ་མཚར་གྱི་སྣང་བ་ཞིག་བསྩལ་ནས་ཡོད་པས།   ང་ཚོའི་མདུན་ལམ་དེ་འོད་སྟོང་ལྡན་པ་ཞིག་དང་།   ང་ཚོའི་གདམས་ཀ་དེ་ཧ་ཅང་ཡང་དག་ཅིག་ཡིན་པ་རང་སེམས་ལ་ཁྲིག་ཁྲིག་ཡིན་ནའང་།     
   དེ་རིང་རང་གི་གསར་རྩོམ་གྱི་གྲུབ་འབྲས་ལ་གདེང་འཇོག་གི་བྱ་དགའ་འདི་བསྩལ་བ་ཡིས་སྔར་ལས་ལྷག་པར་བརྩོན་སེམས་ལ་སྐུལ་ལྕག་དང་འགན་མོས་ཇེ་ལྕི་རུ་བཏང་ཡོད་པས་ན།  གོ་སྐབས་འདི་དང་དམ་དུ་སྦྲེལ་ནས་ངས་ཆེད་དུ་རང་ཉིད་ཀྱི་གསར་རྩོམ་ལ་གདེངས་འཇོག་བྱེད་མཁན་གྱི་དཔྱད་འདེམས་པ་དག་དང་། དུས་ཀུན་རྩོམ་རིག་གི་ལས་ཀར་རྒྱབ་སྐྱོར་བླ་མེད་བྱེད་ཀྱིན་པའི་གོང་མགོ་ཁྲིད་དང་རྩོམ་སྒྲིག་པ།  ཀློག་པ་པོ་སོགས་ལ་བཀའ་དྲིན་ཞུ་བ་དང་ཆབས་ཅིག་ཁྱེད་ཅག་གི་རེ་བ་སྟོང་ཟད་དུ་མི་གཏོང་བར་སྔར་ལས་ལྷག་པར་རྩོམ་རིག་སྒྱུ་རྩལ་གྱི་བྱ་གཞག་ལ་འབད་པ་ལྷོད་མེད་བྱ་རྒྱུའི་ཆོད་སེམས་དང་བཅས།  རྩོམ་རིག་སྒྱུ་རྩལ་སྐལ་བརྒྱར་བརྟན་པའི་སྨོན་འདུན་ཞུ་རྒྱུ་དང་།   འདིར་བཞུགས་ཀྱི་སྐུ་མགྲོན་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་ཡང་ཞུ་རྒྱུ་ཡིན་ནོ། །
   ཚང་མར་བཀའ་དྲི་ཆེ་ཞུ།   བཀྲ་ཤིས་བདེ་ལེགས། །

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རེ་རྐང་གླིང་ལ་རྩོམ་རིག་སྐར་ཆེན་ཞེས་པའི་བྱ་དགའ་ཐོབ་པ།

2013-11-21 དྲ་བའི་གསར་འགོད་པ། ཀློག་གྲངས། མཆན ཡོད།
 
དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།