བོད་ཀྱི་རོལ་ཚོགས་གསར་བ་བོད་ཀྱི་ནད་པ་ཞེས་པའི་གླུ་གཞས་ཆེད་སྒྲིག་དྲ་ལམ་དུ་བཏང་ཡོད་པ།

19300001352706131666417455177副本 3.jpg

  ཉེ་ལམ་བོད་ཀྱི་དམངས་གཞས་གསར་བའི་རོལ་ཚོགས་བོད་ཀྱི་ནད་པ་ཞེས་པའི་EPཆེད་སྒྲིག་ཐོག་མ་ཞ་རྨིད་ཀྱི་སྒང་ལ་བཏོན་ཡོད་པ་རེད།ཆེད་སྒྲིག་འདི་ནི་རོལ་ཚོགས་བོད་ཀྱི་ནད་པ་བཙུགས་པའི་རྗེས་ཀྱི་ལོ་ངོ་གཉིས་ལྷག་གི་རིང་ལ་གསར་དུ་བརྩམས་པའི་གཞས་ཡག་ཤོས་འགའ་ཞིག་མཉམ་དུ་བསྒྲིགས་པའི་ཆེད་སྒྲིག་ཐུང་ངུ་ཞིག་ཡིན་ལ། འདིའི་ནང་ལ་རོལ་ཚོགས་ཀྱི་ཁོངས་མི་དང་ཚིག་རྩོམ་པ་པོ་ངར་མས་བཏང་པའི་བོད་སྐད་ཀྱི་གཞས་དྲུག་དང་། རོལ་ཚོགས་ཀྱི་ཁོངས་མི་དང་གྷི་ཏཱར་གཏོང་མཁན་པད་མ་རྡོ་རྗེས་བཏང་པའི་རྒྱ་སྐད་ཀྱི་གཞས་གཉིས་བསྡུས་ཡོད།
IMG_1695.JPG
ངར་མ།

IMG_1697.JPG
པད་མ་རྡོ་རྗེ།

  ཆེད་སྒྲིག་འདི་ལ་མཚོན་ན་འགྲོ་སོང་ཆུང་ཞིང་འུར་ཟིང་གི་སྔོན་འགྲོ་མང་པོ་ཞིག་སྤེལ་མེད་མོད། 《འབྲོག་པའིblus》རུ་
“ང་རང་ཁྱོད་ཀྱི་ཐོག་ལ་བུད་པ་ན
ས་ཆེན་འདི་འང་འདར་བའི་ཚུལ་གྱིས་ནི
ང་རང་སྟེང་ནས་འཕེན་པའི་སྟ་གོན་བྱེད
རོགས་ཟིག་བཙལ་རུང་བར་ཆད་དག་དག་རེད ”ལྟ་བུའི་དེང་རབས་ན་གཞོན་གྱི་ཆོབ་ཚ་བོའི་རྣམ་པ་དང་། 《སེ་ལན》དུ
“སེ་ལནའཚོ་བ་ནི་གྱོན་གོས་འཁྱག་པ་ཞིག་སྟེ
མ་གོན་ན་འཁྱག་ལ་གོན་ན་ལྷག་ཏུ་འཁྱག”ལྟ་བུའི་ཐབས་ཟད་པའི་གནས་བབས། 《བྱ་དེ་རྣམས》སུ
“ནམ་མཁའ་ཡངས་ནའང་འཕུར་ལམ་དོག
སྤྲིན་པ་སྙི་ནའང་ཆར་བ་རྩུབ
འཇིག་རྟེན་ཁོ་རང་ཉིད་ཆེ་ནའང
ཁྱོད་ཚོར་ཕ་ཡུལ་ཞེས་རྙེད་རྒྱུ་མེད”ལྟ་བུའི་ཡུལ་གྱར་གྱི་གདུང་བ་སོགས་གང་ལ་མཚོན་ནའང་གཞས་པ་ཁོ་རང་གི་སེམས་ཀྱི་འཆར་ཚུལ་དང་། སེ་ལན་མེད་པའི་གྲོང་བརྡལ་ཆུང་ངུ་ཞིག་ཏུ་ཁ་ཁུ་སིམ་ཞིང་། མི་ཁ་དང་གཏམ་ཡན་ལ་འཛེམ་ཞོར་རང་གི་དགའ་ཁ་འཁྱེར་ཕྱོགས་ཤིག་དང་ཕུགས་བསམ་ཞིག་དཀར་ཡོལ་བཞིན་བསྐྱོར་བའི་ན་གཞོན་འགའ་ཞིག་གི་མགོ་དཀྲིས་ཀྱིས་བཏུམས་ནས་གང་ཡིན་ལ་མི་སྟོན་པའི་ངོ་གདོང་དེ་ཡིན།
  ན་གཞོན་འདི་དག་གིས་རང་གི་ཚོར་བ་ཞིག་གྷི་ཏཱར་གྱི་གདངས་ལ་བཀུགས་ནས་དམངས་གཞས་གསར་བའི་རྣམ་པ་རུ་གྱེར་བ་འདིས། བོད་པ་ཚོར་མི་སྒེར་གྱི་དགའ་སྡུག་བརྗོད་པའི་ལམ་བུ་གསར་བ་ཞིག་ཕྱེ་ཡོད་ཅིང་། ཨེ་མ་མཚོ་སྔོན་པོ་ཞེས་མེས་རྒྱལ་དང་མི་རིགས་ཀྱི་གཟི་བརྗིད་དེ་ལ་བསྟོད་གླུ་གྱེར་ནས་མི་ལོ་སུམ་ཅུར་ཉེ་བ་ཕྱིན་རྗེས་དཀའ་སྡུག་གི་སེར་ཁ་གདོང་ན་གས་པའི་མི་རིགས་འདིས་གཞི་ནས་མཚོ་སྔོན་པོ་ལ་ཡིད་བཞིན་མ་འགྲུབ་པའི་སྡུག་ཡུས་མང་པོ་ཞིག་བརྗོད་དུ་ཡོད་ཀྱང་
“བོར་སྟོར་མ་ཟད་ཕམ་ཉེས་སོགས་ཀྱང
ཁྱོད་དང་འབྲེལ་བ་མེད
འུར་གྱིས་སྨྱོས་པའི་མི་ཚོགས་འདི་འང
ཁྱོད་དང་འབྲེལ་བ་མེད”ཅེས་ཁོག་པ་ཡངས་མོས་མདུན་ལ་བལྟས་ཡོད། དེའི་ཕྱིར་འདི་དག་ནི་བོད་ཀྱི་ན་གཞོན་མང་པོས་དུག་མཚོན་གྱིས་རྨས་པའི་ཡན་ལག་དག་དྲུད་ནས་མདུན་ལ་ཆས་ཚུལ་ཞིག་ཡིན་པས་འུ་ཅག་གིས་ཁོ་ཚོ་ལ་སྨོན་འདུན་དང་སེམས་ཤུགས་སྩོལ་འོས་སོ།།
  ད་ཐེངས་ཀྱིEPཆེད་སྒྲིག་འདི་ལ་ད་དུང་སྒྲ་དང་དོན་གང་གི་ཆ་ནས་ཀྱང་ཐབས་ཆག་པའི་བཟོ་ཞིག་དོད་ཡོད་མོད། འདི་ནི་ཁོ་ཚོས་ལྟ་གོན་ཙམ་མམ། མིག་ཕྱེ་མ་ཐག་གི་གླལ་མོ་ཙམ་ཡིན་པས་ལྟད་མོ་ཡག་པོ་རྗེས་ན་ཡོད་དོ་ཟེར་བས་ལྷན་རྒྱས་ཀྱིས་རྣ་བ་དེ་ཕྱོགས་ལ་ཤེད་ཀྱིས་འཐེན་རོགས།
  
  གསལ་བཤད། ཆེད་སྒྲིག་འདི་ལ་བརྙན་དང་སྒྲ་སྡེར་སོགས་གང་ཡང་བཀྲམས་མེད་པར་གཞས་དབྱངས་དྲ་རྒྱ་གྲགས་ཅན་ཞ་རྨིད་ཅེས་པ་རུ་རིན་མེད་པར་བཞག་ཡོད། (སྦྲེལ་ཐག་རྩོམ་གྱི་མཇུག་ལ་ཡོད། )ཞ་རྨིད་གཞུང་གི་བཀོད་སྒྲིག་ལྟར་གློག་ཀླད་ནས་ཕབ་ན་གཞས་རེ་ལ་རྒྱ་སྒོར་ཟུར་བརྒྱད་གྱི་རིན་མཚོན་བྱེད་ཙམ་རེ་སྤྲོད་དགོས་ཡོད། འོན་ཀྱང་ཁ་པར་བརྒྱུད་ནས་ཕབ་ན་རིན་དེའང་བསྲི་ཐུབ་པ་ཡིད་འཇགས་འཚལ།

ཆེད་སྒྲིག་གི་དྲ་ཐག
 i.xiami.com/xzbr

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་ཀྱི་རོལ་ཚོགས་གསར་བ་བོད་ཀྱི་ནད་པ་ཞེས་པའི་གླུ་གཞས་ཆེད་སྒྲིག་དྲ་ལམ་དུ་བཏང་ཡོད་པ།

2015-01-01 གཡག་བུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།