རྩོམ་བསྡུའི་བརྡ་ཐོ།

མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-01-14

无标题.png

༄༅།།གངས་ཅན་སྨྱུག་ཐོགས་པ་ཡོངས་ཀྱི་སྤྱན་ལམ་དུ།
  ཉིས་སྟོང་བཅུ་བཞི་ལོ་སྤྲོ་དགའ་དང་བདེ་སྐྱིད་ཀྱི་ཁྲོད་ནས་བསྐྱལ་ཞིང་། སྟོང་ལོ་བཅོ་ལྔ་ལོ་འཛུམ་མདངས་དང་རེ་སྨོན་གྱི་དབུས་ནས་བསུ་དུས། བགྲང་བྱ་བཅུའི་རིང་གི་ལོ་རྒྱུས་དང་དཀའ་སྡུག རྔུལ་ཆུ་དང་མཛད་རྗེས་ཀྱི་ཕྱི་མིག་ཀློང་ནས་ངེད་མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་མཚོ་སྔོན་བོད་སྐད་རྒྱང་སྒྲོག་དང་། བོད་སྐད་བརྙན་འཕྲིན་གཉིས་ཀྱི་ཐུན་མིན་གྱི་ལེ་ཚན་མང་པོ་དྲ་སྟེང་ལ་འཇོག་ཅི་ཐུབ་བྱས་ནས། གང་ལེགས་སྒོས་རྒྱང་སྒྲོག་བརྙན་འཕྲིན་དང་དྲ་ལམ་མཉམ་འབྲེལ་བྱས་ཏེ་ནང་དོན་གྱི་ཆ་ནས་སྔར་བཞིན་འཛད་མཐའ་མེད་པའི་ཐོན་ཁུངས་ལེགས་ཤོས་ཤིག་འཛོམས་པར་བརྩོན་ལེན་བྱས་དང་བྱེད་མུས་སུ་མཆིས། ད་ནས་བཟུང་ངེད་དྲ་ཚིགས་ཀྱིས་རྩོམ་རིག་ལ་དགའ་བའི་དྲ་གྲོགས་གང་མང་མང་ལ་རྩོམ་རིག་གི་གསོལ་སྟོན་ཆེན་པོ་ཞིག་བཤམས་རྩིས་ཡོད་ལ་རྩོམ་རིག་ལ་མོས་མཁན་དག་གིས་རང་ཉིད་ཀྱི་འདོད་མོས་ལྟར། དཔྱད་རྩོམ་དང་སྙན་ངག འབོལ་རྩོམ། འཕྲིན་གསར། གླུ་ཚིག སྒྱུར་རྩོམ། སྒྲུང་གཏམ་ལ་སོགས་རྩོམ་ལུས་མི་འདྲ་བ་གང་རུང་ནས་རྒྱབ་སྐྱོར་གནོང་དང་། མ་འོངས་པའི་བཞུད་ལམ་རིང་མོའི་སྟེང་ངེད་ལས་ཁུངས་ཀྱིས་རྩོམ་རིག་གི་ཕྱོགས་ནས་འགྲན་སྡུར་གྱི་བྱ་འགུལ་རབ་དང་རིམ་པ་སྤེལ་ཏེ་འཇོན་མི་མང་པོ་སྐྱེད་སྲིང་བྱ་རྒྱུ་ཡིན། དེ་བས་དུས་དེབ་གཞན་དང་ཚགས་པར་གཞན་གྱི་སྟེང་མ་བཀོད་པའི་རྩོམ་ཡིག་ཡིན་ན་རྒྱབ་སྐྱོར་བླ་མེད་གནང་ལ་མ་འོངས་བར་འདི་ལས་ལྷག་པའི་ཇེ་རྒྱས་ཇེ་ལེགས་དང་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། ལེགས་རྩོམ་མཐའ་དག་གཅིག་ཏུ་བསྡུས་ཏེ་དེབ་ཅིག་འགྲེམ་སྤེལ་བྱ་རྩིས་ཡོད། དུས་དང་རྣམ་པ་ཀུན་ཏུ་ངེད་མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་ལ་རྒྱབ་སྐྱོར་གནང་མཁན་དག་གིས་སྔར་བཞིན་དོ་ཁུར་དང་དེ་མིན་གསར་ཞུགས་གནང་མཁན་དག་ལ་འདི་ནས་ཆེད་དུ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།

འཚོལ་བསྡུའི་བརྩམས་ཆོས་ཕྱོགས་ཀྱི་ཡིད་འཇོག་བྱ་དགོས་པའི་བླང་བྱ་འགའ།

༡ རྩོམ་ཡིག་གི་ནང་དོན་དག་ཆབ་སྲིད་ཀྱི་དགོངས་དོན་དང་མི་འགལ་བར་མཁྱེན།
༢ བརྗོད་བྱ་ལེགས་ཤིང་བརྗོད་དོན་ཁ་གསལ་ཞིང་བསམ་བློ་ཡར་སྐུལ་གྱི་ཆ་ལྡན་དགོས།
༣ ཡིག་གཟུགས་ངེས་པར་དུ་ཧི་གཟུགས་ཡིན་དགོས་ལ་རྩོམ་པ་པོའི་རུས་མིང་བཅས་གསལ་བོར་འབྲི་དགོས།
༤ སྒྱུར་རྩོམ་ཡིན་ན་ངེས་པར་དུ་མ་རྩོམ་དང་དུས་མཉམ་དུ་བསྐུར་ཡོང་རྒྱུ་མཁྱེན།
༥རྩོམ་པ་པོས་རང་ཉིད་ཀྱི་རྩོམ་ཡིག་ལ་ཞིབ་བཤེར་གང་ལེགས་གནང་རྗེས་བསྐུར་ཡོང་རྒྱུ་དང་ཡིག་ནོར་ལ་ངེས་པར་དུ་གཟབ་ནན་བྱ་དགོས།
འབྲེལ་གཏུག་ཁ་པར། ཡང་གསང་། ༼15500548809༽ དབང་རྒྱལ་ཚེ་རིང་། ༼13389717884༽
རྩོམ་བསྐུར་ཡུལ། yangsj@qhbtv.com
237234800@qq.com
དྲ་ཚིགས་སྦྲེལ་གནས། http://www.qhtb.cn/
རྩོམ་རིག་གི་སྦྲེལ་གནས། http://www.qhtb.cn/wenxue/

            མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྩོམ་བསྡུའི་བརྡ་ཐོ།

2015-01-14 མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།