《དག་ཡིག་གསར་བསྒྲིགས》(དག་བཅོས་མ)པར་དུ་བསྐྲུན་ཏེ་བཀྲམ་འདུག
(པར་གྱི་ཡོང་ཁུངས། སི་ནཱ་པོད་ཕྲན)
སྤྱི་ལོ2015ལོའི་ཟླ4པའི་ཚེས་11ཉིན《དག་ཡིག་གསར་བསྒྲིགས》(དག་བཅོས་མ)ཞེས་པ་དངོས་སུ་འགྲེམ་པའི་མཛད་སྒོ་ཟི་ལིང་ཞིན་ཧྭ་དཔེ་ཁང་དུ་བསྡུས་པ་དང་པར་གཞི་གསར་བ་དེབ་ཆེ་ཆུང་གཉིས་ཀ་བསྡོམས་པས་40000བཀྲམས། 《དག་ཡིག་གསར་བསྒྲིགས》(དག་བཅོས་མ)ཞེས་པའི་དེབ་དེའི་ནང་དུ་རྒྱུན་སྤྱོད་ཀྱི་ཐ་སྙད1900ལྷག་གསར་དུ་བསྣན་ཡོད་པ་དང་། དུས་རབས་འཕེལ་རྒྱས་ཀྱི་འགྲོས་དང་མཐུན་ཞིང་ཀློག་པ་པོའི་འདོད་བློ་དང་བསྟུན་ལ། ཀློག་པ་པོའི་དགོས་མཁོར་དམིགས་ནས་དེབ་ཚད32ཅན་དང64ཅན་ཏེ་རིགས་གཉིས་བཟོས་ཡོད།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།