རྩོམ་པའི་དེད་དཔོན་གྷིན་ཐར་གྷི་ར་སེ་མཆོག་སྐུ་གཤེགས་པ།
གྷིན་ཐར་གྷི་ར་སེ་མཆོག་གི་སྐུ་པར།
ཡུལ་དེའི་རྩིས་སུ་བྱས་པའི་ཟླ་༤པའི་ཚེས་༡༣ཉིན། འཇར་མན་གྱི་རྩོམ་པའི་དེད་དཔོན་གྷིན་ཐར་གྷི་ར་སེ(Günter Grass)མཆོག་འཇར་མན་གྱི་གྲོང་ཁྱེར་Lübeckཡི་སྨན་ཁང་ཞིག་ནས་སྐུ་གཤེགས་ཤིང་དགུང་གྲངས་༨༧ཡིན་འདུག
གྷིན་ཐར་གྷི་ར་སེ་ནི་དེང་འདིར་ཆེས་གལ་འགངས་ཆེ་བའི་འཇར་མན་གྱི་རྩོམ་པ་པོ་ཞིག་ཡིན་ལ། གསར་ཉམས་ལྡན་པའི་ཚིག་སྦྱོར་དང་ཁྱད་མཚར་ཆེ་བའི་འཆར་སྒོ་ལ་བརྟེན་ནས་ཁོང་འཛམ་གླིང་ཡོངས་ཀྱི་རྩོམ་པ་པོའི་ནང་གི་ཁྱུ་མཆོག་ཅིག་ཏུ་གྱུར་ཡོད། ༡༩༩༣ལོར་ཁོང་ཨིན་ཇིའི་རྒྱལ་གཞིས་རྩོམ་རིག་ཚོགས་པའི་མཚན་འཛིན་ཚོགས་མི་ལ་བདམས་པ་དང་། ༡༩༩༩ལོར་ཁོང་ལ་ནོ་པེལ་གྱི་རྩོམ་རིག་བྱ་དགའ་ཐོབ།
ཁོང་གི་བརྩམས་ཆོས《ལྕགས་རྔ》གློག་བརྙན་པར་མའི་འཁྲབ་རིས་ཤིག
ཁོང་གི་བརྩམས་ཆོས་གཙོ་བོར《ལྕགས་རྔ》དང་། 《བྱི་ལ་དང་ཙི་གུ》《ཁྱིའི་ལོ་ཟླ》《བདག་གི་དུས་རབས》སོགས་ཡོད།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།