བོད་ཀྱི་སྒྲུང་རིང་གི་དཔེ་ཚོགས་ཐོག་མ་པར་སྐྲུན་འགྲེམས་སྤེལ་བྱས་པ།

长篇小说新闻图 (3).jpg

  མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་འཕྲིན། ཉེ་ལམ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བློ་ཞིབ་མོས་ཇུས་འགོད་བྱས་པའི་རྒྱལ་ཁབ་ཀྱི་དཔེ་དེབ་པར་སྐྲུན་ལས་གཞི་སྟེ་བོད་ཀྱི་སྒྲུང་རིང་དཔེ་ཚོགས་ཐོག་མ་པར་སྐྲུན་འགྲེམས་སྤེལ་བྱས།
  ཐེངས་འདིའི་སྒྲུང་རིང་དཔེ་ཚོགས་ནང་དུ་མིང་དུ་གྲགས་པའི་རྩོམ་མཁན་ཚེ་རིང་དོན་གྲུབ་ཀྱི《ང་ཡི་ཨ་ཕ་གཉིས》དང་། བསྟན་པ་ཡར་རྒྱས་ཀྱི《ཁ་སང་གི་ཚོ་བ》ན་གཞོན་རྩོམ་མཁན་མིང་གྲགས་ཅན་སྒོ་མེ་ཚེ་རིང་བཀྲ་ཤིས་ཀྱི《མར་ངོའི་ཟླ་བ》 བུ་ཚེ་རིང་རྒན་པའི《ཆུ་མིག་དགུ་སྒྲིལ》 བོད་ཀྱི་རྩོམ་སྟེགས་སུ་གྲགས་འགུལ་ཆེ་བའི་གཞོན་སྐྱེས་རྩོམ་པ་པོ་གངས་སྨྱོན་གྱི《དྲེལ་ལུང》བཅས་བོད་ཡིག་གི་ལམ་ནས་གསར་དུ་བརྩམས་པའི་སྒྲུང་རིང་ལྔ་ཀློག་མཁན་རྣམས་ཀྱི་གཟིགས་མོར་བཀྲམས་ཡོད།
  དུས་ཀྱི་འཕེལ་འགྲོས་དུས་རབས་ཉེར་གཅིག་པར་བསླེབས་དུས་འདིར། བོད་ཀྱི་རྩོམ་རིག་གསར་རྩོམ་གྱི་བྱ་གཞག་འཕེལ་རྒྱས་སུ་ཕྱིན་ནས་སྔ་ན་མེད་པའི་གསོན་ཤུགས་ཀྱིས་བརྟས་ཡོད་ནའང་། མི་རིགས་ཤིག་གི་རྩོམ་རིག་འཕེལ་རྒྱས་ཀྱི་ཆུ་ཚད་འཇལ་བྱེད་དུ་གྱུར་པའི་སྒྲུང་རིང་གི་གསར་རྩོམ་དང་པར་སྐྲུན་གྱི་གོམ་སྟབས་དེ་བལྟོས་བཅས་ཀྱིས་ཅུང་དལ་བས། འདིས་ཚད་ངེས་ཅན་ཞིག་ནས་བོད་ཀྱི་དེང་རབས་རྩོམ་རིག་གི་འཕེལ་རྒྱས་ཀྱི་གོམ་ཁར་འགོག་རྐྱེན་བཟོ་བཞིན་ཡོད་པ་རེད། དེ་ལྟའི་རྩོམ་རིག་གསར་རྩོམ་གྱི་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་བའི་ཕྱི་ནང་གི་རྒྱུ་རྐྱེན་ལ་བསམ་གཞིག་སྔོན་དུ་སོང་བ་གཞིར་བྱས། བོད་ཀྱི་རྩོམ་པ་པོའི་གསར་རྩོམ་གྱི་འདུན་པར་ངར་སློང་བ་དང་། གོམ་གང་མདུན་སྤོས་སྒོས་བོད་ཀྱི་རྩོམ་རིག་འཕེལ་རྒྱས་ཀྱི་བགྲོད་རིམ་ལ་སྐུལ་འདེད་གཏོང་བར་དམིགས་ནས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བོད་ཀྱི་རྩོམ་རིག་གསར་རྩོམ་གྱི་གྲུབ་འབྲས་མངོན་པར་མཚོན་པའི་སྒྲུང་རིང་དཔེ་ཚོགས་འདི་ལྟ་བུ་བློ་ཞིབ་མོས་ཇུས་འགོད་དང་པར་སྐྲུན་བྱས་ཡོད་པ་རེད། རྒྱུས་ལོན་བྱུང་བ་ལྟར་ན། སྒྲུང་རིང་དཔེ་ཚོགས་འདིས་ཕྱོགས་མི་འདྲ་བའི་སྒོ་ནས་ཀློག་པ་པའི་སྤྱན་ལམ་དུ་བོད་ཀྱི་རྩོམ་པ་པོ་རྣམས་ཀྱིས་དངོས་ཡོད་འཚོ་བ་གཞིར་བཟུང་ཞིང་མི་རིགས་རིག་གནས་ལ་རྒྱབ་བརྟེན་ཏེ། སྤྱི་ཚོགས་ཀྱི་འགན་འཁྲི་ངེས་ཅན་ཞིག་བཟུང་ནས་མི་རིགས་ཤིག་གི་ལོ་རྒྱུས་ཀྱི་འཕོ་འགྱུར་དང་བརྩེ་དུང་གི་དྲན་ཤེས་ལྷུག་པོར་བརྗོད་པ་དང་། དེང་རབས་ཀྱི་འདུ་ཤེས་ལ་བརྟེན་ནས་བོད་མི་རིགས་ཀྱི་སྤྱི་ཚོགས་འཚོ་བ་དང་བསམ་བློའི་སྙིང་སྟོབས་ཀྱི་གནས་སྟངས་ལ་ཞིབ་གཟིགས་གནང་བཞིན་པ་མངོན་པར་མཚོན་ཡོད་དོ། །

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།