གཙང་གཞིས་ཀ་རྩེ་གྲོང་ཁྱེར་གྱིས《ཇོ་མ་གླང་མ》ཞེས་པའི་དུས་དེབ་བསྐྱར་འགྲེམས་བྱས་པ།

རྒོད་རྒྱལ་བློ་ཕུན་དང་གངས་གཡག་དཔལ་ལྷུན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-12-10

མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་འཕྲིན། ༢༠༡༥ལོའི་ཟླ་༡༢ཚེས་༩ཉིན་གཞིས་ཀ་རྩེ་གྲོང་ཁྱེར་གྲོང་ཨུད་དྲིལ་བསྒྲགས་པུའུ་དང་གྲོང་ཁྱེར་རིག་རྩལ་ལྷན་ཚོགས་ཀྱི་རྒྱབ་སྐྱོར་འོག་ལོ་ངོ་སུམ་ཅུ་ལྷག་བཀྲམ་སྤེལ་བྱས་མེད་པའི་བོད་ཡིག་རྩོམ་རིག་དུས་དེབ་《ཇོ་མོ་གླང་མ》བསྐྱར་འདོན་དང་སྣེ་རགས་བཀྲ་ཤིས་ཟླ་བའི་ཡིག་གཟུགས་བརྩམས་ཆོས་འགྲེམ་སྤེལ་ཚོགས་འདུ་བསྐོང་འཚོག་བྱས་འདུག

image001.jpg

  ཤེས་རྟོགས་བྱུང་བར་གཞིགས་ན་སྐབས་འདི་ནི་གཞིས་རྩེའི་ཇོ་རིའི་སྨྱུག་ཚོགས་ཐེངས་གསུམ་པ་དེ་ཡིན་ཞིང་། ཚོགས་འདུའི་ཐོག་ནམ་མཁའ་བཀྲ་ཤིས་དང་བུ་ཚེ་རིང་རྒན་པ།  ཁྲི་སྤེལ་པ་སངས་ཚེ་རིང་།  གཙང་སྡིངས་དར་རྒྱས། ས་ལུ་ཤེའུ་ཉི་ཚེ། རིག་ཞེན་སྲིད་ཐར།  འབྲོག་བུ། སྐལ་བཟང་བསྟན་འཛིན།  མདོ་གཞུང་ཚེ་དབང་དངོས་གྲུབ། གངས་གཡག་དཔལ་ལྷུན། གཉལ་ཨ་བཀྲས། གཏམ་བརྗོད་པ་བསོད་རྡོར།  བཀྲ་ཤིས་བུ་ལགས། མདོ་སྡེ་བ་སྐལ་བཟང་དགྲ་འདུལ་སོགས་བཞུགས་ཡོད་ཅིང་།  ཚོགས་ཐོག་ཏུ་ནམ་མཁའ་བཀྲ་ཤིས་ནས《ཇོ་མོ་གླང་མ》དུས་དེབ་ཀྱི་འདས་མ་ད་ལྟའི་སྐོར་ཕྱོགས་བསྡོམས་དང་།  བུ་ཚེ་རིང་རྒན་པའི་བརྩམས་སྒྲུང་རིང་གྲས《འཆི་མེད་དགུ་སྒྲིལ》དང་མདོ་སྡེ་བ་སྐལ་བཟང་དགྲ་འདུལ་གྱི་བརྩམས་སྒྲུང་རིང་གྲས《ཇག་པ་གཡང་སྐྱབས་དང་སྲས་མོ་མེ་ཏོག་ལྷ་མཛེས》གཉིས་ལ་རྩོམ་པ་པོ་སོ་སོས་དགེ་སྐྱོན་དང་མ་འོངས་གསར་རྩོམ་ཐད་རང་སོ་སོའི་བསམ་ཚུལ་བརྗོད་རེས་བྱས་ཡོད་པ། དེ་བཞིན་གཏམ་བརྗོད་པ་བསོད་རྡོར་ནས་དགོད་བྲོའི་གཏམ་གླེང་གསར་རྩོམ་སྐབས་ཇི་ལྟ་བུའི་རྒྱུ་ཆ་གསོག་འཇོག་བྱ་དགོས་སོགས་རང་རང་གི་ཉམས་མྱོང་དང་སྦྲགས་ནས་གཏམ་གླེང་ལྷུག་བརྗོད་བྱས་འདུག

image003.jpg

 ཇོ་མོ་གླང་མའི་དུས་དེབ་ནི་སྤྱི་ལོ༡༩༨༥ལོར་ཐོག་མར་དཔར་འགྲེམས་བྱས་ཀྱང་འགལ་རྐྱེན་དུ་མའི་དབང་གིས་ད་བར་འགྲེམས་མཚམས་ཆད།  ཧ་ལམ་བགྲང་བྱ་༣༠ཙམ་གཉིད་དུ་ཡུར་བའི་བོད་ཡིག་ཇོ་མོ་གླང་མའི་དུས་དེབ་འདི་ད་ཆ་གཞིས་ཀ་རྩེ་གྲོང་ཁྱེར་གྲོང་ཨུད་དྲིལ་བསྒྲགས་པུའུ་དང་རྩོམ་ལྷན་གྱི་དབུ་ཁྲིད་རྣམ་པའི་རྒྱབ་སྐྱོབ་དང་ནམ་མཁའ་བཀྲ་ཤིས་ཀྱིས་གཙོས་རྩོམ་སྒྲིག་ལྷན་རྒྱས་ཀྱི་དཀའ་སྤྱད་འོག ད་གཟོད་སླར་ཡང་ངེད་ཚོའི་ལོངས་སྤྱོད་ཀྱི་དགའ་སྟོན་དུ་འགྱུར་ཡོད།

image005.jpg

  གཞན་ཡང་སྣེ་རགས་བཀྲ་ཤིས་ཟླ་བའི་ཡིག་གཟུགས་བརྩམས་ཆོས་འགྲེམ་སྤེལ་སོགས་ཀྱི་མདོར་ན་རྣམ་པ་ལེགས་ཤིང་ནང་དོན་ཟབ་པའི་ད་ཐེངས་ཀྱི་ཚོགས་འདུ་འདིས་རྩོམ་པ་པོ་སོ་སོས་རང་རང་གི་གསར་རྩོམ་ཉམས་མྱོང་དང་སླད་ཆར་སྒྱུར་བཀོད་སོགས་ཀྱི་ཐད་བསམ་ཚུལ་ལྷུག་པར་གླེང་འདུག
  འདིར་བཤད་འདོད་པ་ནི་བོད་ལྗོངས་ཁུལ་ན་ལྷོ་ཁའི་རྩོམ་རིག་སྒྱུ་རྩལ་ཕུད་ས་ཁུལ་དང་གྲོང་ཁྱེར་རིམ་པའི་གཞུང་ཕྱོགས་བོད་ཡིག་རྩོམ་རིག་དུས་དེབ་འགྲེམས་སྤེལ་བྱེད་མཁན་མེད་ཅིང་།  སྔར་ཡོད་ཀྱི་ནག་ཆུའི་བྱང་ཐང་དང་ལྷ་སའི་སྐྱིད་ཆུ་སོགས་ཕྱི་ནང་འགལ་རྐྱེན་མང་བོའི་དབང་གིས་འགྲེམས་མཚམས་ཆད་པ་དང་ལོ་རྒྱུས་ཀྱི་སྟེགས་བུ་ལས་བུད་ཟིན་པ་མངོན་བསལ་ཡིན་མོད།  ད་ཐེངས་གཙང་གཞིས་ཀ་རྩེས《ཇོ་མོ་གླང་མའི》དུས་དེབ་བསྐྱར་འགྲེམས་བྱས་པ་འདི་རྩོམ་རིག་ལ་དགའ་བའི་མི་བུ་ཀུན་དང་མི་རིགས་རང་ཉིད་ཀྱི་སྐད་དང་ཡི་གེར་གོང་འཕེལ།  དེ་བཞིན་མི་རིགས་རིག་གནས་བསྐྱར་དར་སླད་དུ་གོམ་པ་ཆེན་པོ་ཞིག་སྤོས་པ་མངོན་སུམ་དུ་སྣང་ཞིང་།  དེར་ང་ཚོས་དགའ་གུས་དང་ཡི་རངས་ཅི་ཡོང་བྱ་འོས་པ་ཞིག་རེད་སྙམ་མོ།   རྒྱས་གྱུར་ཅིག་གུ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང) 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཙང་གཞིས་ཀ་རྩེ་གྲོང་ཁྱེར་གྱིས《ཇོ་མ་གླང་མ》ཞེས་པའི་དུས་དེབ་བསྐྱར་འགྲེམས་བྱས་པ།

2015-12-10 རྒོད་རྒྱལ་བློ་ཕུན་དང་གངས་གཡག་དཔལ་ལྷུན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།