ཚེ་རིང་ནོར་བུའི་སྒྲུང་རིང《རླུང་བུའི་ཁྲོད་ཀྱི་མཆོད་སྦྱིན》པར་དུ་བསྐྲུན་པའི་རྟེན་འབྲེལ་མཛད་སྒོ་ལྷ་ས་ནས་བསྡུས་པ།

གསར་འགོད་པ་ཏིང་འཛིན་རྒྱལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2016-01-03

  
   མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་འཕྲིན། སྤྱི་ལོ༢༠༡༦ལོའི་ཟླ༡ཚེས༡ཉིན། དབུས་ཀྱི་རྩོམ་པ་བོ་ས་དམར་གྲགས་པ་དང་། བཀྲས་གླིང་ཆུང་བདག དར་རྒྱས་སོགས་ཀྱིས་གཙོ་སྒྲུབ་གནང་བའི་བརྩམས་སྒྲུང་རྩོམ་པ་བོ་ཚེ་རིང་ནོར་བུ་ལགས་ཀྱི་སྒྲུང་རིང《རླུང་བུའི་ཁྲོད་ཀྱི་མཆོད་སྦྱིན》པར་དུ་བསྐྲུན་པའི་རྟེན་འབྲེལ་མཛད་སྒོ་ལྷ་སའི་གངས་ཆབ་བསིལ་མའི་གསོལ་སྟོན་གླིང་ནས་བསྡུས།

IMG_1415.JPG
ཚོགས་རའི་ཡུལ་དངོས།

 མཛད་སྒོར་དབུས་ཀྱི་རྩོམ་པ་བོ་༣༠ལྷག་ཕེབས་ཡོད་པ་དང་། ཚེ་རིང་ནོར་བུ་ལགས་ཀྱི་བརྩམས་སྒྲུང་གླེང་བ་ཞེས་པའི་བརྗོད་དོན་ལས་བརྩམས་ཏེ་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལྷག་པ་ཆོས་འཕེལ་དང་ཕུར་བུ་མཚམས་གཅོད། བོད་ལྗོངས་རྩོམ་རིག་སྒྱུལ་རྩལ་གྱི་ཀྲུའུ་ཞི་གཞོན་པ་འཇིགས་མེད་ཕུན་རྒྱལ། ཨེ་ཉི་མ་ཚེ་རིང་སོགས་ཀྱིས་སོ་སོའི་དགོངས་དོན་ལྷུག་བརྗོད་གནང་བ་དང་། གཞན་བརྩམས་སྒྲུང་རྩོམ་པ་བོ་བུ་ཚེ་རིང་རྒན་པ་དང་། བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་དང་བོད་ཀྱི་སྙན་ངག་པ་ན་རོ། 《བོད་ཀྱི་རྩོམ་རིག་སྒྱུ་རྩལ》གྱི་རྩོམ་སྒྲིག་པ་དཔལ་ལྷ་སོགས་མཛད་སྒོར་ཕེབས་པའི་རྩོམ་པ་བོ་ཡོངས་ཀྱིས་ཕན་ཚུན་ལ་བཀྲ་ཤིས་མཆོད་ཆང་འགྱོགས་ཞོར་རྩོམ་རིག་ཐད་ཀྱི་ལྟ་ཚུལ་རྒྱས་གླེང་གནང་།

IMG_1416.JPG
བརྩམས་སྒྲུང་རྩོམ་པ་བོ་ལ་ཁ་བཏགས་འབུལ་བཞིན་པ།

  
མཇུག་མཐར་ཚེ་རིང་ནོར་བུ་ལགས་ཀྱིས་ཁོང་གི་སྒྲུང་རིང《རླུང་བུའི་ཁྲོད་ཀྱི་མཆོད་སྦྱིན》པར་དུ་བསྐྲུན་པའི་རྟེན་འབྲེལ་མཛད་སྒོའི་གཙོ་སྒྲུབ་མི་སྣ་གཙོ་བྱས་ཕེབས་ཞུགས་མི་སྣ་ཡོངས་ལ་བཀའ་དྲིན་ཞུ་བ་དང་འབྲེལ་ཁོང་གི་སྒྲུང་རིང་འདི་ཇི་ལྟར་གྲུབ་ལུགས་དང་། བསམ་བློ་འདི་འདྲ་ཞིག་གིས་འབྲི་དགོས་དོན། དེ་མིན་ད་ལྟ་སྒྲུང་རིང་འདི་བོད་ཡིག་དང་། དབྱིན་ཡིག་སོགས་ལ་སྒྱུར་བཞིན་ཡོད་པ་དང་། ཉི་ཧོང་སོགས་ཀྱི་ཡིག་རིགས་ལའང་བསྒྱུར་རྒྱུའི་སྟ་གོན་གནང་བཞིན་ཡོད་སྐོར་གྱི་གསུངས་གླེང་གནང་བ་རེད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང) 


རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚེ་རིང་ནོར་བུའི་སྒྲུང་རིང《རླུང་བུའི་ཁྲོད་ཀྱི་མཆོད་སྦྱིན》པར་དུ་བསྐྲུན་པའི་རྟེན་འབྲེལ་མཛད་སྒོ་ལྷ་ས་ནས་བསྡུས་པ།

2016-01-03 གསར་འགོད་པ་ཏིང་འཛིན་རྒྱལ། ཀློག་གྲངས། མཆན ཡོད།

  
   མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་འཕྲིན། སྤྱི་ལོ༢༠༡༦ལོའི་ཟླ༡ཚེས༡ཉིན། དབུས་ཀྱི་རྩོམ་པ་བོ་ས་དམར་གྲགས་པ་དང་། བཀྲས་གླིང་ཆུང་བདག དར་རྒྱས་སོགས་ཀྱིས་གཙོ་སྒྲུབ་གནང་བའི་བརྩམས་སྒྲུང་རྩོམ་པ་བོ་ཚེ་རིང་ནོར་བུ་ལགས་ཀྱི་སྒྲུང་རིང《རླུང་བུའི་ཁྲོད་ཀྱི་མཆོད་སྦྱིན》པར་དུ་བསྐྲུན་པའི་རྟེན་འབྲེལ་མཛད་སྒོ་ལྷ་སའི་གངས་ཆབ་བསིལ་མའི་གསོལ་སྟོན་གླིང་ནས་བསྡུས།

IMG_1415.JPG
ཚོགས་རའི་ཡུལ་དངོས།

 མཛད་སྒོར་དབུས་ཀྱི་རྩོམ་པ་བོ་༣༠ལྷག་ཕེབས་ཡོད་པ་དང་། ཚེ་རིང་ནོར་བུ་ལགས་ཀྱི་བརྩམས་སྒྲུང་གླེང་བ་ཞེས་པའི་བརྗོད་དོན་ལས་བརྩམས་ཏེ་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལྷག་པ་ཆོས་འཕེལ་དང་ཕུར་བུ་མཚམས་གཅོད། བོད་ལྗོངས་རྩོམ་རིག་སྒྱུལ་རྩལ་གྱི་ཀྲུའུ་ཞི་གཞོན་པ་འཇིགས་མེད་ཕུན་རྒྱལ། ཨེ་ཉི་མ་ཚེ་རིང་སོགས་ཀྱིས་སོ་སོའི་དགོངས་དོན་ལྷུག་བརྗོད་གནང་བ་དང་། གཞན་བརྩམས་སྒྲུང་རྩོམ་པ་བོ་བུ་ཚེ་རིང་རྒན་པ་དང་། བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་དང་བོད་ཀྱི་སྙན་ངག་པ་ན་རོ། 《བོད་ཀྱི་རྩོམ་རིག་སྒྱུ་རྩལ》གྱི་རྩོམ་སྒྲིག་པ་དཔལ་ལྷ་སོགས་མཛད་སྒོར་ཕེབས་པའི་རྩོམ་པ་བོ་ཡོངས་ཀྱིས་ཕན་ཚུན་ལ་བཀྲ་ཤིས་མཆོད་ཆང་འགྱོགས་ཞོར་རྩོམ་རིག་ཐད་ཀྱི་ལྟ་ཚུལ་རྒྱས་གླེང་གནང་།

IMG_1416.JPG
བརྩམས་སྒྲུང་རྩོམ་པ་བོ་ལ་ཁ་བཏགས་འབུལ་བཞིན་པ།

  
མཇུག་མཐར་ཚེ་རིང་ནོར་བུ་ལགས་ཀྱིས་ཁོང་གི་སྒྲུང་རིང《རླུང་བུའི་ཁྲོད་ཀྱི་མཆོད་སྦྱིན》པར་དུ་བསྐྲུན་པའི་རྟེན་འབྲེལ་མཛད་སྒོའི་གཙོ་སྒྲུབ་མི་སྣ་གཙོ་བྱས་ཕེབས་ཞུགས་མི་སྣ་ཡོངས་ལ་བཀའ་དྲིན་ཞུ་བ་དང་འབྲེལ་ཁོང་གི་སྒྲུང་རིང་འདི་ཇི་ལྟར་གྲུབ་ལུགས་དང་། བསམ་བློ་འདི་འདྲ་ཞིག་གིས་འབྲི་དགོས་དོན། དེ་མིན་ད་ལྟ་སྒྲུང་རིང་འདི་བོད་ཡིག་དང་། དབྱིན་ཡིག་སོགས་ལ་སྒྱུར་བཞིན་ཡོད་པ་དང་། ཉི་ཧོང་སོགས་ཀྱི་ཡིག་རིགས་ལའང་བསྒྱུར་རྒྱུའི་སྟ་གོན་གནང་བཞིན་ཡོད་སྐོར་གྱི་གསུངས་གླེང་གནང་བ་རེད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང) 


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།