《རྟ་ནག་སྒྲོག་འགྲོས》ཀྱི་རྩོམ་པ་པོ་ལྷུན་འགྲུབ་འཁྲུངས་ནས་ལོ་འཁོར81ལོན་པའི་རྗེས་དྲན་ཚོགས་འདུ་རྨ་ལྷོ་སོག་རྫོང་དུ་བསྡུས་པ།

  བོད་ཡིག་གི་སྒྲུང་གཏམ་གྲགས་ཅནརྟ་ནག་སྒྲོག་འགྲོསཀྱི་རྩོམ་པ་པོའམ་བོད་རྒྱ་ལོ་ཙཱ་བ་ལྷུན་འགྲུབ་སྐུ་འཁྲུངས་ནས་ལོ་འཁོར81ལོན་པའི་རྗེས་དྲན་ཚོགས་འདུ་དེ2016ལོའི་ཟླ7པའི་ཚེས30ཉིན་རྩོམ་པ་པོའི་ཕ་ཡུལ་རྨ་ལྷོ་སོག་རྫོང་དུ་བསྡུས།

 IMG_0650.JPG
 ཚོགས་འདུར་ཕེབས་པའི་སྙན་ངག་པ་དང་རིག་གཞུང་ཞིབ་འཇུག་པ།

IMG_0651.JPG
ལྷུན་འགྲུབ་ལགས་ཀྱི་བུ་རྒན་པ་འཇིགས་མེད་དབང་ཕྱུག

  རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའམ་བུད་མེད་སྙན་ངག་པ་བདེ་སྐྱིད་སྒྲོལ་མས་ཚོགས་འདུར་འགོ་འཛིན་མཛད་པ་དང་། སྒྲུང་གཏམ་པ་ཚེ་རིང་དོན་གྲུབ་ཀྱིས་ཁོས་འཚོལ་སྡུད་བྱས་པའི་ལྷུན་འགྲུབ་ཀྱི་མི་ཚེ་དང་རྩོམ་རིག་གསར་རྩོམ། རིག་གཞུང་གྲུབ་འབྲས་ངོ་སྤྲོད་མདོར་བསྡུས་བྱས།

  ཚོགས་འདུའི་སྟེང་པེ་ཅིན་ན་གཞིས་སྡོད་བྱས་ཡོད་པའི་ལྷུན་འགྲུབ་ཀྱི་བུ་རྒན་པ་འཇིགས་མེད་དབང་ཕྱུག་དང་བོད་ཀྱི་སྙན་ངག་པའམ་མཁས་དབང་འཇུ་སྐལ་བཟང་། ནུབ་བྱང་མི་རིགས་སློབ་གླིང་གི་དགེ་རྒན་ཆེན་མོའམ་རྩོམ་རིག་དཔྱད་བརྗོད་པ་ཆབ་བྲག་མགོན་པོ་སྐྱབས། སྒྲུང་གཏམ་པ་རིག་ལྡན་རྒྱ་མཚོ། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ནམ་རྩོམ་རིག་དཔྱད་བརྗོད་པ་བཙུན་པོ་དོན་གྲུབ། ལྷུན་འགྲུབ་ཀྱི་གཉེན་ཉེ་དང་སྡེ་འབངས་འཐུས་ཚབ་སོགས་གདན་དྲངས་ཤིང་། སོ་སོས་ལྷུན་འགྲུབ་ཀྱི་མི་ཚེ་ལ་ཕྱིར་དྲན་དང་གྲུབ་འབྲས་ལ་གདེང་འཇོག་གནང་།

  རྨ་ལྷོ་སོག་རྫོང་གི་ན་གཞོན་རྩོམ་དགའ་དང་ལྷུན་འགྲུབ་ཀྱི་གཉེན་མི། སྡེ་མི་བཅས་ཁྱོན་མི་བརྒྱ་ལྷག་ཚོགས་འདུར་ཞུགས་པ་དང་། མི་བཅུ་ལྷག་གིསརྟ་ནག་སྒྲོག་འགྲོསསྐོར་ལ་དཔྱད་བརྗོད་སྤེལ། ཚོགས་ཐོག་ཏུ་ད་དུངརྟ་ནག་སྒྲོག་འགྲོསསྒྲོག་འདོན་དང་སྙན་ངག་གྱེར་འདོན་སོགས་ཀྱི་བྱ་འགུལ་སྤེལ་ཏེ་ཚོགས་འདུ་རྒྱལ་ཁའི་ངང་མཇུག་སྒྲིལ།

      ལྷུན་འགྲུབ་ལགས་ཀྱི་ངོ་སྤྲོད་མདོར་བསྡུས།

 IMG_0648.JPG IMG_0649.JPG
  ལྷུན་འགྲུབ་ལགས་ཀྱི་སྐུ་འཚོ་གཞེས་དུས་ཀྱི་སྐུ་པར།

       ལྷུན་འགྲུབ་ལགས་ནི་སྤྱི་ལོ1935ལོའི་ཟླ10བར་རྨ་ཆུའི་ལྷོ་རྒྱུད་སོག་པོའམ་རྨ་ལྷོ་སོག་ཤོག་མདུན་དབུས་རུའི་ནང་ཚན་སུ་རུག་ཆུང་བའི་ཨེ་མག་སྡེ་བའི་ཧོ་ཞོན་རུ་སྐོར་ཏེ། ད་ལྟའི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་ཡོས་རྒན་ཉིན་གྲོང་བརྡལ་ཅི་རིམ་འབྲོག་ཨུ་རུ་སྐྱེས།ཨ་ཕའི་མིང་ལ་བཀྲ་ཇོ་དང་ཨ་མའི་མིང་ལ་ཚེ་བྷ་ཟེར། ལྷུན་འགྲུབ་ནར་མ་སོན་གོང་ཕ་བཀྲ་ཇོ་ས་རྩོད་ཁྲོད་ཚེ་ལས་འདས། མ་ཚེ་བྷས་ལྷུན་འགྲུབ་ཁྲིད་དེ་ཕྱིར་ཐོར་གོད་ལྷོ་མདུན་རུ་སྟེ། ད་ལྟའི་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་མདོ་གསུམ་ཞང་གི་མ་ཁྱིམ་དུ་ལོག་པ་དང་། མི་འགྱང་བར་བླ་བྲང་དུ་སོང་ནས་གཞི་སྡོད་བྱས་ཤིང་། 1942ལོར་ལྷུན་འགྲུབ་རབ་བྱུང་བསྒྲུབ་སྟེ་བླ་བྲང་དགོན་པའི་ཚོགས་སུ་ཞུགས་ནས་འདོན་རྟ་དབྱངས་དང་ཡི་གེ་འབྲི་ཀློག་སྦྱངས། 1950ལོར་ནུབ་བྱང་མི་དམངས་གསར་བརྗེ་སློབ་ཆེན་སློབ་ཁུལ་གསུམ་པ་ཞེས་པ་སྟེ།  རྗེས་ཀྱི་ནུབ་བྱང་མི་རིགས་སློབ་གླིང་དུ་སློབ་གཉེར་བྱས། བསླབ་འབྲས་ཕུལ་དུ་བྱུང་བས1953ལོར་སློབ་མཐར་སྔ་སྣུར་གྱིས་ཕྱིན་ནས་བྱ་བར་ཞུགས་ཏེ། སྔ་རྗེས་སུ་ཀྲུང་དབྱང་མི་རིགས་སློབ་གླིང་དང་ནུབ་བྱང་མི་རིགས་སློབ་གླིང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཕྱུགས་ལས་སློབ་འབྲིང་། ཀན་ལྷོ་ཁུལ་རྒྱང་སྒྲོག་ཁང་། ཀྲུང་དབྱང་མི་རིགས་སྐད་ཡིག་ཡིག་བསྒྱུར་ཅུའུ་སོགས་སྡེ་ཁག་ཏུ་དཔེ་ཁྲིད་དང་ལོ་ཙཱ། རྩོམ་སྒྲིག གཟིགས་ཞུས་སོགས་ཀྱི་ལས་ཀ་བསྒྲུབས།

IMG_0656.JPG IMG_0657.JPG 
སྒྲུང་གཏམ་གྲགས་ཅན《རྟ་ནག་སྒྲོག་འགྲོས》བཀོད་པའི་དེ་དུས་ཀྱི་《སྦྲང་ཆར》དུས་དེབ།

IMG_0658.JPG
ཁོང་གིས་སྒྲིག་འབྲི་བྱས་པའི《ཆོས་ཀྱི་རྣམ་གྲངས》

  1982
ལོར་ཁོང་གིས་བོད་ཡིག་གི་སྒྲུང་གཏམསྟོན་མཇུག་ཏུ་བྱུང་བའི་གཏམ་རྒྱུད་རྟ་ནག་སྒྲོག་འགྲོས》(རྗེས་སུ་མི་རྣམས་ཀྱིསརྟ་ནག་སྒྲོག་འགྲོསཅེས་བསྡུས་པ་བྱེད་ཀྱིན་འདུགཅེས་པ་ལོ་དེའིསྦྲང་ཆརདེབ་གཉིས་པར་སྤེལ། དེར་ཀློག་མཁན་རྣམས་ཀྱིས་དགའ་བསུ་བླ་ལྷག་ཐོབ་པ་དང་དུས་མཚུངས་སུ་ཁོང་གི་མཚན་སྙན་ཡང་ཆེས་ཆེར་རྒྱས། རྗེས་སུརྟ་ནག་སྒྲོག་འགྲོས》“བོད་ཀྱི་དེང་རབས་རྩོམ་རིག་དཔེ་ཚོགསསོགས་བོད་ཡིག་གི་དེང་རབས་རྩོམ་རིག་བརྩམས་ཆོས་ཕྱོགས་བསྒྲིགས་མང་པོ་དང་། རྒྱལ་ཁབ་ཕྱི་ནང་གི་སློབ་གྲྭ་ཆེ་འབྲིང་དུ་མའི་བསླབ་དེབ་ཏུ་བདམས་ཡོད། མ་ཟད་ཡིག་རིགས་གཞན་ལའང་བསྒྱུར་ཡོད་པ་སོགས་མདོར་ནརྟ་ནག་སྒྲོག་འགྲོསཀྱིས་བོད་ཡིག་གི་དེང་རབས་རྩོམ་རིག་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད། ཁོས་ད་དུངབློ་བཟངདངཁྱི་ཁྲ་བོ》 《དཔྱིད་ཉི་མ་རིང་བོསོགས་དམངས་ཁྲོད་གཏམ་རྒྱུད་བཅུ་ལྷག་འཚོལ་སྡུད་བྱས་ཡོད། 1981ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་ཁོས་ལོ་ཙཱ་བྱས་པའིསྒྲུང་ཐུང་བདམས་བསྒྲིགསཞེས་པ་པར་སྐྲུན་བྱས་པ་དང་། 1986ལོར་ཀྲུང་དབྱང་མི་རིགས་དཔེ་སྐྲུན་ཁང་གིས་ཁོས་བསྒྲིག་འབྲི་བྱས་པའིཆོས་ཀྱི་རྣམ་གྲངསཞེས་པ་པར་སྐྲུན་བྱས་ཡོད། ལོ་ཙཱ་བ་ཆེན་པོ་ཀྲུའུ་ཅི་བུན(周季文)དང་མཉམ་འབྲེལ་གྱིསཨ་མདོའི་བོད་སྐད་ཁ་སྐད་བསླབ་གཞི》(1953ལོར་སྣུམ་པར་དུ་བཏབ་ཡོདཞེས་པ་བསྒྲིགས་འབྲི་བྱས་ཤིང་། ཡང་ཀྲུའུ་ཅི་བུནདང་མཉམ་འབྲེལ་གྱིསམི་སྐྱིད་པའི་ཚ་བ་རོང》(1960ལོའི་ཟླ་གསུམ་པའིདམངས་ཁྲོད་རྩོམ་རིགཏུ་སྤེལ་ཡོདཞེས་པ་ལོ་ཙཱ་བྱས། ལྷུན་འགྲུབ་ནི་ནང་ཆོས་རིག་པ་དང་སྐད་བརྡ་རིག་པ། བོད་རྒྱ་ལོ་ཙཱ། རྩོམ་རིག་སོགས་ལ་མཁྱེན་རྒྱ་ཤིན་ཏུ་ཡངས་པ་དང་། ཁོང་སྐུ་འཚོ་སྐབས་ཀྲུང་གོའི་ལོ་ཙཱ་བ་མཐུན་ཚོགས་ཀྱི་ཚོགས་མི་དང་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་གནའ་ཡིག་ཞིབ་འཇུག་ཚོགས་པའི་ཚོགས་མི། བོད་ལྗོངས་ནང་བསྟན་ཞིབ་འཇུག་ཚོགས་པའི་ཚོགས་མི་བཅས་ཡིན་ལ། ལེ་ཉིན་དང་སི་ཏ་ལིན་གྱི་གསུང་རྩོམ་ལོ་ཙཱ་ཚན་ཁག་གི་ཚན་གཙོ་གཞོན་པ་དང་ཚན་གཙོའི་འགན་ཁུར་མྱོང་། ཁོང1985ལོའི་ཟླ10ཚེས19ཉིན་ཏེ། དགུང་ལོ་ལྔ་བཅུའི་སྟེང་པེ་ཅིན་དུ་སྐུ་གཤེགས།

                                                                  རྩོམ་སྒྲིག་པ། དབང་མོ།

                                                                        (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།