ཤིས་ཚང་མཁྱེན་རབ་རྒྱ་མཚོའི་བརྩམས་ཆོས་<<བརྡ་སྤྲོད་དཔྱད་གླེང་ལེའུ་བརྒྱད་མ་>>ཞེས་པ་དཔར་དུ་བསྐྲུན་པ།

new cover1.jpg

དེའང་ཀློག་པ་བོ་བོད་རིག་པ་དཔེ་སྐྲུན་ལྟེ་གནས་སམ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་གསར་དུ་དཔར་སྐྲུན་བྱས་པའི་<<བརྡ་སྤྲོད་དཔྱད་གླེང་ལེའུ་བརྒྱད་མ་>>ཞེས་བྱ་བའི་དེབ་འདི་ནི། བོད་ཀྱི་བརྡ་སྤྲོད་སྨྲ་བ་ཤིས་ཚང་མཁྱེན་རབ་རྒྱ་མཚོས་མི་ལོ་གསུམ་ལྷག་རིང་བོད་སྐད་བརྡ་སྤྲོད་དང་འབྲེལ་བའི་དཔྱད་གཞིའི་ཡིག་ཆ་གང་རྙེད་དག་ལ་ལྟ་ཀློག་དང་དཔྱད་ཞིབ་ཡང་ཡང་བྱས་ཤིང་། རིག་གཞུང་འཕེལ་བའི་ལོ་རྒྱུས་དང་བརྡ་སྤྲོད་པའི་གཞུང་ལུགས་ཀྱི་ཞིབ་འཇུག་བྱེད་ཐབས་སྤྱད་པར་མ་ཟད། ས་བཅད་དགར་སྟངས་དང་མཆན་འགྲེལ་འགོད་ཚུལ་སོགས་དེང་རབས་རིག་གཞུང་ཆེད་རྩོམ་གྱི་འབྲི་ལུགས་གཞིར་བཟུང་ནས་བརྩམས་པའི་བོད་ཀྱི་བརྡ་སྤྲོད་གཞུང་ལུགས་ཀྱི་འཕེལ་རིམ་གསལ་བའི་ལོ་རྒྱུས་ཀྱི་དེབ་ཅིག་ཡིན་པས། བོད་ཀྱི་བརྡ་སྤྲོད་གཞུང་ལུགས་ལ་སྤྲོ་བ་ཆེ་ཞིང་ཆེད་དམིགས་ཉམས་ཞིབ་གནང་མཁན་ཀུན་ལ་མཚོན་ན་རིག་གཞུང་གི་གསོལ་སྟོན་ཐེངས་ཤིག་ཡིན་ནོ།།

new cover22.jpg

དེབ་འདི་ནི་ད་ལྟའི་བར་དུ་བོད་ཡིག་གི་ལམ་ནས་བོད་ཀྱི་བརྡ་སྤྲོད་གཞུང་ལུགས་ཀྱི་བྱུང་འཕེལ་ལོ་རྒྱུས་ལ་ཉམས་ཞིབ་བྱས་པའི་ཆེད་དེབ་ཉག་གཅིག་པུ་རེད་ཅེས་བརྗོད་ཆོག་སྟེ། བོད་ཀྱི་ཡི་གེའི་བྱེད་པོ་སློབ་དཔོན་ཐོན་མི་ཡིན་པ་གཞིར་བཞག་གི་སྒོ་ནས་བཤད་ན། བོད་ཀྱི་བརྡ་སྤྲོད་གཞུང་ལུགས་ཀྱི་བྱུང་འཕེལ་ལ་མ་མཐར་མི་ལོ་ཆིག་སྟོང་སུམ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་མོད། ད་ལྟའི་བར་དུ་སུ་གང་གིས་ཀྱང་དུས་ཀྱི་རིམ་པ་ལྟར་ཕྱོགས་ཡོངས་ནས་རིག་ཚན་འདིའི་བྱུང་འཕེལ་ལོ་རྒྱུས་ལ་ཕྱིར་མིག་ཅིག་འཕངས་མེད་པའི་ཚོད་དུ་འདུག་པས། (དེ་འབྲེལ་གྱི་དཔྱད་རྩོམ་རེ་འགའ་བྱུང་ཡོད་ཀྱང་ཅུང་འཐུས་ཚང་ཞིང་དཔེ་དེབ་ཅིག་གི་ཚད་དུ་ལོངས་པ་ཞིག་མཐོང་མ་བྱུང་)དེབ་འདིར་བོད་ཀྱི་བརྡ་སྤྲོད་གཞུང་ལུགས་ཀྱི་བྱུང་རིམ་སྤྱི་ལ་ཅུང་གོ་རིམ་ལྡན་ཞིང་ཞིབ་ཚགས་པའི་སྒོ་ནས་དཔྱད་པ་བཏང་ཡོད་དེ། དེའང་ལེའུ་དང་པོར། བོད་ཀྱི་བརྡ་སྤྲོད་གཞུང་ལུགས་ཐོག་མ་ངོས་འཛིན་དང་འབྲེལ་དེའི་ཐད་ཀྱི་མཁས་པའི་བཞེད་ཚུལ་ལ་ལྟ་བ་དང་། ལེའུ་གཉིས་པར། དུས་རབས་བདུན་པ་ནས་ས་སྐྱ་བའི་བར་གྱི་བརྡ་སྤྲོད་གཞུང་ལུགས་ཀྱི་འཕེལ་རིམ་ལ་ལྟ་བ། ལེའུ་གསུམ་པར། ས་སྐྱ་བའི་སྐབས་ནས་རྒྱལ་དབང་ལྔ་བའི་བར་གྱི་བརྡ་སྤྲོད་གཞུང་ལུགས་ཀྱི་འཕེལ་རིམ། ལེའུ་བཞི་པར། རྒྱལ་དབང་ལྔ་བ་ཆེན་མོའི་སྐབས་ཀྱི་བརྡ་སྤྲོད་གཞུང་ལུགས་ཀྱི་འཕེལ་རིམ། ལེའུ་ལྔ་བར། པྲ་ཏི་དང་སི་ཏུ་གཉིས་ཀྱི་སུམ་རྟགས་འགྲེལ་བའི་ངོས་ནས་བརྡ་སྤྲོད་གཞུང་ལུགས་ཀྱི་འཕེལ་རིམ་ལ་ལྟ་བ། ལེའུ་དྲུག་པར། དུས་རབས་ཉི་ཤུ་བའི་མཇུག་ནས་ད་ལྟའི་བར་གྱི་བརྡ་སྤྲོད་གཞུང་ལུགས་ཀྱི་འཕེལ་རིམ། ལེའུ་བདུན་པར། བོད་ཀྱི་བརྡ་དག་གཞུང་ལུགས་ཀྱི་འཕེལ་རིམ་བྱེ་བྲག་ཏུ་གླེང་བ། ལེའུ་བརྒྱད་པར། གནའ་བོའི་བོན་ལུགས་དང་འབྲེལ་བའི་བརྡ་སྤྲོད་རིག་པའི་བྱུང་འཕེལ་གླེང་བ་བཅས་དུས་རབས་བདུན་པ་ནས་ད་ལྟའི་བར་གྱི་བརྡ་སྤྲོད་གཞུང་ལུགས་འཕེལ་རིམ་དེ་ལེའུ་བརྒྱད་ཀྱི་བདག་ཉིད་དུ་བསྡུས་ཡོད།

རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།