༢༠༡༧ལོའི་ནོ་པེལ་རྩོམ་རིག་བྱ་དགའ་ཁ་ཛུ་ཨོ・ཨིས་ཞིས་གུ་རཱོ་ལགས་ལ་ཐོབ་པ།

01.jpg

    ༢༠༡༧ལོའི་ནོ་པེལ་རྩོམ་རིག་བྱ་དགའ་ཡི་མཇུག་འབྲས་ཁྱབ་བསྒྲགས་བྱས་པར། རུས་རྒྱུད་ཉི་ཧོང་ནས་ཡིན་པའི་དབྱིན་ཇིའི་རྩོམ་པ་པོ་ཁ་ཛུ་ཨོ・ཨིས་ཞིས་གུ་རཱོ་ལགས་ལ ༢༠༡༧ ལོའི་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་ཡོད་པ་རེད། སི་ཝེས་དན་རྩོམ་རིག་སློབ་གླིང་གིས་ཁོང་ལཁ་ཛུ་ཨོ་ཨིས་ཞིས་གུ་རཱོ་ལགས་ཀྱི་བརྩམས་སྒྲུང་གིས་བརྩེ་བ་ཆེན་པོའི་སྟོབས་ཀྱིས་ང་ཚོ་འཇིག་རྟེན་དང་ཉེ་བར་འབྲེལ་བའི་སྟོང་བསམ་དེའི་རྒྱུད་ཀྱི་མ་རིག་པ་དེ་དྲུངས་ནས་འབྱིན་ཐུབ་ཡོདཅེས་པའི་མིང་ཐོག་ནས་བསྩལ་ཡོད་པ་རེད།  

   ཁ་ཛུ་ཨོ་ཨིས་ཞིས་གུ་རཱོ་ལགས་དང Sir Salman Rushdie 、Vidiadhar Surajprasad Naipaul གསུམ་ལ“དབྱིན་ཇིའི་རྩོམ་སྟེགས་ཀྱི་སྐྱེས་ཡུལ་དབྱིན་ཇི་མ་ཡིན་པའི་རྩོམ་རིག་གི་སེང་གེ་རྣམ་གསུམ”ཞེས་པའི་མཚན་གསོལ་ནས་ཡོད་པ་དང་། ༡༩༨༩ལོར་ཁོང་གི་བརྩམས་ཆོས《ཉིན་ཨ་རིང་གི་རྗེས་ཤུལ》ལ་དབྱིན་ཇིའི “The Man Booker Prize”ཡི་བྱ་དགའ་ཐོབ་མྱོང་། 

02.jpg  

    ཁ་ཛུ་ཨོ་ཨིས་ཞིས་གུ་རཱོ་ལགས་ལ་ཚབ་མཚོན་བརྩམས་ཆོས་སུ་སྒྲུང་རིང《རི་ལྗོངས་སྐྱ་བོ》དང《འཇིག་རྟེན་ལ་གཡེང་བའི་སྒྱུ་རྩལ་པ》 《ཉིན་ཨ་རིང་གི་རྗེས་ཤུལ》 《འདོད་བློ་ཚིམ་པ་མེད་པའི་སྐྱེ་བོ》 《འཁྲུག་ཟིང་དུས་ཀྱི་དྭ་ཕྲུག་ཁ་སེར》 《གང་ལྟར་ང་འགྲོ་རུ་མ་འཇུག》 《ས་འོག་ཏུ་བསྡུས་པའི་མི་བོ་ཆེ》སོགས་ཡོད།                            

 ཁ་ཛུ་ཨོ・ཨིས་ཞིས་གུ་རཱོ་ཡི་ལོ་རྒྱུས་མདོར་བསྡུས། 

   ༡༩༥༤ལོའི་ཟླ༡༡པའི་ཚེས༨ཉིན་ཁ་ཛུ་ཨོ་ཨིས་ཞིས་གུ་རཱོ་ལགས་ཉི་ཧོང་གི་ན་ག་ས་ཁེ་རུ་སྐུ་བལྟམས།

   ༡༩༦༠ལོར། ཁ་ཛུ་ཨོ་ཨིས་ཞིས་གུ་རཱོ་ཕ་ལགས་དང་ལྷན་དུ་དབྱིན་ཇིར་ཕེབས་པ་དང་། ལོན་ཏོན་གྲོང་ཁྱེར་དང་ཁ་ཐག་ཉེ་བའི་གྲོང་རྡལ་ཆུང་ངུ་ཞིག་ཏུ་གཞི་སྡོད་བྱས།

   ༡༩༧༣ལོར། ཁ་ཛུ་ཨོ་ཨིས་ཞིས་གུ་རཱོ་མཐོ་འབྲིང་ཐོན་ཙམ་གྱིས་ལོ་གཅིག་གི་རིང་ཕྱི་རྒྱལ་དུ་ལྟ་སྐོར་ལ་ཕེབས་པ་དང་། རོལ་ཚོགསQueen Motherཡི་རྔ་རྡུང་མཁན་བྱས་མྱོང་།  

   ༡༩༧༤ལོར། ཁ་ཛུ་ཨོ་ཨིས་ཞིས་གུ་རཱོ་ཡིས་གཙུག་ལག་སློབ་ཆེན་རྣམས་སུ་དབྱིན་ཡིག་དང་མཚན་ཉིད་རིག་པའི་ཕྱོགས་ལ་སྦྱང་བ་མཐར་ཕྱིན་མཛད། 

   ༡༩༧༨ལོར། སློབ་ཆེན་ནས་མཐར་ཕྱིན་པར། ཁ་ཛུ་ཨོ་ཨིས་ཞིས་གུ་རཱོ་ལགས་ལོ་འགར་སྤྱིར་བཏང་གི་རིག་གཞུང་ལས་ཀ་བ་བྱས་ཤིང་། དབྱིན་ཇིའི་ཨན་ཀི་ལི་ཡ་ཤར་མ་གཙུག་ལག་སློབ་ཆེན་དུ་གསར་རྩོམ་སྐོར་ལ་ཞིབ་འཇུག་བྱས། གནས་དེ་གར། ཁ་ཛུ་ཨོ་ཨིས་ཞིས་གུ་རཱོ་ཡིས་ཁོང་གི་བློ་སྒོ་འབྱེད་མཁན་གྱི་སློབ་དཔོན་ཏེ་དབྱིན་ཇིའི་བུད་མེད་བརྩམས་སྒྲུང་མཁས་པ Angela Carter ལགས་ངོ་ཤེས། 

   ༡༩༨༢ལོར། ཁ་ཛུ་ཨོ་ཨིས་ཞིས་གུ་རཱོ་ལགས་དབྱིན་ཇིའི་རྒྱལ་ཁོངས་སུ་ཞུགས།

   ༡༩༨༣ལོར། ཁ་ཛུ་ཨོ་ཨིས་ཞིས་གུ་རཱོ་ཡི་བརྩམས་སྒྲུང་ཐོག་མ《རི་ལྗོངས་སྐྱ་བོ》ཞེས་པ་པར་དུ་སྐྲུན། སྒྲུང་དེ་རུ་དབྱིན་ཇིར་འཚོ་བ་རོལ་གྱིན་པའི་ཉི་ཧོང་གི་ཡུག་མོ་ཞིག་གི་གཏམ་རྒྱུད་སྐུད་སྣེ་བྱས་ཏེ། ཉི་ཧོང་གི་ན་ག་ས་ཁེ་ཡི་དམག་འཁྲུག་དུས་ཀྱི་གོད་ཆག་དང་བསྐྱར་སྐྲུན་སྐོར་བཀོད་ཡོད། སྒྲུང་དེ་ལ་རྐྱེན་བྱས་ཀྱིས་ལོ་དེར་ཁོང་ལ་ཝིན་ཉི་ཧྥུ་ལེ་ཏི་ཧོར་བྷི་རྗེས་དྲན་བྱ་དགའ་ཐོབ་པ་དང་། དབྱིན་ཇིའི་རྩོམ་རིག་དུས་དེབ Granta སྟེང་དབྱིན་ཇིའི་ཆེས་ཕུལ་དུ་བྱུང་བའི་གཞོན་ནུ་རྩོམ་པ་པོ་ཉི་ཤུ་ཡི་གྲས་སུ་བདམས། 

   ༡༩༨༦ལོར།《འཇིག་རྟེན་དུ་གཡེང་བའི་སྒྱུ་རྩལ་པ》ཞེས་པ་པར་སྐྲུན་བྱས། སྒྲུང་དེ་རུ་ཉི་ཧོང་གི་རི་མོ་བ་ཞིག་དང་དབྱངས་རྩོམ་མཁན་གཉིས་ཀྱི་དམག་འཁྲུག་ལ་བཟུང་བའི་རྣམ་འགྱུར་ལྟར་རང་སྲོག་རང་གིས་བཅད་པའི་དབྱངས་རྩོམ་མཁན་གྱི་གཞས་གདངས་དག་ལ་དམག་འཁྲུག་རྗེས་ཀྱི་མི་དམངས་ཀྱིས་དགའ་བསུ་ཐོབ་པ་དང་། རང་སྐྱོན་ཁས་མི་ལེན་པའི་རི་མོ་བ་ལ་མཚོན་ན་གཞོན་དུས་ཀྱི་དམག་འཁྲུག་གིས་རྒས་པའི་དུས་ཀྱི་འཚོ་བར་ཕོག་ཐུག་བཏང་ཡོད་པ་མ་ཟད། རང་གི་བསམ་པ་ལོག་པའི་རྒྱུ་འབྲས་ཚེ་ཐོག་འདིར་འཁོར་བའི་སྡུག་བསྔལ་དག་བྲིས་ཏེ་ཉི་ཧོང་གི་མི་སེར་དག་གིས་དམག་འཁྲུག་ལ་བཟུང་བའི་རྣམ་འགྱུར་སྐོར་འགྲེལ་བརྗོད་བྱས་ཡོད། ལོ་དེརWhitbread Book Awards བྱ་དགའ་ཐོབ་པ་དང་། The Man Booker Prize བྱ་དགའི་འདེམས་གྲས་སུ་ཚུད། 

   ༡༩༨༩ལོར། སྒྲུང་རིང《ཉིན་ཨ་རིང་གི་རྗེས་ཤུལ》ཞེས་པར The Man Booker Prize བྱ་དགའ་ཐོབ། 

   ༡༩༩༥ལོར།《འདོད་བློ་ཚིམ་པ་མེད་པའི་སྐྱེ་བོ》ཞེས་པ་པར་སྐྲུན་བྱས། སྒྲུང་དེ་རུ་རྣོ་སྦྲེང་དཀྲོལ་མཁན་སྐད་གྲགས་ཞིག་གིས་ཡོ་རོབ་ཀྱི་གྲོང་རྡལ་ཆུང་ངུ་ཞིག་ཏུ་འཁྲབ་སྟོན་བྱེད་པ་ལ། རྙིང་ཀོག་གི་མགྲོན་ཁང་ལས་མགོ་འཁོར་བ་ནང་བཞིན་ཕྱིར་འབུད་ཐབས་མ་བྱུང་བས། ཁོང་གི་མདུན་ལམ་དེ་ཡང་རབ་རིབ་མོག་མོག་ཏུ་གྱུར་བའི་སེམས་ཁམས་ཀྱི་བྲེལ་འཚུབ་སྐོར་བྲིས་ཡོད། ལོ་དེར་དབྱིན་ཆེན་མོའི་བྱས་རྗེས་གཟེངས་རྟགས་སོགས་བྱ་དགའ་འགའ་རེག

   ༡༩༩༨ལོར། ཁ་ཛུ་ཨོ་ཨིས་ཞིས་གུ་རཱོ་ལགས་ལ་ཧྥ་རན་སིའི་སྒྱུ་རྩལ་དང་རྩོམ་རིག་གི་རྟ་བ་ཆེན་མོའི་བྱས་རྗེས་གཟེངས་རྟགས་ཐོབ།  

   ༢༠༠༠ལོར། ཁ་ཛུ་ཨོ་ཨིས་ཞིས་གུ་རཱོ་ཡིས《འཁྲུག་ཟིང་དུས་ཀྱི་དྭ་ཕྲུག་ཁ་སེར》ཞེས་པ་པར་སྐྲུན་བྱས། སྒྲུང་དེ་རུ་དབྱིན་ཇིའི་མྱུལ་ཞིབ་པ་ཞིག་གིས་རང་ཉིད་ཆུང་ངུའི་དུས་སུ་ཕ་མ་གཉིས་ཧྲང་ཧེ་གྲོང་ཁྱེར་དུ་གར་སོང་ཆ་མེད་གྱུར་བའི་གནས་ཚུལ་ལ་རྩད་ཞིབ་བྱས་པ་བརྒྱུད་ཉལ་ཐ་བཙོང་མཁན་གྱི་ཕ་དང་ལས་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པའི་མ་ཡུམ་གཉིས་ཀྱི་རང་སོ་སོའི་མི་ཚེ་བདམས་ཀ་ལྟར་དཔའ་བའི་སེམས་དང་ལྡན་པའི་ལོ་རྒྱུས་ཀྱི་བྱུང་བ་ཞིག་འབྲི་འགོད་བྱས་ཡོད།  

   ༢༠༠༥ལོར། ཁ་ཛུ་ཨོ་ཨིས་ཞིས་གུ་རཱོ་ཡིས《གང་ལྟར་ང་འགྲོ་རུ་མ་འཇུག》ཅེས་པ་པར་དུ་སྐྲུན། སྒྲུང་དེ་འདྲ་བཟོའི་མི་ཁྰ་ཞི་ཡི་དྲན་སྣང་བརྒྱུད་ཁོ་ཚོའི་སྐྱོ་ལ་སྡུག་པའི་བྱིས་དུས་ཀྱི་འཚོ་བ་དེ་དམྱལ་བ་ལྟ་བུ་ཞིག་ཡིན་པ་དང་། ལས་ཀྱི་བྱེད་པོས་ཁོ་ཚོ་ལ་ཐར་བའི་ལམ་སྣ་མི་སྟོན་པར་གཞོན་ནུ་ཕོ་མོ་ཕན་ཚུན་བརྩེ་དུང་གིས་འོ་ཆུ་བཞིན་འདྲེས་པའི་དུས་ལ། ད་གཟོད་རང་ཉིད་མིའི་རིགས་ཀྱི་སྨན་བཅོས་ཐབས་སུ་སྐྲུན་པའི་འདྲ་བཟོའི་མི་ཡིན་པ་ཤེས་པ་དང་། རང་རང་གི་དོན་ལྔ་སྣོད་དྲུག་དང་ཡན་ལག་ཐམས་ཅད་རེ་རེ་བཞིན་བཅད་དེ་མིའི་རིགས་ལ་སྤྲོད་དགོས་པའི་བྱུང་རིམ་སྐོར་བཀོད་དེ་འདྲ་བཟོའི་མི་ལ་རྣམ་ཤེས་ཡོད་མེད་དང་དེ་དག་གི་ཡན་ལག་སོགས་གཅོད་པ་མི་ཆོས་དང་མཐུན་མིན་སྐོར་ལ་དྲི་བ་ཆེན་པོ་ཞིག་འདོན་ཐུབ་ཡོད་པ་རེད།  

   ༢༠༡༥ལོར།《ས་འོག་ཏུ་བསྡུས་པའི་མི་བོ་ཆེ》ཞེས་པ་པར་དུ་སྐྲུན།  

   ༢༠༡༧ལོའི་ཟླ༡༠བར། ཁ་ཛུ་ཨོ་ཨིས་ཞིས་གུ་རཱོ་ལགས་ལ༢༠༡༧ལོའི་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ། སི་ཝེས་དན་རྩོམ་རིག་སློབ་གླིང་གིས་ཁོང་ལ“ཁ་ཛུ་ཨོ་ཨིས་ཞིས་གུ་རཱོ་ལགས་ཀྱི་བརྩམས་སྒྲུང་གིས་བརྩེ་བ་ཆེན་པོའི་སྟོབས་ཀྱིས་ང་ཚོ་འཇིག་རྟེན་དང་ཉེ་བར་འབྲེལ་བའི་སྟོང་བསམ་དེའི་རྒྱུད་ཀྱི་མ་རིག་པ་དེ་དྲུངས་ནས་འབྱིན་ཐུབ་ཡོད”ཅེས་པའི་མིང་ཐོག་ནས་བསྩལ་ཡོད་པ་རེད།  

གསར་རྩོམ་གྱི་ཁྱད་ཆོས།

  ཁ་ཛུ་ཨོ・ཨིས་ཞིས་གུ་རཱོ་ལགས་རུས་རྒྱུད་སྨྲ་བའི་རྩོམ་པ་པོ་དག་དང་མི་འདྲ་བ་ཞིག་ནི། ཁོང་ལ་ཉི་ཧོང་དང་དབྱིན་ཇིའི་རིག་གནས་རྒྱབ་ལྗོངས་ཟུང་ལྡན་དུ་མངའ་ནའང་ཁོང་གིས་དེ་ཉིད་ཐུན་མོང་མ་ཡིན་པའི་འཚོ་བ་ཞིག་ཏུ་མི་བལྟ་བར་རང་ཉིད་ནམ་ཡིན་ཡང་རྒྱལ་སྤྱི་རང་བཞིན་གྱི་རྩོམ་པ་པོ་ཞིག་ཏུ་བལྟ། དེ་ཡང་ཁ་ཛུ་ཨོ་ཨིས་ཞིས་གུ་རཱོ་ཡི་སྒྲུང་ནང་གི་ཉི་ཧོང་ནི་རབ་རིབ་མོག་མོག་ཅིག་སྟེ། ལོ་རྒྱུས་ཀྱི་ཕྱིར་དྲན་ཙམ་ལས་དེང་གི་ཉི་ཧོང་ལ་ཁོ་རང་སྦད་དེ་ཆ་རྒྱུས་མེད། དེ་བས་ཁ་ཛུ་ཨོ་ཨིས་ཞིས་གུ་རཱོ་ཡིས་རང་ཉིད་ནམ་ཡང་ངེས་པ་དོན་གྱི་དབྱིན་ཇི་བ་ཞིག་ཏུ་ངོས་འཛིན་གྱིན་ཡོད་ནའང་། རུས་རྒྱུད་ཀྱི་རྒྱབ་ལྗོངས་ཁོ་ནས་དབྱིན་ཇི་བ་དག་གིས་ཁོ་རང་ཉི་ཧོང་བ་ཞིག་ཏུ་བལྟ་ཡི་ཡོད་པ་དེས། ཁ་ཛུ་ཨོ་ཨིས་ཞིས་གུ་རཱོ་ལགས་བར་མ་དོ་རུ་གྱུར་བ་ནས་ཁོང་གི་སྨྱུག་ཁ་ནས་ཐོན་པའི་མི་སྣ་དག་དབྱིན་ཇི་བ་ཡིན་ཆོག་ལ། ཉི་ཧོང་བ་ཡང་ཡིན་ཆོག ཐ་ན་རྒྱལ་ཁབ་དང་མི་རིགས་ལ་བལྟས་པ་མེད་པར་སུ་ཡང་ཡིན་ཆོག་པ་རེད།

  ཁ་ཛུ་ཨོ་ཨིས་ཞིས་གུ་རཱོ་ལགས་ཀྱིས་ཐོག་མའི་དུས་སུ་ཉི་ཧོང་གི་སྡེབ་སྦྱོར་ལྟར་དབྱིན་ཡིག་གི་རྩོམ་བྲིས་པ་ལ་སྒྲུང་ནང་གི་མི་ཚང་མས་ཉི་ཧོང་གི་སྐད་རྒྱག་པ་ནང་བཞིན་ཐོན་ནའང་། གསར་རྩོམ་གྱི་ཉམས་མྱོང་ཁྲོད་དུ་ཁོང་གིས་ལོ་ཙྰའི་ཚིག་རིས་ཇི་བཞིན་ཐོན་པའི་བརྗོད་པ་དེ་ལ་འཕོ་འགྱུར་འབྱུང་དུ་བཅུག་སྟེ་རང་གི་ཐུན་མོང་མ་ཡིན་པའི་སྐད་བརྡ་ཞིག་གསར་གཏོད་ཐུབ་ཡོད། ཁ་ཛུ་ཨོ་ཨིས་ཞིས་གུ་རཱོ་ཡིས་སྔ་མའི་རྩོམ་ཕལ་ཆེ་བ་ཞིག་འབོད་པའི་ཐ་སྙད་དང་པོབདགཅེས་པ་ལས་སེམས་ཁམས་ཞིབ་འབྲི་བྱས་པ་ཞིག་ཡིན་ནའང་། ༢༠༡༥ལོར་བྲིས་པའི《ས་འོག་ཏུ་བསྡུས་པའི་མི་བོ་ཆེ》ཞེས་པ་འབོད་པའི་ཐ་སྙད་གསུམ་པ་དང་དང་པོ་གཉིས་རྡེབ་བརྩེགས་སུ་མངོན་པ་ལས་སྒྲུང་གི་བར་སྟོང་ཇེ་ཆེར་བཏང་ཡོད་ལ། བླ་ལྷག་དུས་རབས་བར་མའི་ཞིབ་བརྗོད་བྱེད་ཐབས་ཀྱི་བརྗོད་པ་ལྷུར་བླངས་པ་དེས་ལྐོག་གྱུར་གྱི་མཛེས་པ་གཞན་ཞིག་སྟོན་ཐུབ་ཡོད་པ་རེད། 

  ཁ་ཛུ་ཨོ་ཨིས་ཞིས་གུ་རཱོ་ཡིས་སྒྲུང་འབྲི་མཁན་ཞིག་ལ་ཆ་མཚོན་ན། རང་ཉིད་ཀྱི་འཇིག་རྟེན་ཞིག་གསར་བཟོ་བྱེད་དགོས་པ་ལས། དངོས་ཡོད་ཀྱི་འཇིག་རྟེན་བསྐྱར་དཔར་བྱེད་པ་ཁོ་ན་ཙམ་མིན་ཞེས་བརྗོད་ཡོད་པ་རེད། 

མང་དུ་ཀློག་པ།

ཨ་རིའི་གླུ་རྒྱུན་ལས་བྱུང་ལ་གླུ་རྒྱུན་དུ་འཐིམ་པའི་བྷོབ་*ཌེལིན། http://www.tibetcm.com/news/2016-10-26/8211.html

༢༠༡༥ལོའི་ནོ་པེལ་གྱི་རྩོམ་རིག་བྱ་དགའ་བྷེ་ལ་རི་སིའི་བུད་མེད་རྩོམ་པ་པོ་སི་ཝེད་ལ་ན་ཨ་ལེག་ཧེ་ཆི་ལ་ཐོབ་པ། http://www.tibetcm.com/news/2015-10-08/7779.html

༢༠༡༤ལོའི་ནོ་པེལ་གྱི་རྩོམ་རིག་བྱ་དགའ་རྩོམ་པ་པོ་ཕ་ཐྲི་ཁི་མོ་ཏི་ཡ་ནོ་ལགས་ལ་ཐོབ་པ། http://www.tibetcm.com/news/2014-12-10/2871.html

རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

༢༠༡༧ལོའི་ནོ་པེལ་རྩོམ་རིག་བྱ་དགའ་ཁ་ཛུ་ཨོ・ཨིས་ཞིས་གུ་རཱོ་ལགས་ལ་ཐོབ་པ།

2017-10-06 རེ་རྐང་གླིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།