དེབ་གསར《རྩོམ་རིག•གསར་རྩོམ•དཔྱད་བརྗོད》ཅེས་པ་དངོས་སུ་བཀྲམ་པ།

image001.jpg

《རྩོམ་རིག•གསར་རྩོམ•དཔྱད་བརྗོད》ཅེས་པའི་དེབ་འདི་ནི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་སློབ་གླིང་གི “ཕུལ་བྱུང་སློབ་ཆེན་དང་ཕུལ་བྱུང་རིག་ཚན”ལ་རྒྱབ་སྐྱོར་བྱེད་པའི་ཞིབ་འཇུག་མ་དངུལ་སྤྱད་ནས། “བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ཚོགས”ཞེས་པའི་མུ་འབྲེལ་ཞིབ་འཇུག་ལས་གཞི་སྤེལ་བ་ལས་ཁག་གཉིས་པའི་གྲས་ཡིན་ཞིང་། ཁག་དང་པོ་རུ《བོན་གྱི་ལྷ་རབས་ལ་དཔྱད་པ》དང་།《ཁྲི་འདུས་སྲོང་གི་མགུར་གླུར་དཔྱད་པ》《གསར་རྩོམ་ཉམས་མྱོང་གླེང་བ》《སྐྱབས་ཆེན་བདེ་གྲོལ་ཞིབ་འཇུག》《ལོ་བརྒྱའི་ལྷ་སའི་སྙན་ངག་ཞིབ་འཇུག》《བོད་ཀྱི་དེང་རབས་སྙན་ངག་རིག་པ》《སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་ལ་དཔྱད་པ》བཅས་དེབ་བདུན་དངོས་སུ་དཔེ་སྐྲུན་འགྲེམ་སྤེལ་བྱས་ཡོད།  “བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ཚོགས”ཁག་གཉིས་པ་རུ་ད་ལྟའི་ཚུན་དུ《ཚེ་རིང་དོན་གྲུབ་ཀྱི་སྒྲུང་གཏམ་ལ་དཔྱད་པ》དང་།《འཇུ་སྐལ་བཟང་གི་སྙན་ངག་ལ་དཔྱད་པ》ཐེངས་འདིའི《རྩོམ་རིག•གསར་རྩོམ•དཔྱད་བརྗོད》གསུམ་པར་དུ་བསྐྲུན་ཟིན་པ་དང་།  ད་དུང་པར་དུ་བསྐྲུན་འཆར་ལ《བོད་ཀྱི་རྩོམ་པ་པོའི་གསར་རྩོམ་ཉམས་མྱོང་ལ་དཔྱད་པ》དང《རཱ་མ་ཎའི་རྟོགས་བརྗོད་ཀྱི་འགྲེལ་བ》 《སྙན་ངག་མེ་ལོང་གི་བརྡ་ཆད་རྣམ་བཤད》 བཅས་ཡོད།

image003.jpg

《རྩོམ་རིག•གསར་རྩོམ•དཔྱད་བརྗོད》ཅེས་པའི་རྩོམ་རིག་གླེང་བརྗོད་འདིར་རྩོམ་རིག་དང་། གསར་རྩོམ། དཔྱད་བརྗོད་ཐད་ནས་རྩོམ་པ་པོ་རང་ཉིད་ཀྱི་ལྟ་ཚུལ་མང་པོ་བརྗོད་ཡོད། དེབ་འདིའི་ཁྱད་ཆོས་ནི་རྩོམ་པ་པོས་རྩོམ་རིག་གི་ངོ་བོའི་སྟེང་ནས་རྩོམ་རིག་གི་འབྱུང་ཁུངས་རྟོག་ཞིབ། རྩོམ་རིག་གི་མཚན་ཉིད་མཐའ་དཔྱོད། རྩོམ་རིག་གི་མཚོན་བྱ་གསེད་བཀྲོལ། རྩོམ་རིག་གི་མཚོན་ཐབས། རྩོམ་རིག་གི་སྒྲིག་སྲོལ་བསྐྱར་གླེང་། རྩོམ་རིག་གི་ས་མཚམས་དབྱེ་ཞིབ། རྩོམ་རིག་གི་དམིགས་ཡུལ་ངོ་མ། རྩོམ་རིག་གི་ནུས་པ་སླར་གསོ་སོགས་ཀྱི་ཐད་ལ་ཉམས་ཞིབ་བྱས་ཡོད་པ་དང་། གསར་རྩོམ་ལས་རྩོམ་པ་པོ་རང་ཉིད་ཀྱི་གསར་རྩོམ་ཉམས་མྱོང་བརྒྱུད་དེ། གསར་རྩོམ་གྱི་བརྒྱུད་རིམ། རྩོམ་པ་པོའི་ཆ་རྐྱེན། འཚོ་བ་དང་གསར་རྩོམ། སྒྲུང་གཏམ་གྱི་གཏམ་རྒྱུད། སྒྲུང་གཏམ་གྱི་མི་སྣ། སྒྲུང་གཏམ་གྱི་བྱུང་རིམ། སྒྲུང་གཏམ་གྱི་སྒྲིག་གཞི། སྒྲུང་གཏམ་གྱི་སྐད་ཆ་བཅས་དང་། དཔྱད་བརྗོད་ལས་རྩོམ་པ་པོ་རང་གི་སྒྲུང་གཏམ་ལ་གཞན་གྱིས་དཔྱད་བརྗོད་མང་པོ་སྤེལ་ཡོད་པ་ལས་བོད་ཀྱི་རྩོམ་པ་པོ་གྲགས་ཅན་དོན་གྲུབ་རྒྱལ་གྱི《ཚུལ་ཁྲིམས་རྒྱ་མཚོ》ཞེས་པའི་སྒྲུང་འབྲིང་གི་རྩོམ་མཇུག་བསྐྱངས་པ《ཚུལ་ཁྲིམས་རྒྱ་མཚོ》ཞེས་པ་དང་། བོད་ཀྱི་ལོ་རྒྱུས་སྒྲུང་རིང《ཐོན་མི་སམྦྷོ་ཊ》 སྒྲུང་ཐུང《བྱི་ལའི་གཏམ་རྒྱུད》  སྒྲུང་འབྲིང《བྲག་ཁུང་པ་དང་། ཁོང་གི་ཉེ་འཁོར་གྱི་ཚོང་བ་ཚོ》བཅས་ཟུར་མི་འདྲ་བ་འགའ་ཟུར་དུ་བཏོན་ཏེ་དཔྱད་བརྗོད་ཀྱི་གཞུང་ལུགས་ལས་བྱུང་བའི”སྡོམ་ཚིག"ཇི་སྙེད་ཅིག་བཀོལ་ཏེ་བསམ་ཞིབ་བྱེད་པའི་ཞོར་ནས་བརྩམས་ཆོས་དང་དཔྱད་བརྗོད་བར་གྱི་འགལ་འབྲེལ་དེ་ཇི་ལྟར་ཐག་གཅོད་ལེགས་པོ་བྱེད་པའི་ཕྱོགས་ལ་བསམ་གཞིགས་བཏང་ཡོད།

རྩོམ་རིག་གླེང་བརྗོད་འདིའི་ནང་དུ་དེང་རབས་བོད་ཀྱི་རྩོམ་རིག་གཞུང་ལུགས་འཛུགས་སྐྲུན་ལ་སྨན་པའི་སྐད་ཆ་མང་པོ་ཞིག་ཡོད་པ་དང་། བོད་རང་གི་ཡུལ་དུས་དང་། ཆ་ལུགས། ལོ་རྒྱུས། རིག་གནས། བསམ་པའི་འཁྱེར་སོ་སོགས་སྟོན་ནུས་པའི་བོད་ཀྱི་དེང་རབས་རྩོམ་རིག་གཞུང་ལུགས་ཤིག་འབྱུང་བར་ཆ་རྐྱེན་བསྐྲུན་ཡོད།    

 image005.jpg

        རྩོམ་པ་པོ་ངོ་སྤྲོད།

       རང་སྒྲ། མིང་དངོས་ལ་ཚེ་རྒྱལ། བོད་རིགས། ཤེས་རམས་པ། རྩོམ་སྒྲིག་ཞུས་ཆེན་པ། ཞིབ་འཇུག་ཁ་ཕྱོགས། ནང་བསྟན། རྩོམ་རིག  《བོད་ཀྱི་དགོན་སྡེའི་རིག་གནས་སྤྱི་བཤད་མེ་ཏོག་ཕྲེང་བ》དང《འབའ་གཞུང་ལོ་རྒྱུས་མེས་པོའི་ཞལ་ལུང་།》 《རྩོམ་རིག•གསར་རྩོམ•བརྗོད་བརྗོད》《ཐོན་མི་སམྦྷོ་ཊའི་མཛད་རྗེས་ལས་བརྩམས་པའི་རྟོགས་བརྗོད་ཀུན་ཏུ་བཟང་པོའི་ཟློས་གར།》  《གངས་འདབས་ཀྱི་གཏམ་རྒྱུད》  《ཚེ་རྒྱལ་གྱི་སྒྲུང་གཏམ་ཕྱོགས་བསྒྲིགས》(རྒྱ་ཡིག) 《ཕལ་བའི་མི་ཚེ》སོགས་རིག་གཞུང་ཞིབ་འཇུག་དང་རྩོམ་རིག་བརྩམས་ཆོས་ཀྱི་དཔེ་དེབ་བདུན་ཙམ་དཔེ་སྐྲུན་ཞུས་ཡོད། 《མང་ཚོགས་སྒྱུ་རྩལ་ལེགས་རྩོམ་དཔེ་ཚོགས》དེབ༡༢དང་། 《བོད་ཀྱི་དམངས་སྲོལ་རིག་གནས་དཔེ་ཚོགས》དེབ༡༨། གཞན་ཡང་《བོད་ཀྱི་དམངས་ཁྲོད་རྩོམ་རིག་དཔེ་ཚོགས》དེབ༧བཅས་དེབ་༣༧ཙམ་གཙོ་སྒྲིག་ཞུས་ཏེ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་དང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཡོད། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དང་། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི། མཚོ་སྔོན་ཞིང་ཆེན་ལོ་ཙཱ་བ་མཐུན་ཚོགས་ཀྱི་ལས་འཛིན་བཅས་དང་། ད་ལྟ་མཚོ་སྔོན་ཞིང་ཆེན་རིག་གནས་ཁང་《བོད་ཀྱི་དམངས་སྲོལ་རིག་གནས》རྩོམ་སྒྲིག་ཁང་དུ་རྩོམ་སྒྲིག་གི་ལས་ཀ་གཉེར་མུས་ཡོད།

རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།