༢༠༡༧ལོའི་རྒྱལ་སྤྱིའི་རྩོམ་རིག་ལས་རིགས་སུ་བྱུང་བའི་གནས་ཚུལ་ཆེ་བ་བརྒྱད།
༡ ནོ་བྷེལ་རྩོམ་རིག་བྱ་དགའ།
སུའེ་ཏེན་གྱི་དུས་ཚོད། ཟླ་བ་༡༠པའི་ཚེས་༥ཉིན་གྱི་ས་གནས་དེ་གའི་ཕྱི་དྲོ་ཆུ་ཚོད་དང་པོར་( རྒྱ་ནག་ཆུ་ཚོད་དགོངས་དྲོ་བདུན་པ།) ཉིས་སྟོང་བཅུ་བདུན་ལོའི་ནོ་བྷེར་རྩོམ་རིག་བྱ་དགའ་ཕ་ཡུལ་ཉི་ཧོང་ནས་ཡིན་པའི་དབྱིན་ཇིའི་རྩོམ་པ་པོ་ཨི་ཤི་གུ་རོ་ཉིད་ལ་ཐོབ་པ་གསལ་བསྒྲགས་བྱས།
རྩོམ་རིག་གླིང་གིས་གཟེངས་རྟགས་ཕུལ་བའི་རྒྱུ་མཚན་ནི། ༼ ཁོང་གི་བརྩམས་སྒྲུང་ལ་བརྩེ་དུང་གི་རླབས་ཤུགས་ཆེ་ཞིང་། འཁྲུལ་སྣང་ཁྲོད་ཀྱི་དམྱལ་ཁམས་ཀྱི་ངོ་གདོང་དང་འཚོ་བ་དངོས་གཉིས་བར་གྱི་འབྲེལ་བའི་ཁེབས་བཤུ་བས་སོ།།༽ ཅེས་བཤད།
༢ དབྱིན་ཇིའི་བྷོ་ཁེར་རྩོམ་རིག་བྱ་དགའ།
ལུན་གྷེའི་དུས་ཚོད། ཟླ་༡༠པའི་ཚེས་༡༧ཉིན་གྱི་དགོངས་དྲོ་ཆུ་ཚོད་༨པར་ད་སྐབས་དགུངས་ལོ་ལྔ་དགུར་སོན་པའི་ཨ་རིའི་རྩོམ་པ་པོ་གྷེར་གྷེ་སྲན་ཌེར་ལགས་ལ་ཁོང་གི་བརྩམས་སྒྲུང་གསར་པ་༼ བར་དོའི་ཁམས་ཀྱི་ལིན་ཁེན། ༽ (Lincoln in the Bardo) བརྒྱུད་དེ་ཉིས་སྟོང་བཅུ་བདུན་ལོའི་དབྱི་ཇིའི་བྷོ་ཁེར་རྩོམ་རིག་བྱ་དགའ་ཐོབ་ཡོད་ལ། འདི་ནི་༢༠༡༤ལོར་བྷོ་ཁེར་རྩོམ་རིག་གི་སྒྲིག་སྲོལ་གློད་པ་ནས་བཟུང་ཨ་རི་རྩོམ་པ་པོའི་གྲས་ཀྱི་བྱ་དགའ་ཐོབ་མཁན་གཉིས་པ་དེ་ཡིན། བྱ་དགའ་ཐོབ་མཁན་དང་པོ་ནི་ཕོལ་བྷིའི་ཐྲིས་ཡིན།
༣ གྷོན་ཁུར་ཐྲི་རྩོམ་རིག་བྱ་དགའ།
ས་གནས་དེའི་དུས་ཚོད། ཟླ་༡༠པའི་ཚེས་༦ཉིན་ཉིས་སྟོང་བཅུ་བདུན་ལོའི་གྷོན་ཁུར་ཐྲི་བྱ་དགའ་ཧྥ་རན་སིའི་རྩོམ་པ་པོ་ཨེ་རི་ཁེ•ཝུ་ལུར་ཌེ་ཡིས་རང་གི་བརྩམས་སྒྲུང་༼ ཉིན་ལས། ༽ཞེས་པ་བརྒྱུད་དེ་ཧྥ་རན་སིའི་སྐད་ཡིག་ཁྲོད་ཀྱི་ཆེས་གལ་ཆེ་བའི་རྩོམ་རིག་བྱ་དགའ་འདི་ཐོབ་པ་བསྒྲགས།
གྷོན་ཁུར་ཐྲི་རྩོམ་རིག་ཚོགས་པས་བྱ་དགའི་ཚིག་ནི་༼ མིག་འཕྲུལ་མགོ་ཁྲུག་གི་དོན་རྐྱེན་རེ་རེ་སྤྱད་དེ། ལྷད་མེད་ཀྱི་ཧྥ་རན་སིའི་དར་འཕེལ་ཞིབ་འབྲི་བྱས་པས་སོ། ༽ ཅེས་བསྒྲགས།
༤ ཕུ་ལེར་ཛེར་བརྩམས་སྒྲུང་བྱ་དགའ།
ཨ་རིའི་ཤར་ཁུལ་མངའ་སྡེའི་དུས་ཚོད། ཟླ་བ་༤པའི་ཚེས་༡༠ཉིན་གྱི་ཕྱི་དྲོ་ཆུ་ཚོད་གསུམ་པར་སྐབས་༡༠༡པའི་ཕུ་ལེར་ཛེར་བྱ་དགའ་ཀེ་ལོན་བྷི་ཡ་སློབ་ཆེན་དུ་ཁྱབ་བསྒྲགས་བྱས་ཏེ། འདས་ལོར་ཨ་རིའི་རྒྱལ་ཁབ་དཔེ་མཛོད་བྱ་དགའ་ཐོབ་པའི་རྩོམ་པ་པོ་ཨོ་སུན•ཝ་ཐྲའེ་གྷྲི་ཡི་བརྩམས་སྒྲུང་༼ ས་འོག་ལྕགས་ལམ། ༽ ལ་ཕུ་ལེར་ཛེར་བརྩམས་སྒྲུང་བྱ་དགའ་ཐོབ།
༼ ས་འོག་ལྕགས་ལམ། ༽ ནི་མི་ནག་བྲན་གཡོག་བརྗོད་བྱ་བྱས་པ་ཞིག་ཏེ། གཞོན་ནུ་མ་ཁེ་ལཱ་གསང་བའི་ས་འོག་ལྕག་ལམ་བརྒྱུད། ནུབ་ཕྱོགས་ནས་བྱང་ཕྱོགས་ལ་ཕྱོགས་ནས་རང་དབང་ལ་སྙེགས་པའིགཏམ་བརྒྱུད་ཞིབ་བཤད་བྱས་སོ། །
༥ ཁཱབ་ཁ་རྩོམ་རིག་བྱ་དགའ།
ལོ་ན་དོན་བདུན་ལ་སོན་པའི་ཁ་ཎ་ཌའི་རྩོམ་པ་པོ་མཱ་གྷེ་ལེ་ཐི•ཨ་ཐིའུ་ལ་ཉིས་སྟོང་བཅུ་བདུན་ལོའི་ཧྥུ་ལང་ཚི•ཁཱབ་ཁ་རྩོམ་རིག་བྱ་དགའ་ཐོབ་ལ། མ་ཟད་བྱ་དགའི་དངུལ་ཨ་སྒོར་ཁྲི་གཅིག་ཐོབ་ཡོད།
ཨ་ཐིའུ་ནི་༡༩༣༩ལོར་ཁ་ཎ་ཌའི་རྒྱལ་ས་ཨུ་ཐེ་ཧྥ་ལ་སྐྱེས། རེ་དགུ་ལོར་བརྩམས་སྒྲུང་ཐོག་མ་༼ བཟའ་ཆོག་པའི་བུ་མོ། ༽ ནས་བཟུང་རྩོམ་རིག་གི་ལམ་ཁར་བཞུགས། ཐེངས་ལྔར་བྷོ་ཁེར་རྩོམ་རིག་བྱ་དགའི་མིང་ཐོ་ནང་ཚུད་ནས་ཉིས་སྟོང་ལོར་བརྩམས་སྒྲུང་༼ སྐོག་གསོད་པ་ལོང་བ། ༽ ཞེས་པ་བརྒྱུད་དེ་བྱ་དགའ་ཐོབ། ཁོང་གི་གྲགས་ཅན་བརྩམས་སྒྲུང་ངམ་ཚབ་མཚོན་བརྩམས་ཆོས་ནི་༡༩༨༥ལོར་དཔར་བསྐྲུན་བྱས་པའི་༼ ཞལ་ཏ་མའི་གཏམ་རྒྱུད། ༽ཞེས་པ་དེ་ཡིན། དེབ་འདི་རྗེས་སུ་གློག་བརྙན་དང་གླུ་གར། མུ་འབྲེལ་བརྙན་འཕྲིན་བཅས་སུ་འཁྲབ་ཡོད།
༦ ཌྷོབ་ལིན་རྩོམ་རིག་བྱ་དགའ།
ཨེན་གྷི་ལ་རྩོམ་པ་པོ་ཧུའུ་སེ་ཨེ་སྒྲོ་ཨ་སྒྲོ་ཨ་གྷེ་ཨ་ལོ་སཱ་ལ་རང་གི་བརྩམས་སྒྲུང་༼ ཀུན་བཤད་བརྗེད་ཚུལ། ༽ (A General Theory of Oblivion)ཞེས་པར་ཉིས་སྟོང་བཅུ་བདུན་ལོའི་རྒྱལ་སྤྱི་ཌྷོབ་ལིན་རྩོམ་རིག་བྱ་དགའ་ཐོབ་ལ། འདི་ནི་འཛམ་གླིང་ཐོག་བྱ་དགའི་དངུལ་མཐོ་ཤོས་ཀྱི་རྩོམ་རིག་བྱ་དགའི་གྲས་ཀྱི་གཅིག་གོ །
ཡོ་སྒོར་ཁྲི་བཅུ་ལྷག་ཅན་གྱི་བྱ་དགའི་དངུལ་ལ་བརྟེན་དེ་ཁོང་གིས་རྣམ་ཀུན་དྲན་གྱིན་པའི་ཐུགས་འདུན་ཏེ། མོའོ་སེང་ཁེའེ་གྱི་བུ་ཚབ་ཉར་སའི་ཁྱིམ་འགྲམ་གྱི་གླིང་ཕྲན་ལ་དཔེ་མཛོད་ཁང་ཞིག་འཛུགས་པ་དེའང་མངོན་དུ་གྱུར་ཡོད།
༧ སེ་ཝང་ཐིའི་སེ་རྩོམ་རིག་བྱ་དགའ།
ད་ལོའི་སེ་ཝང་ཐིའི་སེ་རྩོམ་རིག་བྱ་དགའ་ནི་སི་ཕེང་ས་གནས་ཀྱི་དུས་ཚོད། ཟླ་བ་༡༡པའི་ཚེས་༡༦་ཉིན་བསྒྲགས་པ་ལྟར་ན། ནེའུ་ཁུར་ར་གྷེ་ཨ་(Nicaragua)ཡི་གྲགས་ཅན་རྩོམ་པ་པོ་སེར་ཤེའུ་•ལཱ་མེ་ལེས་སེ་ལ་ཐོབ་ཡོད།
ཁོང་ནི་ལོ་རབས་བདུན་བཅུ་པར་ལ་མི་རྩོམ་རིག་“འབར་གས”ཀྱི་དུས་སྐབས་ཕྱི་མའི་ནང་གྲགས་པར་གྱུར་བ་ཞིག་ཡིན་ཞིང་། སྔ་རྗེས་སུ་བརྩམས་སྒྲུང་༼ ལྷ་ཡི་སྡིག་སེལ། ༽ (༡༩༨༨) དང་༼ མ་གྷེར་ཐྲ། མཚོ་ཆེན་ནི་ཅི་འདྲའི་མཚར་དུ་སྡུག ༽ ཞེས་པ་གཉིས་བརྒྱུད་དེ་༡༩༩༧ལོའི་སི་ཕེང་ཨར་ཧྥ་ཀོ་ལཱ་བརྩམས་སྒྲུང་བྱ་དགའ་ཐོབ།
༨ ཧྥུ་ཁེ་ཎེར་བྱ་དགའ།
ཨ་རིའི་དུས་ཚོད། ཟླ་བ་༤པའི་ཚེས་༧་ཉིན་ཧྥུ་ཁེ་ཎེ་ཐེབས་རྩ་ལྷན་ཚོགས་ཀྱི་གཙོ་འཛིན་པ་སུའུ་ཧྲན་ལི་ཐྲ་དྷེ་ཡིས་ཨ་རིའི་མི་ནག་ན་གཞོན་རྩོམ་པ་པོ་ཨེན་པོ་ལོ•མུ་པུ་ལ་ཉིས་སྟོང་བཅུ་བདུན་ལོའི་རྒྱལ་སྤྱི་སྨྱུག་ཚོགས་སམ་ཧྥུ་ཁེ་ཎེར་བྱ་དགའ་ཐོབ་པར་བསྒྲགས།
ཨ་རིའི་བརྩམས་སྒྲུང་པ་ཞིག་གི་ངོས་ནས་བཤད་ན་བྱ་དགའ་འདི་ཐོབ་པ་ནི་གསར་རྩོམ་ལས་རིགས་ཁྲོད་ཀྱི་ཆེས་བླ་ན་མེད་པའི་མཚན་སྙན་ཡིན་ནོ།།
བསྒྱུར་སྒྲིག་པ། སྒར་སར།
translator / Living Heart
རྩོམ་སྒྲིག་པ། གངས་དགའ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།