མདའ་ཚན་བླ་མ་སྐྱབས་ཀྱི་གཏམ་བཤད་“བོད་ཀྱི་སྙན་ངག་སྒྱུར་བའི་བར་དོའི་ལས”ཞེས་པའི་སྐོར།

eb4ee75e-b893-4545-934c-1d37b290b41b.JPG
གཏམ་བཤད་གལ་ཆེན་དེའི་བརྡ་ཁྱབ།

དབྱིན་ཡུལ་ཨོཁེསེཧྥོར་ཌི་སློབ་གྲྭ་ཆེན་མོའི་(University of Oxford) རྩོམ་རིག་ཉམས་ཞིབ་པ་དང་དགེ་རྒན་ཆེན་མོ་མདའ་ཚན་བླ་མ་སྐྱབས་ལགས་ཀྱིས་ཨ་རིའི་ཁོ་ལཱོ་ར་ཌོ་སློབ་གྲྭ་ཆེན་མོ་(University of Colorado) རུ། ཕྱི་ཟླ་བཅུ་བའི་ཚེས་དྲུག་ཉིན“བོད་ཀྱི་སྙན་ངག་སྒྱུར་བའི་བར་དོའི་ལས། (An Act of Bardo: Translating Tibetan Poetry)”ཞེས་པའི་བརྗོད་གཞི་ལས་བརྩམས་ཏེ་གཏམ་བཤད་གལ་ཆེན་ཞིག་གནང་རྒྱུ་ཡིན་འདུག 

ཕྱི་ཟླ་འདིའི་ཚེས་༥ནས་༨བར།  སློབ་ཆེན་དེ་གར་བོད་ཀྱི་རྩོམ་ཡིག་དབྱིན་ཡིག་ཏུ་བསྒྱུར་བའི་ཚུལ་ལ་རྒྱལ་སྤྱིའི་ཟབ་སྦྱོང་ཞིག(Lotsawa Translation Workshop)སྐོང་བཞིན་ཡོད་འདུག་ལ། མདའ་ཚན་བླ་མ་སྐྱབས་ལགས་ཚོགས་ཐོག་དེར་གཏམ་བཤད་གཙོ་བོ་གནང་བ་དང་། ཟབ་སྦྱོང་དུ་ཞུགས་མཁན་གྱི་ལོ་ཙཱ་བ་དང་ཉམས་ཞིབ་པར་སློབ་སྟོན་བྱ་བར་གདན་དྲངས་ཡོད་འདུག

མདའ་ཚན་བླ་མ་སྐྱབས་ཀྱིས་ཡིག་སྒྱུར་ནི་མ་མཐའ་ཡང་སྐད་ཡིག་གཉིས་དང་རིག་གཞུང་གཉིས་ཀྱིས་ཕན་ཚུན་ལ་གོ་བརྡ་སྤྲོད་བྱེད་དང་།  ཕན་ཚུན་ལ་འབྲེལ་འདྲིས་ཡོང་བྱེད་ཀྱི་ཐབས་ལམ་ཞིག་ཡིན་པ་དང་།  ཐབས་ལམ་འདི་ནི་རྣམ་ཤེས་བར་དོར་འཁྱམ་པ་ལྟ་བུ་ཞིག་ཡིན་པ་དཔེ་རུ་བཀོད་དེ།  སྙན་ངག་ཅིག་སྒྱུར་བ་ལ་བསྒྱུར་བྱའི་སྐད་ཡིག་གི་མ་ལག་ཡོངས་ལ་ཁྱབ་ཡོད་པའི་སྙན་ངག་དེའི་སྙིང་ངམ་རྣམ་ཤེས་ལྟ་བུ་དེ་འཚོལ་དགོས་ལ། བསྒྱུར་བྱའི་སྐད་ཡིག་དེ་ཤ་དུམ་བུ་དང་ཀོ་དུམ་བུ་རུ་བྱས་ཏེ།  ལྷུ་ལག་ཧྲིལ་པོ་ཡོངས་སུ་གཏོར་ཏེ་འཚོལ་དགོས་པ་དང་།  དེ་ལས་གང་ཞིག་རྙེད་པ་དེ་ཉིད་སྒྱུར་བྱེད་ཀྱི་སྐད་ཡིག་ལ་འཇུག་པར་བརྩོན་དགོས།  དེ་ལའང་སྒྱུར་བྱེད་ཀྱི་སྐད་ཡིག་གི་གྲུབ་ཆ་མཐའ་དག་བྱ་གཏོར་ཞིབ་ཚགས་བྱེད་པ་ལྟར།  ཡོངས་སུ་བསིལ་རྗེས་གོ་རིམ་དང་སྒྲོམ་གཞི་སོགས་བསྐྱར་བསྒྲིགས་ཀྱིས།  དོན་ཙམ་མ་ཡིན་པར་སྐད་ཀྱི་མཛེས་ཆ་སོགས་ཀྱང་འཛིན་ཐུབ་པའི་ལུས་རྟེན་ཞིག་བཞེངས་ཅི་ཐུབ་བྱ་དགོས་ཚུལ་སོགས་དང་།  གཞན་ཡང་མདའ་ཚན་བླ་མ་སྐྱབས་ཁོང་རང་ཉིད་ཀྱིས་དབྱིན་ཡིག་ཏུ་བསྒྱུར་པའི་སྟོན་བཤད་དང་། བྱ་དཔེ་བྱིའུ་སྒྲུང། གཏམ་དཔེ།  གཞན་ཡང་རྒྱལ་དབང་ལྔ་པ་ཆེན་མོ་དང་། ཞང་སྟོན་བསྟན་པ་རྒྱ་མཚོ། དགེ་འདུན་ཆོས་འཕེལ། སེང་རྡོར། སྐྱབས་ཆེན་བདེ་གྲོལ། བདུད་བྷེ། སྟག་མོ་མཚོ་སོགས་ཀྱི་སྙན་ངག་དང་། མགུར། གླུ་སོགས་དཔེ་རུ་བཀོད་དེ།  ལོ་ཙཱའི་སྐོར་ལ་ཤར་ནུབ་ཀྱི་ལྟ་གྲུབ་དང་རང་ཉིད་ཀྱི་ལག་ལེན་སོགས་སྒོ་དུ་མ་ནས་གཏམ་བཤད་གནང་རྩིས་ཡོད་འདུག

ཚོགས་ཞུགས་པའི་ཁྲོད་དུ་འཛམ་གླིང་ཡུལ་གྲུ་དུ་མ་ནས་ཕེབས་པའི་Janet Gyatso་དང་། Sara Harding། Kurtis Schaeffer། Sarah Jacoby། Lauran Hartley། Andrew Quintman། Holly Gayley། Dominique Townsend། Rachel Pang། Lowell Cook། དགེ་འདུན་རབ་གསལ། དཔལ་ལྡན་རྒྱལ། རིས་དགའ་ཤཱཀྱ། བསོད་མཚོ་འབུམ་སོགས་བོད་རིག་པའི་མཁས་པ་དང་ལོ་ཙཱ་བ་རྒན་གཞོན། སློབ་གཉེར་བ་སོགས་གང་མང་ཞིག་ཕེབས་ཀྱིན་ཡོད་འདུག

fa1a1367-993a-4367-a41e-1f999c4d3184.JPG 
འདས་པོ་སྒང་ཀ་ཚང་ཚེ་རིང་དོན་གྲུབ་ལགས་ཀྱི་སྐུ་པར།

མདའ་ཚན་བླ་མ་སྐྱབས་ཀྱིས་གསལ་བཤད་ཞུ་རྒྱུར།  “བོད་ཀྱི་སྙན་ངག་སྒྱུར་བའི་བར་དོའི་ལས”ཞེས་པ་ལས་བརྩམས་པའི་ཁོང་གི་གཏམ་བཤད་འདི་ནི་འཁྲུངས་ཡུལ་ཤར་ཁོག་ནས་ཡིན་པའི་ཁོང་གི་དགེ་གྲོགས་དང་མཛའ་གྲོགས་དམ་པ་སྒང་ཀ་ཚང་ཚེ་རིང་དོན་གྲུབ་ལགས་ལ་བསྔོ་བ་སྨོན་ལམ་ཞིག་གི་དོད་ཡིན་ཟེར། སྒང་ཀ་ཚང་ཚེ་རིང་དོན་གྲུབ་ལགས་ཀྱིས་ལོ་ངོ་བཅུ་བདུན་ལྷག་ལ་ཨོཁེསེཧྥོར་ཌི་སློབ་གྲྭ་ཆེན་མོ་རུ་བོད་ཀྱི་སྐད་ཡིག་གི་དགེ་རྒན་ཆེན་མོ་གནང་།  ད་ལོར་གློ་བུར་དུ་ཁོང་གི་ཚེ་ཡི་འཕེན་པ་རྫོགས་འདུག  ཁོང་ནི་མི་ཚེ་ཧྲིལ་པོར་བོད་ཀྱི་སྐད་ཡིག་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་ལ་ཕྱག་ལས་གནངས་ཏེ་མཛད་རྗེས་རླབས་པོ་ཆེ་འཇོག་མཁན་གྱི་སྐྱེས་བུ་སྐུ་དྲིན་ཅན་ཞིག་ཡིན་འདུག

རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།