ལྷོ་ཀོ་རེ་ཡའི་གློག་བརྙན《འཚོ་བ་གཞན་རྟེན་མཁན》ཞེས་པར་ཨོ་ཟི་ཁཱའི་གློག་བརྙན་རྩེ་གྲའི་བྱ་དགའ་ཐོབ་འདུག


མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་འཕྲིན། ཨ་རིའི་ནུབ་ཕྱོགས་ཀྱི་དུས་ཚོད་ལྟར་བརྩིས་པའི་ཟླ་འདིའི་ཚེས་9ཡི་དགོང་མོའི་དུས་སུ། སྐབས་གོ་གཉིས་པའི་ཨོ་ཟི་ཁཱ་གློག་བརྙན་བྱ་དགའ་སྟེར་བའི་མཛད་སྒོར། ལྷོ་ཀོ་རེ་ཡའི་གློག་བརྙན་མཁན་པོ་བྷོང་ཅོན་ཧོ(봉준호/ Bong Joon ho)ཡི་གློག་བརྙན་བརྩམས་ཆོས་གསར་པ《འཚོ་བ་གཞན་རྟེན་མཁན》(Parasite,寄生上流)ཉིད་ལ《ཨེར་ལན་པ》དང་། 《ཨ་ཙ་ར》《ལྕམ་ཆུང》《ཆང་སའི་སྒྲུང》《1917》སོགས་ལས་རྣམ་པར་རྒྱལ་ཏེ་གློག་བརྙན་རྩེ་གྲའི་བྱ་དགའ་ཐོབ་པར་མ་ཟད། ད་དུང་འཁྲབ་ཁྲིད་པ་རྩེ་གྲ་དང་། རྒྱལ་སྤྱིའི་གློག་བརྙན་རྩེ་གྲ། གསར་བརྩམས་འཁྲབ་གཞུང་རྩེ་གྲའི་བྱ་དགའ་ཐོབ་འདུག དེ་ནི་ལོ་རྒྱུས་སྟེང་དབྱིན་སྐད་མ་ཡིན་པའི་གློག་བརྙན་ཞིག་ལ་བྱ་དགའ་མཐོ་ཤོས་དེ་ཐེངས་དང་པོར་ཐོབ་པ་ཡིན་ལ། ཨེ་ཤ་ཡའི་གློག་བརྙན་ལའང་བྱ་དགའ་དེ་ཐེངས་དང་པོར་ཐོབ་པ་ཡིན་འདུག

རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་དཔར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷོ་ཀོ་རེ་ཡའི་གློག་བརྙན《འཚོ་བ་གཞན་རྟེན་མཁན》ཞེས་པར་ཨོ་ཟི་ཁཱའི་གློག་བརྙན་རྩེ་གྲའི་བྱ་དགའ་ཐོབ་འདུག

2020-02-13 མཆོད་མེ་དྲ་བ། ཀློག་གྲངས། མཆན ཡོད།

མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་འཕྲིན། ཨ་རིའི་ནུབ་ཕྱོགས་ཀྱི་དུས་ཚོད་ལྟར་བརྩིས་པའི་ཟླ་འདིའི་ཚེས་9ཡི་དགོང་མོའི་དུས་སུ། སྐབས་གོ་གཉིས་པའི་ཨོ་ཟི་ཁཱ་གློག་བརྙན་བྱ་དགའ་སྟེར་བའི་མཛད་སྒོར། ལྷོ་ཀོ་རེ་ཡའི་གློག་བརྙན་མཁན་པོ་བྷོང་ཅོན་ཧོ(봉준호/ Bong Joon ho)ཡི་གློག་བརྙན་བརྩམས་ཆོས་གསར་པ《འཚོ་བ་གཞན་རྟེན་མཁན》(Parasite,寄生上流)ཉིད་ལ《ཨེར་ལན་པ》དང་། 《ཨ་ཙ་ར》《ལྕམ་ཆུང》《ཆང་སའི་སྒྲུང》《1917》སོགས་ལས་རྣམ་པར་རྒྱལ་ཏེ་གློག་བརྙན་རྩེ་གྲའི་བྱ་དགའ་ཐོབ་པར་མ་ཟད། ད་དུང་འཁྲབ་ཁྲིད་པ་རྩེ་གྲ་དང་། རྒྱལ་སྤྱིའི་གློག་བརྙན་རྩེ་གྲ། གསར་བརྩམས་འཁྲབ་གཞུང་རྩེ་གྲའི་བྱ་དགའ་ཐོབ་འདུག དེ་ནི་ལོ་རྒྱུས་སྟེང་དབྱིན་སྐད་མ་ཡིན་པའི་གློག་བརྙན་ཞིག་ལ་བྱ་དགའ་མཐོ་ཤོས་དེ་ཐེངས་དང་པོར་ཐོབ་པ་ཡིན་ལ། ཨེ་ཤ་ཡའི་གློག་བརྙན་ལའང་བྱ་དགའ་དེ་ཐེངས་དང་པོར་ཐོབ་པ་ཡིན་འདུག

རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་དཔར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།