2020ལོའི་ནོ་པེལ་རྩོམ་རིག་བྱ་དགའ་ཁྱབ་བསྒྲགས་བྱས་པ།

  2020ལོའི་ཟླ10བའི་ཚེས8ཉིན་གྱི་པེ་ཅིང་དུས་ཚོད་ཀྱི་དགུང་དྲོའི་ཆུ་ཚོད་བཅུ་དགུ་པར། སི་ཝེས་དན་རྩོམ་རིག་སློབ་གླིང་གིས་སི་ཐོག་ཁོར་མོ་རུ་བསྒྲགས་པའི་གནས་ཚུལ་ལྟར་ན། 2020ལོའི་ནོ་པེལ་རྩོམ་རིག་བྱ་དགའ་དེ་རྒྱལ་ཁོངས་ཨ་རི་ཡིན་པའི་་སྐྱེས་མ་སྙན་ངག་པ་ལྕམ་ལོའུ་སེ·གྷྀ་ལུ་ཀྀ (Louise Glück )ལགས་ལ་སྤྲད་དེ་ཁོང་མོའི་རྩོམ་རིག་གསར་རྩོམ་དང་སྙན་ངག་ཐད་ཀྱི་གྲུབ་འབྲས་ལ་གཟེངས་བསྟོད་བྱ་རྒྱུ་ཡིན་པ་འཛམ་གླིང་ཡོངས་ལ་བསྒྲགས།

  སི་ཝེས་དན་རྩོམ་རིག་སློབ་གླིང་གིས་ལྕམ་ལོའུ་སེ·གྷྀ་ལུ་ཀྀ་ལགས་ལ“ཁོང་མོའི་རྩོད་མེད་ཡོངས་གྲགས་ཀྱི་སྙན་ངག་གི་བྲོ་བ་ཞིམ་པའི་སྐད་བརྡ་དང་། བབ་ཆགས་ཀྱི་མཛེས་པས་མི་སྒེར་གྱི་གནས་སྟངས་ཡོངས་ཁྱབ་ཅན་དུ་བསྒྱུར་བ”ཞེས་པའི་མིང་ཐོག་ནས་ནོ་པེལ་རྩོམ་རིག་བྱ་དགའ་སྤྲད་འདུག

  ལྕམ་ལོའུ་སེ·གྷྀ་ལུ་ཀྀ་ལགས་ནི་སྤྱི་ལོ་1943ལོར་ཧང་གྷ་རི་རུ་འཇིའུ་ཡི་རིགས་སུ་སྐུ་འཁྲུངས་པ་དང་། 1968ལོར་མོའི་སྙན་དེབ་ཐོག་མ《བུ་མགོ་མ》ཞེས་པ་དཔར་དུ་བསྐྲུན། མོ་ནི་ཨ་རིའི་སྙན་ངག་པའི་གཙུག་རྒྱན་དུ་བརྗོད་ཅིང་། ད་ལྟའི་བར་སྙན་དེབ་བཅུ་གཉིས་པར་དུ་བསྐྲུན་ཡོད་ལ། རྒྱལ་སྤྱིའི་བྱ་དགའ་མང་པོ་ཐོབ་མྱོང་ཡོད།

  མོའི་སྙན་ངག་ཕལ་མོ་ཆེའི་བརྗོད་བྱ་ནི་བརྩེ་བ་དང་། འཆི་བ། ཚེ་སྲོག འཇིག་ཉེན་སོགས་ཡིན་ལ། ལྷ་སྒྲུང་ནང་གི་མི་སྣའི་སེམས་ཁམས་ལ་དབྱེ་ཞིབ་བྱས་པ་བརྒྱུད་མིའི་རིགས་ཀྱི་འཚོ་གནས་ཀྱི་རང་བཞིན་ལ་དྲི་བ་སྣ་ཚོགས་བཏོན་པ་སོགས་ཁྱད་ཆོས་སྣ་ཚོགས་སྣང་།

  ནོ་པེལ་གྱི་རྩོམ་རིག་བྱ་དགའ་ནི་གོ་ལ་ཧྲིལ་པོའི་རྩོམ་རིག་གི་བྱ་དགའ་མཐོ་ཤོས་ཡིན་ལ། ད་ལྟའི་བར་དུ་རྩོམ་པ་པོ་དང་། སྙན་ངག་པ། ཟློས་གར་མཁན། མཚན་ཉིད་རིག་པ་བ་སོགས་སྐྱེ་བོ་བརྒྱ་དང་བཅུ་བདུན་ལ་བྱ་དགའ་དེ་ཐོབ་ཡོད་འདུག

  རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

2020ལོའི་ནོ་པེལ་རྩོམ་རིག་བྱ་དགའ་ཁྱབ་བསྒྲགས་བྱས་པ།

2020-10-08 མཆོད་མེ་དྲ་བ། ཀློག་གྲངས། མཆན ཡོད།

  2020ལོའི་ཟླ10བའི་ཚེས8ཉིན་གྱི་པེ་ཅིང་དུས་ཚོད་ཀྱི་དགུང་དྲོའི་ཆུ་ཚོད་བཅུ་དགུ་པར། སི་ཝེས་དན་རྩོམ་རིག་སློབ་གླིང་གིས་སི་ཐོག་ཁོར་མོ་རུ་བསྒྲགས་པའི་གནས་ཚུལ་ལྟར་ན། 2020ལོའི་ནོ་པེལ་རྩོམ་རིག་བྱ་དགའ་དེ་རྒྱལ་ཁོངས་ཨ་རི་ཡིན་པའི་་སྐྱེས་མ་སྙན་ངག་པ་ལྕམ་ལོའུ་སེ·གྷྀ་ལུ་ཀྀ (Louise Glück )ལགས་ལ་སྤྲད་དེ་ཁོང་མོའི་རྩོམ་རིག་གསར་རྩོམ་དང་སྙན་ངག་ཐད་ཀྱི་གྲུབ་འབྲས་ལ་གཟེངས་བསྟོད་བྱ་རྒྱུ་ཡིན་པ་འཛམ་གླིང་ཡོངས་ལ་བསྒྲགས།

  སི་ཝེས་དན་རྩོམ་རིག་སློབ་གླིང་གིས་ལྕམ་ལོའུ་སེ·གྷྀ་ལུ་ཀྀ་ལགས་ལ“ཁོང་མོའི་རྩོད་མེད་ཡོངས་གྲགས་ཀྱི་སྙན་ངག་གི་བྲོ་བ་ཞིམ་པའི་སྐད་བརྡ་དང་། བབ་ཆགས་ཀྱི་མཛེས་པས་མི་སྒེར་གྱི་གནས་སྟངས་ཡོངས་ཁྱབ་ཅན་དུ་བསྒྱུར་བ”ཞེས་པའི་མིང་ཐོག་ནས་ནོ་པེལ་རྩོམ་རིག་བྱ་དགའ་སྤྲད་འདུག

  ལྕམ་ལོའུ་སེ·གྷྀ་ལུ་ཀྀ་ལགས་ནི་སྤྱི་ལོ་1943ལོར་ཧང་གྷ་རི་རུ་འཇིའུ་ཡི་རིགས་སུ་སྐུ་འཁྲུངས་པ་དང་། 1968ལོར་མོའི་སྙན་དེབ་ཐོག་མ《བུ་མགོ་མ》ཞེས་པ་དཔར་དུ་བསྐྲུན། མོ་ནི་ཨ་རིའི་སྙན་ངག་པའི་གཙུག་རྒྱན་དུ་བརྗོད་ཅིང་། ད་ལྟའི་བར་སྙན་དེབ་བཅུ་གཉིས་པར་དུ་བསྐྲུན་ཡོད་ལ། རྒྱལ་སྤྱིའི་བྱ་དགའ་མང་པོ་ཐོབ་མྱོང་ཡོད།

  མོའི་སྙན་ངག་ཕལ་མོ་ཆེའི་བརྗོད་བྱ་ནི་བརྩེ་བ་དང་། འཆི་བ། ཚེ་སྲོག འཇིག་ཉེན་སོགས་ཡིན་ལ། ལྷ་སྒྲུང་ནང་གི་མི་སྣའི་སེམས་ཁམས་ལ་དབྱེ་ཞིབ་བྱས་པ་བརྒྱུད་མིའི་རིགས་ཀྱི་འཚོ་གནས་ཀྱི་རང་བཞིན་ལ་དྲི་བ་སྣ་ཚོགས་བཏོན་པ་སོགས་ཁྱད་ཆོས་སྣ་ཚོགས་སྣང་།

  ནོ་པེལ་གྱི་རྩོམ་རིག་བྱ་དགའ་ནི་གོ་ལ་ཧྲིལ་པོའི་རྩོམ་རིག་གི་བྱ་དགའ་མཐོ་ཤོས་ཡིན་ལ། ད་ལྟའི་བར་དུ་རྩོམ་པ་པོ་དང་། སྙན་ངག་པ། ཟློས་གར་མཁན། མཚན་ཉིད་རིག་པ་བ་སོགས་སྐྱེ་བོ་བརྒྱ་དང་བཅུ་བདུན་ལ་བྱ་དགའ་དེ་ཐོབ་ཡོད་འདུག

  རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།