གླིང་ས་མཐོང་བ་ཀུན་སྨོན་ནམ་རྨ་ཆུ་རྫོང་ནས་འཁྲབ་སྟོན་པ་སྦྱིན་པ་ལྷན་དུ་གློག་བརྙན《དབུགས་ལྒང》ལ་མཉམ་རོལ་བྱས་པ།
སྤྱི་ཚེས་ཉེར་གསུམ་ཉིན་གྱི་མཚན་མོའི་ཆུ་ཚོད་བདུན་པར་རྨ་ཆུ་རྫོང་གི་ཞི་བདེ་རྒྱ་མཚོ་གློག་བརྙན་ཁང་དུ་གཟུགས་ཁམས་ཚངདང་། ཤར་སྒོ་ཚང་། འབྲོག་གི་རྟེན་འབྱུང་བཅས་ཀྱིས་རྩ་འཛུགས་བྱས་ཏེ་འཁྲབ་ཁྲིད་པ་པད་མ་ཚེ་བརྟན་གྱི་གློག་བརྙན་བརྩམས་ཆོས་གསར་པ《དབུགས་ལྒང》གཟིགས་འབུལ་བྱས་པར་འཁྲབ་སྟོན་པ་སྦྱིན་པའམ་གེའུ་ཡུལ་དངོས་སུ་གདན་ཞུའི་སྐུ་མགྲོན་དུ་བོས་ཤིང་། ཡུལ་རྨ་ཆུའི་སྒྱུ་རྩལ་ལས་རིགས་ཀྱི་མི་སྣ་མང་པོ་དང་ལྷན་ཅིག་གློག་བརྙན་དེའི་སྐོར་ལ་བགྲོ་གླེང་འཁྲུག་ཆ་དོད་པོ་ཞིག་བྱས།
འཁྲབ་སྟོན་པ་སྦྱིན་པའམ་གེའུ།
ན་གཞོན་སྙན་ངག་པ་དང་གློག་བརྙན་འཁྲབ་ཁྲིད་པ་ཁྲག་སྙུག
རྡུང་ལེན་པ་སྐལ་བཟང་བཀྲ་ཤིས་དང་དཀོན་མཆོག་སྐྱབས།
འཁྲབ་སྟོན་པ་གངས་ཅན་ཚེ་རིང་།
སྙན་ངག་པ་གངས་སམ་འཇམ་དཔལ་རྡོ་རྗེ།
སྨྲ་བའི་ཉི་མ་ཚང་དང་རྒན་རབས་པ་མྱིག་གཅོད། འཁྲབ་སྟོན་པ་སྦྱིན་པ་དང་གངས་ཅན་ཚེ་རིང་། རྨོག་ཤེར། སྐྱོམས་དབྱངས། རྨ་རྨོག་སངས་དོན་བཅས།
འཁྲབ་སྟོན་པ་སྦྱིན་པ་དང་གཟུགས་ཁམས་ཚང་།
འབྲོག་བུ་དཀོམ་བཀྲ མཁར་བུ། སྦྱིན་པ། པདྨ་དབང་ཆེན། རྨོག་ཤེར་བཅས།
ལོ་རབས་བརྒྱད་ཅུ་པའི་ཀན་ལྷོའི་མོ་ནད་བུ་བཙའི་ཆེད་མཁས་སྨན་པ་ཞིག་གི་སྐད་འཕྲིན་གྱི་རྒྱབ་ལོགས་ཀྱི་གློག་བརྙན《དབུགས་ལྒང》ལས་འཁྲུངས་པའི་སེམས་འགྱུ།
ཚོགས་རའི་ཡུལ་དངོས་ཀྱི་མཉམ་པར།
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།