《བོད་ཀྱི་སྲོལ་རྒྱུན་མངལ་གནས་ཤེས་བྱ་གཅེས་བཏུས》ཞེས་པའི་དཔེ་དེབ་ཀྱི་འགྲེམ་བརྡ།

  གུས་པོས་ལོ་མང་རིང་ཧུར་ཐག་འབད་ཐག་གིས་དཔེ་ཀློག་གི་ཞོར་དུ་བསྡུ་བསྒྲིགས་བྱས་པའི《བོད་ཀྱི་སྲོལ་རྒྱུན་མངལ་གནས་ཤེས་བྱ་གཅེས་བཏུས》 ཞེས་པའི་དཔེ་དེབ་འདི་ནི་བོད་ཀྱི་མངལ་གནས་སློབ་གསོ་འཐུས་ཚང་ཅན་དང་མ་ལག་ཅན་དུ་ཕྱོགས་པར་ཕན་པའི་རྒྱུ་རུ་འགྱུར་ཕྱིར་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ལ་གཟིགས་མོར་ཕུལ་བ་ལགས།


   མངལ་གནས་སྐོར་ལ་མཚོན་ན་རང་རེའི་བཀའ་བསྟན་གྱི་གཞུང་རྣམས་སུ་ཕྱོགས་གསུམ་དུ་བཀར་ནས་གསུངས་འདུག དགའ་བོ་མངལ་གནས་ཀྱི་མདོ་དང་དགའ་བོ་མངལ་འཇུག་གི་མདོ་གཙོས་པའི་མངོན་པའི་བསྟན་བཅོས་རྣམས་དང་། སྔགས་བླ་མེད་ཀྱི་གཞུང་སྤྱི་དང་ཁྱད་པར་དུ་དུས་འཁོར་གཞུང་རྣམས་སུ་ཡང་གསུངས་ཡོད་ལ། སློབ་དཔོན་ཕ་ཁོལ་གྱི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་དང་རྒྱུད་བཞི་སོགས་སུའང་རྒྱས་འབྲིང་བསྡུས་གསུམ་ཅི་རིགས་སུ་འདུག་པ་དག་ལས་ཆོས་གཞུང་དང་སྨན་གཞུང་རྣམས་ཞིབ་ཚགས་ལྡན་པར་མ་ཟད། ཚན་རིག་ཞིབ་འཇུག་གི་གྲུབ་དོན་དང་བསྡུར་རུང་བར་སྙམ་པས་ཕྱོགས་གཅིག་ཏུ་བསྡུས་ཏེ་བལྟ་བདེ་འཁྱེར་བདེ་བྱས་ཡོད་པས་གཟིགས་མོས་མཁན་ཚོར་ཕེབས་བསུ་ཞུ།


  འདི་ནི་སྨན་པ་ཚོར་མཁོ་བར་མ་ཟད་སློབ་གསོར་དོ་སྣང་བྱེད་མཁན་དང་ལྷག་ཏུ་བྱིས་པའི་སློབ་གསོ་གཉེར་མཁན་ཚོས་ངེས་པར་བལྟ་དགོས་པའི་དཔེ་དེབ་སྟབས་བདེ་ཞིག་ཀྱང་ཡིན།
  རྨ་ཆུའི་ལེགས་ལམ་དཔེ་ཁང་དུ་དེབ་འདི་སིལ་འཚོང་དང་སྡེབ་འཚོང་བྱེད་རྒྱུ་ཡོད་པས། མོས་པ་ཅན་ཚོས་གཤམ་གྱི་འབྲེལ་གཏུག་ཁ་པར་དང་རྩ་གཉིས་བཤེར་རིས་བརྒྱུད་ནས་འབྲེལ་བ་བྱ་ཆོག་ལ། སྡེབ་ཉོ་གནང་མཁན་ལ་དེབ་ཀྱི་མང་ཉུང་བཞིན་རིན་གོང་ཕབ་གཅོག་ཀྱང་ལུགས་མཐུན་བྱ་རྒྱུ་ཡིན།


           ༢༠༢༡ལོའི་ཟླ༣པའི་ཚེས༢༡ཉིན་ཆོས་ཤུལ་གསང་བདག་གིས།
              འབྲེལ་གཏུག་ཁ་པར། 15109448870
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

《བོད་ཀྱི་སྲོལ་རྒྱུན་མངལ་གནས་ཤེས་བྱ་གཅེས་བཏུས》ཞེས་པའི་དཔེ་དེབ་ཀྱི་འགྲེམ་བརྡ།

2021-03-22 ཆོས་ཤུལ་གསང་བདག ཀློག་གྲངས། མཆན ཡོད།
  གུས་པོས་ལོ་མང་རིང་ཧུར་ཐག་འབད་ཐག་གིས་དཔེ་ཀློག་གི་ཞོར་དུ་བསྡུ་བསྒྲིགས་བྱས་པའི《བོད་ཀྱི་སྲོལ་རྒྱུན་མངལ་གནས་ཤེས་བྱ་གཅེས་བཏུས》 ཞེས་པའི་དཔེ་དེབ་འདི་ནི་བོད་ཀྱི་མངལ་གནས་སློབ་གསོ་འཐུས་ཚང་ཅན་དང་མ་ལག་ཅན་དུ་ཕྱོགས་པར་ཕན་པའི་རྒྱུ་རུ་འགྱུར་ཕྱིར་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ལ་གཟིགས་མོར་ཕུལ་བ་ལགས།


   མངལ་གནས་སྐོར་ལ་མཚོན་ན་རང་རེའི་བཀའ་བསྟན་གྱི་གཞུང་རྣམས་སུ་ཕྱོགས་གསུམ་དུ་བཀར་ནས་གསུངས་འདུག དགའ་བོ་མངལ་གནས་ཀྱི་མདོ་དང་དགའ་བོ་མངལ་འཇུག་གི་མདོ་གཙོས་པའི་མངོན་པའི་བསྟན་བཅོས་རྣམས་དང་། སྔགས་བླ་མེད་ཀྱི་གཞུང་སྤྱི་དང་ཁྱད་པར་དུ་དུས་འཁོར་གཞུང་རྣམས་སུ་ཡང་གསུངས་ཡོད་ལ། སློབ་དཔོན་ཕ་ཁོལ་གྱི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་དང་རྒྱུད་བཞི་སོགས་སུའང་རྒྱས་འབྲིང་བསྡུས་གསུམ་ཅི་རིགས་སུ་འདུག་པ་དག་ལས་ཆོས་གཞུང་དང་སྨན་གཞུང་རྣམས་ཞིབ་ཚགས་ལྡན་པར་མ་ཟད། ཚན་རིག་ཞིབ་འཇུག་གི་གྲུབ་དོན་དང་བསྡུར་རུང་བར་སྙམ་པས་ཕྱོགས་གཅིག་ཏུ་བསྡུས་ཏེ་བལྟ་བདེ་འཁྱེར་བདེ་བྱས་ཡོད་པས་གཟིགས་མོས་མཁན་ཚོར་ཕེབས་བསུ་ཞུ།


  འདི་ནི་སྨན་པ་ཚོར་མཁོ་བར་མ་ཟད་སློབ་གསོར་དོ་སྣང་བྱེད་མཁན་དང་ལྷག་ཏུ་བྱིས་པའི་སློབ་གསོ་གཉེར་མཁན་ཚོས་ངེས་པར་བལྟ་དགོས་པའི་དཔེ་དེབ་སྟབས་བདེ་ཞིག་ཀྱང་ཡིན།
  རྨ་ཆུའི་ལེགས་ལམ་དཔེ་ཁང་དུ་དེབ་འདི་སིལ་འཚོང་དང་སྡེབ་འཚོང་བྱེད་རྒྱུ་ཡོད་པས། མོས་པ་ཅན་ཚོས་གཤམ་གྱི་འབྲེལ་གཏུག་ཁ་པར་དང་རྩ་གཉིས་བཤེར་རིས་བརྒྱུད་ནས་འབྲེལ་བ་བྱ་ཆོག་ལ། སྡེབ་ཉོ་གནང་མཁན་ལ་དེབ་ཀྱི་མང་ཉུང་བཞིན་རིན་གོང་ཕབ་གཅོག་ཀྱང་ལུགས་མཐུན་བྱ་རྒྱུ་ཡིན།


           ༢༠༢༡ལོའི་ཟླ༣པའི་ཚེས༢༡ཉིན་ཆོས་ཤུལ་གསང་བདག་གིས།
              འབྲེལ་གཏུག་ཁ་པར། 15109448870
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།