ལྷ་བྱམས་རྒྱལ་གྱི་དེབ་གསར《འཇམ།----Mགྲོང་ཚོའི་རྣམ་བཤད》ཅེས་པ་དཔར་དུ་བསྐྲུན་པ།

རྣམ་རྒྱལ་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2021-05-26

  ------ལྷ་བྱམས་རྒྱལ་གྱིས་མི་ལོ་འཁོར་མོ་གཉིས་ལ་བློ་སེམས་ཞིབ་མོ་དང་འབད་བརྩོན་ལྷོད་མེད་གནང་ནས་བརྩམས་གནང་མཛད་པའི་རིག་གཞུང་ཞིབ་འཇུག་གི་གཡུར་ཟའི་འབྲས་བཟང་།

  -----ལྷ་བྱམས་རྒྱལ་གྱིས་ཕ་ཡུལ་ལ་ཕུལ་བའི་ལེགས་སྐྱེས་ཀྱི་དྭངས་མ།

    《འཇམ།----Mགྲོང་ཚོའི་རྣམ་བཤད》ཅེས་པའི་དེབ་འདི་ནི་བོད་ཡུལ་གྱི་སྲོལ་རྒྱུན་གྱི་རོང་མ་འབྲོག་གི་གྲོང་ཚོ་ཞིག་ཞིབ་འབྲི་བྱས་པ་བརྒྱུད་ནས་གྲུབ་པའི་མིའི་རིགས་རིག་པའི་ལོ་རྒྱུས་བརྩམས་ཆོས་ཤིག་རེད། དེབ་ནང་དུ་ “འཇམ”ཞེས་པའི་ཐ་སྙད་འདི་གཙིགས་སུ་བཟུང་སྟེ་དེ་རང་གྲོང་ཚོ་འདིའི་རིག་གནས་ཀྱི་ཁྱད་ཆོས་སུ་བསྒྲུབས་ཡོད། Mགྲོང་ཚོ་ནི་མདོ་དབུས་མཐོ་སྒང་གི་ཤར་མཐའི་ལུང་བ་ཞིག་ཏུ་ཆགས་ཡོད་པའི་རི་གྲོང་ཆུང་ཆུང་ཞིག་ཡིན་ཏེ། རང་བྱུང་ས་ཁམས་ཀྱི་ཆགས་དབྱིབས་དང་ཐོན་སྐྱེད་ངལ་རྩོལ་གྱི་འགྲོ་སྟངས་སོགས་ལ་གཞི་བཅོལ་ནས་ཡུལ་ཁམས་འདིའི་མི་རྣམས་འབྲོག་པ་དང་རོང་པ། འཇམ་པ་བཅས་སུ་དབྱེ་ཡོད། དེ་ལས་འཇམ་པ་ནི་རོང་འབྲོག་གཉིས་ཀྱི་བར་སར་གནས་པའི་མི་རྣམས་ཀྱི་འབོད་མིང་དུ་གྱུར་ཡོད། སྤྱིར་འཇམ་ཞེས་པ་ནི་ནེམ་ཞིང་མཉེན་པ་དང་། ཞི་ཞིང་དུལ་བ་སོགས་ཀྱི་བསྟན་དོན་དུ་རྒྱ་བསྐྱེད་ཆོག་ལ། དེ་བས་ཀྱང་དལ་ཅིང་ལྷོད་པ་དང་མཐའ་གཉིས་སུ་མ་ལྷུང་པར་བར་ན་གནས་པ་ཞིག་ཏུ་ཡང་གོ་བ་བླངས་ཆོག དེར་བརྟེན་ཐ་སྙད་འདི་གྲོང་ཚོའི་འབོད་མིང་དུ་གྲུབ་པར་ཡང་གནས་ལུགས་ངེས་ཅན་ཞིག་གི་རྒྱབ་རྟེན་ཡོད་ཅིང་། ཐ་སྙད་གཅིག་གི་ནང་སྙིང་བསྔོགས་ན་གནའ་བོའི་གྲོང་ཚོ་འདིའི་འཚོ་གནས་རིག་གནས་ཀྱི་ཤེས་རབ་མང་པོ་ཞིག་རིམ་གྱིས་རྙེད་ཐུབ།

  དེབ་འདིའི་རྩོམ་པ་པོ་སྐུ་ཞབས་ལྷ་བྱམས་རྒྱལ་མཆོག་༢༠༡༩ལོར་ཉི་ཧོང་གི་ཐའོ་ཁྱའོ་ཕྱི་རྒྱལ་སྐད་ཡིག་སློབ་གྲྭ་ཆེན་མོའི་གདན་ཞུས་ལྟར་དེ་གའི་ཨེ་ཤ་ཡ་དང་ཨ་ཧྥེ་རི་ཁའི་སྐད་ཡིག་ཞིབ་འཇུག་ཁང་དུ་ཞིབ་འཇུག་མཉམ་ལས་གནང་བར་བསྐྱོད་ཅིང་། ཉི་ཧོང་གི་འབྲེལ་ཡོད་མཁས་པ་དང་ལྷན་དུ་བོད་ཁམས་ཀྱི་སྲོལ་རྒྱུན་རིག་གནས་ནང་གི་འཚོ་གནས་སྐོར་གྱི་བརྡ་ཆད་ལེགས་སྒྲིག་གནང་། ཁོང་གིས་མཐུན་རྐྱེན་དེ་འདྲའི་འོག་ནས་མིའི་རིགས་རིག་པའི་ལོ་རྒྱུས་སྐོར་གྱི་རྩོམ་ཡིག་འདི་བྲིས་གནང་མཛད། དེབ་ནང་དུ་མིའི་རིགས་རིག་པའི་ལོ་རྒྱུས་ཀྱི་འབྲི་ཐབས་ལ་ཟུར་བལྟས་ཀྱིས་སྤྱི་ཁོག་ཕུབ་འཛུགས་དང་ནང་དོན་ཇུས་འགོད་སོགས་གནང་ཡོད་པ་དང་། Mགྲོང་ཚོའི་རང་བྱུང་ཁོར་ཡུག་དང་། འཚོ་གནས་ཀྱི་བར་སྟོང་། ཐོན་སྐྱེད་ངལ་རྩོལ། ཡུལ་སྲོལ་གོམས་གཤིས། ཆོས་ལུགས་དད་མོས་སོགས་ལ་ཞིབ་འབྲི་དང་། དབྱེ་ཞིབ། ཕྱོགས་བསྡོམས་བཅས་གནང་ཡོད། དེར་མ་ཟད། Mགྲོང་ཚོ་དཔེ་མཚོན་དུ་བཞག་ནས། མཐོང་སྣེ་ཆུང་ངུས་རིག་གནས་ཀྱི་ཁྱབ་ཁོངས་ཆེན་པོ་ཞིག་བསྟན་ཏེ་དཔེ་མཚོན་གྱི་ལམ་ནས་བོད་ཀྱི་རིག་གནས་ཀྱི་མ་ལག་རེ་རེར་གསེད་བཀྲོལ་བྱས་ཡོད་པ་དང་། བོད་རིག་པའི་ཞིབ་འཇུག་གི་ཁྱབ་ཁོངས་དང་ལྷག་པར་དུ་བོད་ཡིག་གི་ལམ་ནས་རང་གི་རིག་གནས་ལ་ཉམས་ཞིབ་བྱེད་པར་ཐབས་ལམ་གསར་བ་ཞིག་གི་མ་དཔེ་བསྟན་ཡོད།

  དེབ་ཡོངས་ལ་ཡིག་འབྲུ་འབུམ་བཞི་ལྷག་ཙམ་ཡོད་ལ། ལེའུ་ཆེན་པོ་བཞི་ཡི་བདག་ཉིད་ཅན་གྱིས་གྲུབ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་ནམ་བོད་རིག་པ་མཁས་ཅན་སྐུ་ཞབས་དགྲ་འདུལ་མཆོག་ནས་དེབ་འདིར་མགོ་བརྗོད་མཛད་ཡོད་ཅིང་། གཞན་སྐྱ་རིས་ཀྱི་འབྲི་ཐབས་ལ་བརྟེན་ནས་གྲོང་ཚོའི་རི་ར་བ་ཁང་ཁྱིམ་གྱི་བཀོད་པ་དང་། ཐོན་སྐྱེད་ངལ་རྩོལ་གྱི་ཡོ་བྱད། དེ་མིན་རྒྱན་གོས་དང་འཚོ་བའི་ཉེར་སྤྱོད་ཀྱི་ཅ་ལག ཆོས་ལུགས་ཀྱི་ཡོ་ཆས་སོགས་བར་བཅུག་རི་མོའི་ཚུལ་དུ་བཞག་ཡོད། དེ་ལས་གཞན་གླུ་ཚིག་དང་། བསང་ཡིག སྟོན་བཤད་སོགས་ཀྱི་རིགས་ནང་དུ་བསྡུས་ནས་ངག་ཏུ་བཀུག་སྟེ་དབྱངས་སུ་གྱེར་རུང་བ་རྣམས་དབྱངས་རིས་སུ་ཕབ་ཡོད་པ་དང་། རིགས་དབྱེ་ཅན་གྱི་ནང་དོན་མང་པོ་ཞིག་རེའུ་མིག་གི་རྣམ་པས་གསལ་སྟོན་བྱས་ཡོད། རྗོད་བྱེད་ཚིག་གི་ངོས་ནས་རྩོམ་རིག་གི་གསོན་ཉམས་ལྡན་པའི་ཞིབ་འབྲི་དང་ལྷོད་ཉམས་ལྡན་པའི་ལྷུག་བརྗོད་སོགས་རིག་གཞུང་ཞིབ་འཇུག་གི་གཟབ་ནན་ལྡན་པའི་དབྱེ་ཞིབ་དང་ཕྲ་ལ་ཞིབ་པའི་རིག་ལམ་སོགས་དང་ཟུང་དུ་འབྲེལ་ནས། བོད་རིག་པ་དང་མིའི་རིགས་རིག་པ། རིག་གཞུང་དང་རྩོམ་རིག་བཅས་ཀྱི་བར་དུ་ཕན་ཚུན་སྦྲེལ་ཆོག་པའི་གསེར་ཟམ་ཞིག་བསྐྲུན་འདུག

  མདོར་ན། 《འཇམ།----Mགྲོང་ཚོའི་རྣམ་བཤད》ཅེས་པ་འདི་ནི་འདས་མ་ད་གསུམ་གང་གི་ཐད་ནས་ཀྱང་རིན་ཐང་ངེས་ཅན་ལྡན་པའི་བརྩམས་ཆོས་ཤིག་ཡིན་ཏེ། རྩོམ་པ་པོ་ད་ལྟ་བའི་དུས་ཚོད་དུ་བསྡད་དེ་འདས་ཟིན་པའི་འཚོ་གནས་ཀྱི་རིག་གནས་ཤིག་ལ་ཕྱིར་དྲན་གྱིས་ཟིན་བྲིས་སུ་བཀོད་དེ། མ་འོངས་པའི་དུས་སུ་མི་རྣམས་ཀྱིས་སོ་སོའི་འཚོ་བའི་ནང་དུ་རྩ་བ་ནས་ཡལ་ཟིན་པའི་འཚོ་བ་རོལ་སྟངས་ཤིག་གི་ཤེས་རབ་ལ་སླར་ཡང་གདེང་འཇོག་བྱེད་པར་རྒྱུ་ཆ་ལེགས་པོ་ཞིག་ཉར་འཇོག་བྱས་ཡོད། འདི་ནི་དེབ་འདིའི་རིན་ཐང་རྣལ་མ་དེ་ཡང་ཡིན་སྲིད་པ་དང་། ཇི་ལྟར་ལོ་རྒྱུས་ཀྱི་འཁོར་ལོ་མདུན་དུ་འཁོར་ན་དེ་ལྟར་རྒྱབ་ལོགས་སུ་ལུས་པའི་རིག་གནས་ཀྱི་ཤུལ་བཞག་ལ་རིན་ཐང་ཆེ་བ་ལྟར། དེབ་འདི་ཡང་མ་འོངས་པའི་དུས་ཚོད་དུ་རིན་ཐང་ཆེ་ནས་ཆེ་རུ་འགྲོ་སྲིད་པར་ཡིད་ཆེས་ཡོད།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ལྷ་བྱམས་རྒྱལ་གྱི་དེབ་གསར《འཇམ།----Mགྲོང་ཚོའི་རྣམ་བཤད》ཅེས་པ་དཔར་དུ་བསྐྲུན་པ།

2021-05-26 རྣམ་རྒྱལ་ཚེ་རིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།