རིག་ལྡན་རྒྱ་མཚོ།
རུས། ཞིབ་འཇུག་བྱས་མ་མྱོང༌།
མཚན། རིག་ལྡན་རྒྱ་མཚོ།
སྨྱུག་མིང༌། སྙུང་བུ། རིག་རྒྱམ།
འཁྲུངས་ཡུལ། མདོ་སྨད་གཅན་ཚའི་ལྷ་ས་གྲོང་ཚོ།
འཁྲུངས་སྐར། ༡༩༧༠ལོའི་ཟླ་༩པར།
ད་ལྟའི་ལས་ཀ བརྙན་ཕབ།
གློག་འཕྲིན་ཡིག་སྒམ། riggam@yahoo.com.cn
ཡོན་ཚད། སློབ་ཆེན།
ལས་ཐོབ།
རྩོམ་འབྲི་མགོ་རྩོམ་དུས། ༡༩༨༣ལོ་ནས།
དགའ་ཕྱོགས།(མང་དུ་བསྐང་ཡང་ཆོག) ཇ་འཐུང་རྒྱུ།
ཚབ་མཚོན་བརྩམས་ཆོས། (གཅིག་ནས་གསུམ་བར་འབྲི་ཆོག) ད་དུང་མེད།
ཉེ་བའི་འཆར་གཞི། བོད་ཀྱི་བྱིས་པ་ཚོར་ལྟ་རྒྱུའི་གློག་བརྙན་སྐྲུན་འདོད།
དད་པ་བྱེད་སའི་མི། (མང་དུ་བསྐང་ཡང་ཆོག) རྗེ་རིན་པོ་ཆེ།
ཆེས་ཀློག་སྤྲོ་བའི་དཔེ་དེབ། (མང་དུ་བསྐང་ཡང་ཆོག) <<གཏམ་དཔེ་ཕྱོགས་སྒྲིག>>
སོང་མྱོང་བའི་ས་ཆ། (མང་དུ་བསྐང་ཡང་ཆོག) རྡ་ས། པེ་ཅིང་། མགོ་ལོག
ཆེས་བརྗེད་དཀའ་བའི་བྱ་བ། སློབ་ཆེན་སྐབས་སུ་རྦབ་ཆུ་ཞེས་པའི་དུས་དེབ་ཀྱི་བར་བཅུག་རི་མོར་གངས་སེང་གི་དཔེ་རིས་ཤིག་འཇོག་དུས། དགེ་རྒན་ཞིག་གིས་འདི་ཁྱི་ཞིག་རེད་དམ་ཞེས་ཁྲེལ་དགོད་བྱས་མྱོང་བ།
ཁྱེད་ཀྱི་འདོད་པ་ལྟར་འཇིག་རྟེན་འདིའི་ངོ་བོ་ཚིག་གཅིག་གིས་མཚོན་དགོས་ན་ཚིག་དེ་ནི། རྩེད་མོ་ཙམ།
བུད་མེད་ཀྱིས་བཞག་པའི་ཚོར་བ་ནི། བློ་ཕམ།
ཆེས་དགའ་སའི་བོད་ཀྱི་རྩོམ་པ་པོ། རུས་པའི་རྒྱན་ཅན། རྫ་དཔལ་སྤྲུལ། ཚེ་རིང་དོན་གྲུབ།
ཆེས་དགའ་སའི་རྒྱ་ནག་གི་རྩོམ་པ་པོ། ལུའུ་ཞུན།
ཆེས་དགའ་སའི་ཕྱི་གླིང་གི་རྩོམ་པ་པོ། ཁཱ་བི་ཁཱ།
འདང་ཆེ་བའི་གྲོགས་པོ། (མང་དུ་བསྐང་ཡང་ཆོག) ད་དུང་མེད།
ཀློག་པ་པོར་བརྗོད་འདོད་པའི་སྐད་ཆ། ཐུགས་རྒྱལ་མི་བཞེངས་རོགས། ངས་ཁྱེད་ཚོའི་ཀློག་འདོད་སྐོང་མ་ཐུབ།
གལ་ཏེ་རྩོམ་རིག་ཅེས་པ་དེ་མེད་ཚེ་དེའི་ཚབ་ཅི་ཞིག་གིས་བྱེད་ཅེས་ན།མེ་ཏོག་འདེབས་རྒྱུ།
ད་ལྟའི་བོད་ཀྱི་རྩོམ་རིག་གི་གནས་བབས་དེ་ཅི་འདྲ་ཞིག་རེད་ཅེས་ན།སྲོག་རྩ་གྲུབ་མ་གྲུབ་ཀྱི་ཚད།
རང་རེ་བོད་ཀྱི་འཛམ་གླིང་ལ་ངོམ་དུ་རུང་བ་དེ་གང་རེད་ཅེས་ན།རྟེན་འབྲེལ་གྱི་ལྟ་བ། གླིང་གེ་སར་རྒྱལ་བོའི་སྒྲུང༌།
རྩོམ་པ་པོ་ཞིག་ལ་ཆེས་འཛོམས་དགོས་པའི་ཆ་རྐྱེན་དེ་གང་རེད་ཅེས་ན། དཔེ་ཆར་ལྟ་རྒྱུ། མིའི་མིག་མདངས་ཀྱི་ཟབ་སར་བསྙེགས་རྒྱུ།
ཆང་རག་སྤྱད་པར་ལེགས་ཉེས་ཅི་ཡོད་ཅེས་ན། ཆང་འཐུང་རྗེས་བྱ་བ་ལེགས་པོ་བསྒྲུབ་མི་ཐུབ།
རྩོམ་རིག་དང་དངུལ་ལོར་བར་གྱི་འབྲེལ་བ་ག་འདྲ་རེད་ཅེས་ན། འབྲེལ་བ་མེད།
རྩོམ་རིག་དང་སྤྱི་ཚོགས་བར་གྱི་འབྲེལ་བ་ག་འདྲ་རེད་ཅེས་ན།མིག་སྔར་ང་ཚོའི་རྩོམ་རིག་གིས་སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་མི་ཐུབ།
རྩོམ་འབྲི་བར་སྨྱུ་གུ་བཀོལ་ན་ལེགས་སམ་གློག་ཀླད་བཀོལ་ན་ལེགས་ཞེས་ན། གློག་ཀླད།
འཆི་བའི་ཕྱོགས་ལ་མནོ་བསམ་བཏང་ཨེ་མྱོང་ཞེས་ན། སྒྱུ་རྩལ་རྩོམ་རིག་གི་བྱ་བཞག་གཉེར་བ་ནི་མ་གཞི་ཤི་གསོན་ལ་ཞིབ་འཇུག་བྱེད་པ་ཉིད་རེད།
རྩོམ་ཁུངས། ངེད་དྲ་བ།