མི་རབས་གསུམ་པ་དང་ཚེ་རིང་སྐྱིད།

   ཁ་སང་དེ་རིང་དྲ་ཐོག་མང་པོ་ཞིག་ན་མི་རབས་གསུམ་པ་འཐོར་སོང་བའི་གཏམ་གསར་གང་མང་ཞིག་སྤེལ་བཞིན་ཡོད་ནའང་འཐོར་དགོས་པའི་རྒྱུ་རྐྱེན་གང་ཡིན་གསལ་ཁ་མ་བྱུང་བའི་སྐབས་འདིར་ཚེ་རིང་སྐྱིད་ཟེར་བའི་མི་རབས་གསུམ་པ་བ་དམིགས་བསལ་ཅན་ཞིག་ཡོད་པ་དེས་༼ང་ཡང་ཕྱིར་འབུད་རྒྱུ་ཡིན་༽ཞེས་རྩོམ་ཡིག་ཅིག་བྲིས་ཡོད་པ་དེར་བལྟས་ན་མི་རབས་གསུམ་པ་འཐོར་དུ་འཇུག་མཁན་ནི་ཤུལ་དུ་ལུས་ཡོད་པའི་མི་རབས་གསུམ་པའི་རྐང་འཛིན་པ་ཁ་བཤད་དོན་ལ་གནས་མཁན་དག་ཡིན་པར་བཤད་མོད།མི་རབས་གསུམ་པ་ནི་གཞན་ཞིག་གིས་གཏོར་རྒྱུ་ཟེར་ན་གཏོར་ཐུབ་པ་ཞིག་ཡིན་རྒྱུ་མ་རེད་འདོད་ཀིགལ་ཏེ་དེ་འདྲ་ཞིག་ཡིན་ན་ཕྱིར་འབུད་བྱས་པའི་མི་རང་ཚུགས་མེད་པ་ཁྱེད་ཚོས་མི་རབས་གསུམ་པ་ལྕགས་ཡིན་ཞེས་ད་བར་དུ་འུར་རྒྱབ་པ་དེའང་ལྕགས་ལ་བསྒོས་པའི་རྩི་བཞིན་དུ་ཟད་སོང་བ་མ་ཡིན་ནམ།ལྷག་པར་དུ་ཚེ་རིང་སྐྱིད་ཟེར་བ་ཁྱེད་ཀྱིས་གངས་རིའི་ཕ་རོལ་ནས་༼ང་ཡང་ཕྱིར་འབུད་རྒྱུ་ཡིན་༽ཞེས་འུར་མ་རྒྱབ་ནའང་ཁྱོད་ནི་མི་རབས་གསུམ་པའི་གྲས་ཀྱི་དམིགས་བསལ་ཅན་ཞིག་ཡིན་པ་ལས་ཁྱོད་ལ་མི་རབས་གསུམ་པའི་སྙན་ངག་པ་ཞེས་པའི་ཆོ་ལོ་དབང་བའི་བརྩམས་ཆོས་ཅི་ཡང་མེད་པ་ཤེས་པར་གྱིས།ཁྱེད་ཀྱིས་ཁོ་མོ་ནི་སྙན་ངག་པའི་མི་རབས་གསུམ་པའི་སྒོ་བྱང་ཡིན་མིན་གྱི་སྐད་ཆ་ཞིག་ཀྱང་གར་སོང་ས་ན་བཤད་ཀྱིན་ཡོད་མོད་སྙན་ངག་པའི་མི་རབས་གསུམ་པ་དེ་ཡག་འགྲན་ས་ཞིག་མ་ཡིན་པར་སྙན་ངག་དང་བརྩམས་ཆོས་འགྲན་ས་ཞིག་ཡིན་པས་ཁྱོད་དེ་ཚོའི་སྒོ་བྱང་ཉན་ཡང་མི་ཉན་ལ་ཡིན་ནིའང་མ་རེད།ཁ་སང་ཁྱེད་ཀྱིས་མི་རབས་གསུམ་པ་ལས་ཕྱིར་བུད་པའི་སྙན་ངག་པ་དེ་ཚོར་༼མི་རབས་གསུམ་པས་འགན་འཁྲི་མེད་པའི་བྱ་སྤྱོད་མ་སྤེལ་རོགས་༽ཞེས་རང་ཉིད་ཀྱི་སང་ཉིན་མ་ཤེས་པའི་སྐད་ཆ་ལབ་ཡོད་མོད།   དེ་རིང་༼ང་ཡང་ཕྱིར་འབུད་རྒྱུ་ཡིན་༽ཞེས་རང་ཉིད་ཀྱང་དེ་ཚོའི་རྗེས་སུ་ཞུགས་ནས་འགན་འཁྲི་མེད་པའི་བྱ་སྤྱོད་སྤེལ་བར་རྒྱང་ཀི་འདེབ་པ་འདིས་ཚེ་རིང་སྐྱིད་ཟེར་བ་ཁྱེད་ཀྱང་རང་ཚུགས་དང་འགན་འཁྲི་དང་ཅི་ཡང་མེད་པའི་བུ་མོ་ཞིག་ཡིན་པ་ལྷང་ལ་བུད་ཡོད།མི་རབས་གསུམ་པ་དང་ཚེ་རིང་སྐྱིད་ཁྱོད་གཉིས་ཀྱི་བར་དུ་༼དམིགས་བསལ་༽ཞེས་པའི་མིང་ཚིག་འདི་མ་བཞག་ན་མཐུན་སྦྱོར་གྱི་ནུས་པ་ཅི་ཡང་མི་འདུག་པ་ནི་བརྩམས་ཆོས་ཀྱིས་ར་སྤྲོད་བྱས་ཡོད།ད་དུང་ཁྱེད་ཀྱི་སེམས་ངོ་ན་སྙན་ངག་པ་གཅན་མེ་སྟག་ལགས་སྙན་ངག་པའི་མི་རབས་གསུམ་པའི་གྲས་སུ་འོང་བར་ཕྲག་དོག་དང་ཞེ་སྡང་གི་མེ་ལྕེ་འབར་གྱིན་ཡོད་ནའང་དེ་ནི་ཁྱོད་རང་གི་སྡུག་གྱོང་ཡིན་པ་ལས་ཅི་ཡང་གནོད་ཐུབ་ནི་མ་རེད།གཅན་མེ་སྟག་ལགས་སྙན་ངག་པའི་མི་རབས་གསུམ་པའི་གྲས་སུ་འོང་བ་དེ་ནི་སྙན་ངག་པའི་མི་རབས་གསུམ་པ་དེ་དུས་རབས་ཤིག་གི་སྙན་ངག་པའི་མི་རབས་ལ་བགྲངས་ཆོག་པའི་ཐོབ་ཐང་རེད།འདི་ནི་སྙན་ངག་པའི་མི་རབས་གསུམ་པ་ལ་སྟོབས་ཤིག་སྣོན་བྱེད་ཀྱི་བཅུད་ལྡན་ཁ་ཟས་རེད།དུས་རབས་ཤིག་གི་སྙན་ངག་པའི་ཚབ་མཚོན་མི་སྣར་བགྲངས་ཆོག་པའི་གཅན་མེ་སྟག་ལགས་གཙོ་བྱས་པའི་མི་རབས་གསུམ་པའི་སྙན་ངག་པ་རང་གཤིས་ཅན་ཚོས་དུས་རབས་ཤིག་གམ་ཡང་ན་མི་རབས་ཤིག་གི་སྙན་ངག་གི་འཕོ་འགྱུར་མངོན་པའི་བརྩམས་ཆོས་ཐང་མར་བརྡལ་རྒྱུའི་རེ་བ་ཆེན་པོ་བཟུང་ཡོད།མི་རབས་གསུམ་པའི་གྲས་ཀྱི་སྙན་ངག་པ་ལ་ལ་ཞིག་གིས་༼འབུ་༽དང་༼གྲོག་མ་༽སོགས་ཀྱི་ཐ་སྙད་རི་ལྟར་སྤུངས་ཏེ་བར་སྣང་ནས་ཕོ་བྲང་བཞེངས་རབ་གླེང་བ་དང་།ཡང་ལ་ལ་ཞིག་གིས་༼མཇེ་༽དང་༼མོ་མཚན་༽སོགས་ཀྱི་ཐ་སྙད་ཁ་གྲངས་ལོངས་པ་ཞིག་བྲིས་ཏེ་རྒྱ་ཡིག་གི་དགོད་གཏམ་ཟེར་བ་དེ་ཡིན་ཚུལ་གླེང་མོད།གང་ལྟར་དེ་དག་ཚང་མས་༼འབུ་༽དང་༼མཇེ་༽སྐྱོར་ནས་བུད་སོང་བས་ཤུལ་དུ་ལུས་ཡོད་པའི་སྙན་ངག་པའི་མི་རབས་གསུམ་པ་དེ་ནི་མི་རིགས་ལ་ཡོད་པའི་ཡ་རབས་གུས་སྲོལ་གྱི་རྩམ་དྲི་མ་ཡལ་བའི་སྒོ་ནས་སྙན་ངག་གི་ལྟ་གྲུབ་དང་།འགན་འཁྲི་སོགས་ལ་བརྩི་མཐོང་སྒོས་རྩོམ་རིག་གསར་བ་ཞེས་བཤད་ནའང་ཆོག་སྙན་ངག་གསར་བ་ཞེས་བཤད་ནའང་རུང་གང་ལྟར་དུས་རབས་ཉེར་གཅིག་པའི་སྙན་ངག་གི་རྩོམ་ལུས་དང་།ཐ་སྙད།བརྗོད་དོན་སོགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རེ་རེ་ཟ་དང་ཟུར་ན་སྟོན་པའི་སྙན་ངག་པ་རྣམ་དཔྱོད་དག་ཡིན་པས་ནམ་ཡང་སྙན་ངག་པའི་མི་རབས་གསུམ་པ་ཟེར་བའི་མཚན་ཉིད་འདིས་མཚོན་པའི་མཚོན་བྱ་ཡིན་པར་སུ་ཞིག་གིས་རྒོལ་ནུས།
  སྤྱིར་བོད་ཀྱི་སྙན་ངག་ཅེས་པ་དེ་ལའང་རྒྱ་གར་ཤར་ལྷོ་བའི་ལུགས་དང་འདྲ་བར་རྩོམ་པ་པོའི་དགའ་ཕྱོགས་དང་དགེ་བ་སོགས་ཀྱི་དབང་གིས་གོ་དཀའ་སླའི་ཁྱད་པར་ཡོད་པ་ནི་བདེན་པ་ཡིན་ནའང་སྙན་ངག་པ་བར་
སྣང་ནས་ཕོ་བྲང་བཞེངས་མཁན་དག་གི་སྙན་ངག་ལ་གོ་རྒྱུ་ཅི་ཡང་མེད་པ་དེའང་སྙན་ངག་གི་ཁྱད་ཆོས་ཤིག་ཏུ་བརྩི་བའི་མི་རེ་གཉིས་བདོག་མོད་དེ་དག་ལ་ཁྱད་ཆོས་སུ་བགྲངས་ཆོག་པ་འབུར་ཐོན་ཅན་གང་དག་ཡོད་
ཀི་ཞེས་བྲིས་ཚེ་མཛུབ་མོ་ནང་འགུག་བྱེད་རྒྱུ་གཅིག་ཀྱང་མི་ལོན་པའང་ཡོད་ལ།ད་དུང་དེ་ཚོའི་སྙན་ངག་ནི་མ་འོངས་ལུང་བསྟན་ལྟ་བུ་ཞིག་ཡིན་པས་སྐབས་སུ་མ་ཐོན་ན་གོ་མི་ཐུབ་པའི་ཡིད་ཆེས་རྣམ་དག་ཡོད་མཁན་ཡང་ཡོད་ཚོད་རེད།དེའི་ཕྱིར་རྨོངས་པ་ཟེར་སྒྲོས་ལ་དགའ་བ་དང་བླུན་པོ་ཨ་གསར་ལ་དགའ་བ་དག་གིས་རྩོམ་པ་པོའི་མིང་མཐོང་བ་ཙམ་གྱིས་རྩོམ་བཟང་གི་ཞེས་འུར་རྒྱག་པ་དང་།ཡང་རང་མགོ་གཞན་ལག་ཏུ་བཞག་ནས་མི་ཚེ་ཉམ་ཆུང་གིས་འཚོ་བ་འགའ་རེས་གཞན་རྩོམ་གྱི་དོན་མ་གོ་བ་དེ་ནི་རང་ཉིད་ལ་ཤེས་རབ་མེད་པས་ཡིན་ཞེས་བཤད་མཁན་ཡང་ཡོད་མོད།ང་ལ་མཚོན་ན་གོ་རྒྱུ་མེད་པའི་རྩོམ་ཡིག་དེ་དག་ནི་ཀློག་རིན་མེད་པའི་རྩོམ་ཡིག་ཅིག་ཏུ་བརྩི་བ་ལས་རང་ཉིད་ལ་ཤེས་རབ་ཀྱི་རྩལ་གྱིས་མ་འདང་བ་མིན་པར་ཡིད་ཆེས་བརྟན་པོ་ཡོད།
   ང་ཚོས་ནམ་ཡང་གྲོགས་པོ་གྲོགས་པོར་བལྟ་བ་དང་རྩོམ་རིག་རྩོམ་རིག་ཏུ་བལྟ་བའི་བདེན་པའི་བསམ་བློ་ཞིག་གི་ངོས་ནས་རྩོམ་རིག་དབྱེ་ཞིབ་བྱས་ཏེ་བཟང་ངན་གྱི་དབྱེ་བ་འབྱེད་པ་ལས་གྲོགས་པོ་དང་རྩོམ་རིག་གཞི་གཅིག་ཏུ་སྦྲེལ་ཏེ་སྐྱོན་ཡོན་གྱི་ཁྱད་པར་གླེང་བ་ནི་རྡོ་ལོག་གི་སྟེང་དུ་གསེར་རྩི་བྱུགས་པ་དང་འདྲ་བས་སྙིང་བོ་ཅི་ཡང་མི་འདུག་པ་དེའི་ཕྱིར་ཀློག་པ་པོ་དང་དཔྱད་བརྗོད་པ་སུ་ཡིན་ཡང་མི་སྒེར་གྱི་ཆགས་སྡང་དང་དགའ་སྐྱོ་རྩོམ་རིག་ཏུ་མི་བསྲེས་པར་རྩོམ་རིག་རྩོམ་རིག་ཏུ་བལྟ་བའི་ཚད་གཞི་དེ་དུས་ནམ་ཡང་འདོར་མི་རུང་བ་ཞིག་རེད།
   གང་ལྟར་མི་རབས་གསུམ་པའི་སྙན་ངག་གི་འགན་འཁྲི་ཆུ་ལ་མ་བསྐུར་བའི་ད་ཡོད་ཀྱི་སྙན་ངག་པ་དེ་ཚོའི་གྲས་སུ་གཅན་མེ་སྟག་གཙོ་བྱས་ཏེ།རེ་རྐང་གླིང་དང་ཁུ་བྱུག་སྔོན་མོ། འབྲོང་ཕྲུག མར་ཁུ་རྒྱལ་མཚན།ས་དཀྱིལ་ཚེ་བཀྲ་ལ་སོགས་པའི་སྙན་ངག་པའི་དཔུང་ཁག་མཐུག་པོ་ཞིག་ཡོད་པས་ཁོ་ཚོའི་རྩོམ་རིག་གི་ལང་ཚོ་ནི་ཇེ་ཡག་ཇེ་མཛེས་སུ་གྱུར་ཏེ་འཛམ་གླིང་རྩོམ་རིག་གི་གར་སྟེགས་སྟེང་དུ་སྙན་ངག་པའི་དཔུང་སྡེ་གླེང་རིན་ཡོད་པ་ཞིག་ཏུ་མི་འགྱུར་བའི་ངེས་པ་ག་ལ་འདུག་དེ་དུས་ཕྱིར་འབུད་བྱས་པའི་སྙན་ངག་པ་རང་ཚུགས་མེད་པ་དེ་ཚོས་ཀྱང་རང་དོན་གྱི་ཁུག་མ་འཁྱེར་ནས་སྙན་གྲགས་ཀྱི་གསེར་ལོག་ལེན་དུ་མི་ཡོང་བའི་ངེས་པའང་མེད་སྙམ།

རྩོམ་ཁུངས། ན་གཞོན་གསར་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་རབས་གསུམ་པ་དང་ཚེ་རིང་སྐྱིད།

2011-06-28 རེབ་གོང་བ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།