སྙན་ངག་གི་ཚོགས་པ་ཞིག་འཇིག་བྱུང་།

  དེ་རིང་མཆོད་མེ་དྲ་བ་ལས་༼མདའ་བཙན་པོ་སོགས་མི་རབས་གསུམ་པ་ནས་བུད་པ༽ཟེར་བའི་གསར་འགྱུར་ཞིག་མཐོང་སོང་།བལྟས་པ་ཙམ་གྱིས་ཚོགས་མི་བརྒྱད་ཚོགས་པ་ལས་ཕྱིར་བུད་པ་ཙམ་རེད་མོད།དོན་དུ་ད་ཡོད་ཀྱི་མི་རབས་གསུམ་པ་འཇིག་སོང་བ་དེ་རེད།ཚོགས་པ་འདི་འཇིག་རྒྱུ་ཡིན་པའི་སྣང་བ་ཞིག་ཁོ་བོར་དེ་སྔོན་ནས་སྐྱེས་ཡོད་ཀྱང་།རང་ཉིད་ནས་ཚོགས་པ་འདིའི་ཚོགས་འདི་གང་རུང་དུ་ཟུར་ཞུགས་ཤིག་གི་སྐལ་བ་ཐོབ་མྱོང་མེད་པས།ཤུལ་དུ་བསྡད་ཡོད་པ་དག་གིས་ཚོགས་པ་འདིའི་མིང་བྱང་ཁུར་ནས་ད་དུང་ཨུ་ཚུགས་ཀྱིས་དུས་ཡུན་ག་ཙམ་ལ་རྒྱུན་སྐྱོངས་ཐུབ་རྒྱུ་ཡིན་མིན་ཁ་ཚོད་གཅོད་ཁག་པོ་ཞིག་རེད།
  ཚོགས་པ་འདི་འཇིག་པ་ལ་རྒྱུ་མཚན་གཙོ་བོ་གསུམ་ཡོད་པ་འདྲ་སྟེ།དང་པོ་ནི་ཐོག་མར་ཚོགས་པ་འདི་བྱུང་དོན་ནི་ཁོ་ཚོས་སྒྲོགས་ཀྱིན་པའི་མཉམ་དུ་སྙན་ངག་འབྲི་རོགས་ཤིག་མཁོ་བ་སོགས་མ་ཡིན་པར།མི་རབས་གསུམ་པ་དེ་མི་རབས་གསུམ་པ་རུ་འགྱུར་བའི་ཆེད་དུ་རེད།ཕར་བལྟས་ན།ཚོགས་པ་མང་ཆེ་བ་ནི་འདི་ལྟར་།ཚོགས་པ་དེ་འཛུག་པའི་དམིགས་ཡུལ་ནི་ཚོགས་པ་དེ་ཚོགས་པ་དེ་རུ་འགྱུར་བའི་ཆེད་དུ་རེད།དེ་ཡང་གསལ་བོར་བཤད་ན།ཚོགས་པ་འདི་ཐོག་མར་བྱུང་སྐབས་ཁོང་ཚོར་རྨི་ལམ་ཞིག་ཡོད་པ་རེད།དེ་ནི་ཁོང་ཅག་ཀྱང་བོད་ཟེར་བའི་མི་རིགས་འདིའི་རྩོམ་རིག་ལོ་རྒྱུས་སྟེང་གི་སྙན་ངག་པའི་མི་རབས་ཤིག་ཏུ་འགྱུར་བའི་ཆེད་དུ་རེད་དེ།དེ་ནི་སྤྱིར་བཏང་ནས་སྙན་ངག་འབྲི་བཞིན་པའི་ན་གཞོན་སུ་ལ་ཡོད་སྲིད་པའི་རྨི་ལམ་ཞིག་རེད།༼དེ་དག་ནི་ཁོང་ཅག་གི་ཚོགས་འདི་རེ་རེའི་སྟེང་གི་གསུངས་བཤད་དང་བསྒྲགས་ཡིག་སོགས་ལས་ཀྱང་མཐོང་ཐུབ་པ་རེད།༽རྨི་ལམ་དེའི་ཕྱིར་དུ་ཁོང་ཚོས་ཚོགས་འདུ་རབ་དང་རིམ་པ་བསྡུས་ཤིང་དྲ་ཚིགས་སོགས་སུ་འང་ཆེད་དུ་ས་མིག་བཟུང་ཞིང་སྙན་ངག་རིང་མོ་བྲིས།ཚགས་ཤོག་སོགས་ཀྱི་སྟེང་དུ་འདྲ་པར་ཆེན་པོ་སྦྱར་ཏེ་༼བོད་ཀྱི་སྙན་ངག་པའི་མི་རབས་གསུམ་པ༽ཟེར་ནས་འུར་ཆེན་མང་དུ་བརྒྱབ་ནས་ཀུན་གྱི་རྣ་ལ་བྱང་དུ་བཅུག།དེ་ལྟར་ཡུན་ལ་འབད་པས།ཁོ་ཚོས་རྨི་ལམ་དེ་མངོན་དུ་འགྱུར་སོང་བ་རེད།ཁོ་ཚོའི་གྲལ་དུ་ངེས་དོན་གྱི་སྙན་ངག་པ་འང་ཡོད་པས་དེ་སྔོན་ནས་ཁས་ལེན་མི་འདོད་པར་སྣབས་དགོད་བྱེད་པ་དག་གིས་ཀྱང་རྗེས་སུ་ཁས་མི་ལེན་རང་ལེན་དུ་གྱུར་ནས།བོད་ཀྱི་སྙན་ངག་པའི་མི་རབས་གསུམ་པ་ཞེས་བོས་པ་རེད།ཚོགས་པ་དང་ཐུན་མོང་གང་ཞིག་གིས་རྨི་ལམ་ཞིག་གི་ཆེད་དུ་མཉམ་དུ་རུབ་ནས་ཤུགས་བརྒྱབ་ནས་རྨི་ལམ་དེ་ཉིད་མངོན་དུ་འགྱུར་ཚར་རྗེས་ད་ནི་ཚོགས་པ་དེ་ཉིད་སྔར་བཞིན་ཚོགས་པ་རུ་ཆགས་དགོས་པའི་རྒྱུ་མཚན་རྩ་བ་ནས་མེད་པས།དེ་ནི་ཚོགས་པ་དེ་ཉིད་འཇིག་སོང་བའི་རྒྱུ་མཚན་གཙོ་གཅིག་རེད།
  ཚོགས་པ་འདིའི་ཁྲོད་ནས་ཕྱིར་བུད་པའི་མི་བརྒྱད་པོ་ནི་དོན་དུ་ཚོགས་པ་འདིའི་ནང་གི་སྙན་ངག་འབྲི་མཁན་རྣམས་སྟེ།རེ་རེ་བཞིན་ཚོགས་པ་འདི་ལ་ལྟོས་ཏེ་བཤད་ན།སྙན་ངག་བྲིས་ནས་འབྲས་བུ་ལོན་ཡོད་པའི་དྭངས་རྩེ་བ་དག་དག་རེད།དེ་ལྟ་ན།ལོ་འདི་འགར་ཚོགས་པ་འདིའི་ནང་དུ་ཚད་བཀག་མེད་པར་ཚིག་ཙམ་སྒྲིགས་ཤེས་པའི་སྙན་ངག་པ་སྐོར་ཞིག་ཀྱང་འཚང་བྱུང་བས།གོང་གི་མི་བརྒྱད་པོར་མཚོན་ན།དེ་ནི་སུན་སྣང་ཞིག་ཡིན་ཏེ།རང་ཉིད་ཀྱང་དེ་དག་དང་མཉམ་དུ།ལུང་བ་གཅིག་གི་ཤིང་དང་སྤངས་ཐང་གཅིག་གི་མེ་ཏོག་བྱེད་འདོད་གཏིང་ནས་མེད་པས་དེའང་ཚོགས་པ་དེ་ཉིད་འཇིག་སོང་བའི་རྒྱུ་མཚན་གྱི་གྲས་སུ་འདུ་བ་རེད།མི་རྣམས་ཀྱིས་ནི་ནམ་ཞར་སུ་ཞིག་ལ་ངོ་ལོག་རྒྱག་པའི་གྲ་སྒྲིགས་བྱས་ནས་ཡོད་པ་ཡིན་ཏེ།ཐོག་མར་ཚོགས་པ་ལ་བསྟེན་ཏེ་རང་ཉིད་ཀྱི་སྙན་ངག་ཀུན་གྱི་མིག་ལམ་དུ་བཤམས།རྗེས་སུ་ཚོགས་པ་དེ་བེད་མེད་དུ་གྱུར་རྗེས་དེ་མ་ཐག་བདེ་མོ་འཇོག་པ་ཡིན།
  རྒྱུ་མཚན་གསུམ་པ་ནི་མ་གཞི་ནས་མི་རེ་རེར་ཡོད་པའི་ཁྱད་ཆོས་ཤིག་སྟེ།སྙན་ངག་པ་སུ་ཞིག་ཡིན་ཀྱང་།རང་ཉིད་ཀྱི་སྙན་ངག་དེ་རང་ཉིད་ཀྱི་མིང་ཐོག་ནས་མ་གཏོགས།ཚོགས་པ་ཞིག་གི་མིང་ཐོག་ནས་ཀློག་པོའི་མིག་ལམ་དུ་བཤམས་འདོད་མེད་ཅིང་།ཡང་ན།རང་ཉིད་ནི་འཛིན་རྒྱུ་དང་རེག་རྒྱུ་མེད་པའི་ཚོགས་པ་གང་རུང་ཞིག་གི་རྒྱ་ཁྱོན་དུ་སིམ་དུ་འཇུག་འདོད་མེད་པས་རེད་དེ།ཁེར་ཚིགས་སྙེགས་འདོད་དེས་སྙན་ངག་པ་ཕལ་ཆེར་ཁེར་རྐྱང་ཡིན་པ་རེད།དེ་ནི་རྒྱུ་མཚན་གསུམ་པ་རེད།
  ཚོགས་པ་འདི་འཇིག་སོང་བས་བོད་ཀྱི་རྩོམ་རིག་གར་སྟེགས་སུ་ཤུགས་རྐྱེན་ག་ཙམ་ཐེབས་རྒྱུ་རེད་ཟེར་ན།ཤུགས་རྐྱེན་གང་ཡང་ཐེབས་སྲིད་རྒྱུ་མ་རེད།ནམ་མཁན་རུ་བག་ཡངས་ཀྱིས་རྒྱུ་བའི་སྤྲིན་པ་ལྷེབ་མོ་ཞིག་གློ་བུར་རླུང་གིས་གཏོར་ཚེ།མཐའ་ཡས་པའི་ནམ་མཁའི་མཛེས་སྡུག་ལ་འགྱུར་བ་གཞན་ཞིག་བཟོ་བར་གཏན་ཚིགས་ཀྱིས་སྲིད་ཀྱང་།སྤྱིར་སྙན་ངག་ནི་མི་སྒེར་གྱི་གསར་གཏོད་ཅིག་ཡིན་པ་ལས་ཚོགས་པ་ཞིག་ཡོད་མེད་དང་འབྲེལ་བ་ཆེན་པོ་མེད་དེ།དཔལ་འབྱོར་དང་ལག་ཤེས་བཟོ་ལས་སོགས་ཡིན་ཚེ་དེ་ལས་ལྡོག་སྟེ།དཔེར་ན་མི་བཅུ་གྲངས་ཀྱིས་མཉམ་དུ་རྡོ་ཕ་བོང་ཞིག་ཡར་འཇོག་སྐབས།ནང་གི་མི་བརྒྱད་ཀྱིས་མི་འཇོག་ཟེར་ནས་བུད་སོང་ཚེ།ལས་གཞི་ཆེན་པོ་གང་ཞིག་འགྲུབ་པ་ལ་གེག་ཆེན་པོ་བྱས་ཡོད་ཀྱང་།སྙན་ངག་ཚོགས་པ་ནི་དེ་འདྲ་ཞིག་མིན་ཏེ།སྙན་ངག་གི་ཚོགས་པ་ཞིག་ལ་ཆ་མཚོན་ན།ཚོགས་པའི་གོ་རིམ་དེ་ནི་དོན་གྱིས་ཐོར་བའི་གོ་རིམ་ཞིག་ཀྱང་རེད།
  ཅུང་ཟད་ཁ་གསལ་ནས་བཤད་དགོས་པ་ཞིག་ལ།ད་ཡོད་ཀྱི་ཚོགས་པ་དེ་འཇིག་སོང་བ་ལས་བོད་ཀྱི་སྙན་ངག་པའི་མི་རབས་གསུམ་པ་འཇིག་སོང་བ་ནི་གཏན་ནས་མིན་ཏེ།
  ནམ་ཞིག རྗེས་རབས་པ་རྣམས་ཀྱིས་བསྐྱར་དུ་མི་རབས་གསུམ་པ་འཚོལ་སྲིད།སྐབས་དེར་བཙལ་ནས་རྙེད་པའི་མི་རབས་གསུམ་པ་དེ་ནི་ལོ་རྒྱུས་ཀྱི་ཡིག་ཚགས་ལས་བསྐལ་བའི་བར་དུ་གཟིམ་རྒྱུ་དང་འཇིག་རྒྱུ་མེད་པའི་མི་རབས་གསུམ་པ་དེ་ཡིན་སྲིད།སྐབས་དེར།དེ་རིང་ཚོགས་གྲལ་ནས་མི་འདུག་བདེ་མོ་བྱོས་ཟེར་མཁན་ཚོ་སླར་དུ་ཕྱིར་དྲུད་ཡོང་ནས་མི་རབས་གསུམ་པ་ཟེར་བའི་མིང་གི་གདག་གཞི་རུ་འཇོག་སྲིད་ལ།ཁ་ངོ་གཉེར་མའི་གང་སྟེ་སྐྲ་ཉག་དག་དཀར་བོར་འགྱུར་ཀྱང་སྔར་བཞིན་མི་རབས་གསུམ་པ་ལས་མི་འབུད་ཟེར་མཁན་ཚོ་མཚོ་ལ་བབས་པའི་ཁ་བ་བཞིན་གར་སོང་ཆ་མེད་དུ་འགྱུར་འགྲོ་འང་སྲིད།གང་ལྟར།ང་ཚོས་ཅི་ལྟར་འུར་བརྒྱབ་རུང་།ཅི་ལྟར་གཏོར་བཤིག་དང་སྙིང་སྟོབས་དགོས་ཞེས་ལག་པ་དགུང་ལ་ཕྱར་རུང་།ཅི་ལྟར་ཚོགས་པ་བཙུགས་ནས་མཉམ་རྒྱུགས་དང་ཚོགས་པ་བསྐྱུར་ནས་དཔའ་ཁེར་རྒྱུགས་བྱས་རུང་།ནམ་ཞིག། ང་ཚོའི་བུ་ཕྲུག་དག་གིས་ང་ཚོ་སྟེ་ཡབ་མེས་དག་གི་མིང་ནས་བོས་ཏེ་སེམས་ཀྱིས་གཉོར་ན།སྔར་བཞིན་ང་ཚོས་ཁོང་ཅག་ལ་ལེགས་སྐྱེས་ཅི་ཞིག་བཞག་ཡོད་མེད་ཀྱི་སྟེང་ནས་ཐག་ཆད་རྒྱུ་ཡིན་ན།མི་རབས་གསུམ་པ་འང་དེ་བཞིན་རེད་དེ།ནམ་ཞིག་ཤུལ་དུ་བཞག་པའི་དྲན་རྟེན་དག་ལ་བརྟེན་ཏེ་མི་རབས་གསུམ་པ་བསྐྱར་དུ་འཚོལ་སྲིད།
  གང་ལྟར།སྙན་ངག་ཚོགས་པ་འདི་ཚོགས་པ་ཞིག་གི་ཚུལ་གྱིས་འཇིག་སོང་བ་འདིས།ང་ཚོར་གསལ་བརྡ་ཆེན་པོ་ཞིག་བརྒྱབ་ཡོད།དེ་ནི་ཉམ་ཤོར་བའི་དེ་རིང་གི་ང་ཚོའི་ལས་དབང་འདི།སྔར་བཞིན་ཚོར་ཤེས་ཁོ་ནས་ཐག་གཅོད་པ་ནི་ཤོག་བྱས་ནམ་འཕང་གཅོད་པ་བཞིན་རྩེད་འཇོ་ཙམ་ལས་མི་འགྲུབ་ལ།རྒྱ་མཚོའི་ནང་དུ་རྒྱ་ཡན་གྱིས་བཞག་པའི་གོ་གྲུ་ཞིག་གིས། རླབས་དང་དུད་སྤྲིན་གྱི་བང་རིམ་བརྒལ་ནས་རྒྱ་མཚོའི་ཕར་ངོགས་སུ་ཐོན་པའི་རེ་བ་དེ་ནི།ཧ་ཅང་ནས་ཉག་ཕྲ་བའི་རེ་བ་ཞིག་ཡིན་པར་གསལ་བཤད་བྱས་ཡོད།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་གི་ཚོགས་པ་ཞིག་འཇིག་བྱུང་།

2011-06-24 གླག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།