མཚུངས་པ་གསལ་བྱེད་ཀྱི་སྒྲ།

                                  __________________སྐབས་བཞི་བའི་བོད་ཀྱི་སྙན་ངག་གི་མི་རབས་གསུམ་པའི་བགྲོ་གླེང་ཚོགས་འདུ་འཚོག་པར་རྟེན་འབྲེལ་གྱི་ཚུལ་དུ་ཕུལ་བ།
སྙན་གཞུང་དུ     མཚུངས་པ་གསལ་བྱེད་ཀྱི་སྒྲ་མང་བོ་ཐང་མར་བརྡལ་ཡོད་པ་ནི
ང་ཚོའི་ལོ་ལེགས་ཡིན་ཀྱང་ཡིད་ཚིམ་ག་ལ་ཐུབ

ཡང་དག་པའི་མཚུངས་པ་གསལ་བྱེད་ཀྱི་སྒྲ་ཞིག་གི་ཆེད་དུ
ངས    གཙུག་ལག་ཁང་དང་རྩེ་ཕོ་བྲང་སོགས་ནི
ཕྱུ་བའི་སྟེང་གི་རི་མོ་མག་མོག་ཅིག་དང་མཚུངས་ཞེས་བཤད་མྱོང

མཚམས་ལན་རེར་བསམས་ན
བདེ་སྤྱོད་བཟང་བོས་འཁུར་འོང་གིན་པ་ནི་མི་རོ་དངོས་གྲུབ་ཅན་དེ་མ་ཡིན་པར
མཚུངས་པ་གསལ་བྱེད་ཀྱི་སྒྲ་ཞིག་ཡིན་ནམ་སྙམ

ཆུ་ཞབས་ཀྱི་རྡོ་བས    དུས་དང་རྣམ་པ་ཀུན་ཏུ
ཆུ་མོར་འཛོམས་ཆིངས་བཞག་ཀྱང་ཤོར་བ་དེ་མཐོང་དུས
མཚུངས་པ་གསལ་བྱེད་ཀྱི་སྒྲ་ཁ་ཤས་ཤིག
སྐད་ཆའི་ཚལ་ན  ཁྱོན་ནས་མི་འདུག

དཔེ་ཀློག་གི་སྐབས་སུ   དཔེ་རྒྱན་ནས་གཟུགས་རྒྱན་གྱི་བར་ཐག་ནི
ཤོག་ལྡེབས་བཅུ་ཕྲག་གི་བར་ཐག་མ་རེད་བསམས
དཔེ་རྒྱན་གྱི་སྣང་བ་དཀྲོགས་མཁན་གཟུགས་རྒྱན་ལགས་ན
དེ་གཉིས་ཀྱི་བར་ཐག་ནི   སྙན་ངག་དང་ཚན་རིག་གི་བར་ཐག་ཡིན་པའི་སྣང་བའང་སྐྱེས

ཆབ་གསེང་བྱེད་དུས    ལུས་པོ་འདར་ཙམ་བྱས་པའི་རྒྱུ་དེ
རིག་ལམ་གྱིས་བརྟག་ཅིང་དཔྱད་དེ་གཏན་ལ་དབབས་ནའང་
དེ་ལས་གཞན་དུ    ད་དུང
བརྟུལ་ཞུགས་མི་འཛིན་པའི་མཚུངས་པ་གསལ་བྱེད་ཀྱི་སྒྲའི་ཤེས་རབ་ཀྱང་ཡོད

སྐྱབས་ཆེན་བདེ་གྲོལ་གྱིས་བཀོལ་བའི་བཞིན་སྒྲ་མང་བོ་ཞིག
བདེན་ལུགས་ལ་ཁད་ཉེ་བའི་སྒྱུ་འཕྲུལ་གྱི་སྙིང་ཐིག་རེད་ལ
སྨད་འཚོང་མ་སངས་རྒྱས་སྒྲོལ་མར་ཕུལ་བའང་མཚུངས་པ་གསལ་བྱེད་ཀྱི་སྒྲ་མཛེས་ལྡན་ཞིག་རེད
ཁང་བ་འདིའི་ནང་ནས་རྙེད་པ་གང་རུང་ཡང་མཚུངས་པ་གསལ་བྱེད་ཀྱི་སྒྲ་བདེ་ལྡན་ཞིག་རེད

ཡང་དག་པའི་མཚུངས་པ་གསལ་བྱེད་ཀྱི་སྒྲ་ཞིག་རྙེད་དུས
ང་ཚོས   ཟམ་ཆུང་བསྐྱུར་ཏེ་ལྡིང་ནས་སོང་ཡང་ཅི་ཉེས
ཆུ་ཕྲན་ཁྱོད་ཞེན་ཡུལ་གྱིས་དྲངས་ནས་བཞུར་ཡང
ཟམ་ཆུང་ཁྱོད་གཞུང་ལུགས་ཀྱིས་བསྐྱོར་ནས་བརྟན་ཡང

① རེ་རྐང་གླིང་གི་སྙན་ངག་ཅིག་གི་མཚན་བྱང་།
②  མདའ་བཙན་པོའི་སྙན་ངག་ཅིག་གི་མཚན་བྱང་།
                  2010. 7. 16

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཚུངས་པ་གསལ་བྱེད་ཀྱི་སྒྲ།

2010-07-18 ན་རོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།