མི་རབས་གསུམ་པའི་འུར་ཟིང་།

       ༡  སྐྱབས་ཆེན་བདེ་གྲོལ།
 
ཁོའི་མེས་པོ་
སྐར་མའི་ཚལ་དུ་གནས་བཅའ་བའི་ཇག་པ་ཞིག་
ཁོའི་ཨ་ཕ་
ཆུ་བོ་ཞིག་གི་ཕ་རོལ་ཚུ་རོལ་དུ་གླེང་བའི་གནའ་གཏམ་ཞིག་
ཁོའི་ཨ་མ་
བྱིས་པ་ཚོའི་སྐོམ་པ་སོད་པའི་འོ་ཇ་དཀར་ཡོལ་གང་

ཁོ་བོས་ལོ་ངོ་དགུ་ཡི་ཡ་སྔོན་དུ་
བོད་ཡུལ་ནས་རྒྱ་མཚོའི་ཕ་རོལ་དུ་ཐེན་པའི་
རྐང་ལམ་ཞིག་རྙེད་མོད་
ན་གཞོན་གང་མང་ཞིག་ཁོའི་རྗེས་སུ་བསྙེགས་མཐར་
ལམ་དཀྱིལ་དུ་མགོ་བོ་འཐོམས་ནས་རང་ཡུལ་ཀྱང་བརྗེད་པར་གྱུར་
 
         ༢    མདའ་བཙན་པོ།
 
དུས་ཚིགས་རེ་རེར་ཁོམ་ལོང་བྲལ་བའི་
དུས་དེབ་དང་ཚགས་པར་ཁ་ཤས་ཀྱི་བར་ནས་
རྫོབ་ཅིང་རྩུབ་པའི་ལག་པ་ཡང་དང་བསྐྱར་དུ་
བུད་མེད་ཀྱི་བླ་ཐུང་བར་དུ་བསྲིངས་ལ་
ནག་ཅིང་མཐུག་པའི་ལག་པས་ཡང་དང་བསྐྱར་དུ་
སྐྱེས་པ་ཡི་ཕོ་མཚན་ཞིག་ཕར་སྒུལ་ཚུལ་སྒུལ་བྱས་མཐར་
རྣོ་ལྕགས་ཀྱི་རྒྱུ་ལས་གྲུབ་པའི་
ཕོ་མཚན་དང་མོ་མཚན་གཉིས་
བོད་ཀྱི་རྩོམ་རིག་གི་ལྕགས་ཐག་བར་དུ་བརྒྱུས་
གཞུང་དྲང་བའི་མི་ཁོ་མ་གཏོགས་
བོད་པ་སུ་ཞིག་གིས་རང་ཉིད་མཇེ་དང་གཞང་ལ་བརྩེ་བ་ཆེ་རབས་
དྲང་མོར་བཤད་མྱོང་ལ་དེ་ལ་གུས་གུས་ཞུམ་ཞུམ་བྱས་མྱོང་
    
                           ༣ མར་ཁུ་རྒྱལ་མཚན།
 
ཁོ་ནི་སློབ་ཆུང་གི་དགེ་རྒན་ཞིག་
འབྱོར་བ་དམན་པའི་ཁོས་
རང་གི་མལ་ཐུལ་དང་ཉལ་གདན་ཡང་
དབུལ་སྐྱོབས་ལ་སྦྱིན་ཚར་བས་
མཚན་མོ་རེ་རེར་ཁོས་གནས་བཅའ་ས་ནི་
རོ་སྒམ་རྙིང་བ་ཞིག་
རོ་སྒམ་
འདི་ནི་ལས་ཁུངས་ཀྱིས་ཁོ་ལ་སྤྲད་པའི་ཁང་བ་ཡིན་ལ་
ལས་དབང་གིས་ཁོ་ལ་སྙན་ངག་འབྲི་སྤྱད་དུ་སྤྲད་པའི་
སོལ་བ་ནག་པོ་ཞིག་སྟེ་
དེ་ཡིས་བྲིས་པ་ནི་
སོལ་བ་ལྟ་བུའི་སྤྱི་ཚོགས་དང་ལམ་ལུགས་
བརྩེ་དུང་དང་ལ་རྒྱ་སོགས་རེད་
ཁོས་ཟེར་རྒྱུར་
རོ་སྒམ་མེད་དུས་ང་སྐྲག་གི་
 
                  ༤  རེ་རྐང་གླིང་།
 
ཁོ་ནི་མི་རབས་གསུམ་པའི་
ཆེས་འཇོན་བདེ་བའི་གསར་བུ་ཡིན་ལ་
ཉིན་མཚན་རེ་རེར་མི་རབས་གསུམ་པའི་དོན་དུ་
སྟ་རེ་ཞིག་འཁྱེར་ནས་རྒྱུག་གིན་ཡོད་
ཁོས་མི་མང་ཚོགས་ས་ནས་
གྲྭ་བ་ཞིག་གི་ཆུ་རིས་མར་བཤུད་མྱོང་ལ་
ད་བར་དུ་བུས་བུས་པ་ནི་
བོད་ཡུལ་འདི་རུ་དུས་རྒྱུན་གྱོད་ཁ་ཁ་མཆུ་ལ་ཐུག་པའི་
མི་རབས་གསུམ་པ་བ་ཚོ་དང་དེ་ཚོའི་དུར་ས་དང་རོ་སྒམ་སོགས་རེད་
 
                ༥   འབྲོང་ཕྲུག
 
ཁོ་ནི་ཕག་དང་ར་མ་འཚོས་པའི་
འབྲོག་ཕྲུག་རྣལ་མ་ཞིག་
ཁོས་སྐབས་དང་སྐབས་སུ་
མདུན་དུ་དེད་པ་ནི་
འབྲོང་དང་རྐྱང་ལྟ་བུའི་ནོར་ཁྱུ་དང་རྟ་ཁྱུ་ཡིན་འདང་གིས་
གྲེ་བ་མཐོན་པོས་རྫི་གླུ་ཡང་ཡང་གྱེར་མྱོང་ཨང་
ཁོས་སྐབས་དང་སྐབས་སུ་
མདུན་དུ་གཤར་གྱིན་པ་ནི་
དགོ་དང་རི་དྭགས་ལྟ་བུའི་ལུག་ཁྱུ་ཡིན་འདང་གིས་
ཉམས་འགྱུར་ལྡན་པའི་ཁ་ཤུ་ཡང་ཡང་འདེབས་མྱོང་ཨང་
འབྲོང་ཕྲུག་
བརྩེ་བ་ཆེན་པོས་ཉིན་གཅིག་མཇུག་རྫོགས་པའི་ཕྱི་དྲོ་
ལྷས་སུ་བཏབ་པ་ནི་
སྐྱག་མཆུ་བརྒྱབ་པའི་ཕག་དང་ར་མ་སྐོར་ཞིག་ཡིན་དུས་
ཡིད་སེམས་ཅི་འདྲ་ཕམ་མྱོང་བ་སུ་ལ་བཤད་
 
              ༦   ཚེ་རིང་སྐྱིད་།
 
བྱུ་རུ་དང་བ་སོ་ལྟ་བུའི་ངོ་གདོང་གི་དཀར་དམར་
ད་རུང་རྐེ་ཡི་བྱུ་རུ་དང་བ་སོ་
ནམ་རྒྱུན་རང་གི་འཕོངས་ལ་བྲབས་བྲབས་ནས་བབས་པའི་
ཚིགས་བཅད་སྙན་ངག་
ནམ་རྒྱུན་རང་གི་རང་ལ་ཤ་གཅུར་བརྒྱབ་བརྒྱབ་ནས་བབས་པའི་
རང་མོས་སྙན་ཚིག་
འདི་དག་གིས་གྲྭ་བ་མང་བོ་ཞིག་ཐམས་ཅད་མཁྱེན་པའི་བྲག་ཐེམ་ནས་
འུར་ཟིང་གི་མི་ཡུལ་ལ་ཁྲིད་ཡོང་མྱོང་ལ་
ཐར་བའི་གྲུ་ཆུང་ལ་ཞུགས་དུས་
དམྱལ་བའི་སྦྲ་ཆུང་དུ་ཁྲིད་ཡོང་མྱོང་བས་
ཁོ་ཚོས་ཟོལ་མེད་འཛུམ་དཀར་གྱི་ཞལ་རིས་ཁྱོད་ལ་ཕྱོགས་ཏེ་
བརྩེ་དུང་   བརྩེ་དུང་    བརྩེ་དུང་ཟེར་ནས་
ཕྱག་ཟུང་བར་མེད་དུ་ཁྱོད་ལ་བསྲིངས་
༧   བསྒྲལ་རྡོ།
ཁོས་རྨ་ཆུ་རྫོང་གི་རྒྱ་སྲང་དུ་མེ་མདའ་གྲངས་མེད་བསྐོར་མོད་
མི་གཅིག་ཀྱང་མ་སོད་
ཁོས་གླུ་གར་ཁང་དག་ཏུ་གྲི་ཡིས་ཐེངས་མང་གཡུགས་མོད་
མི་གཅིག་ཀྱང་མ་སོད་པས་
ཉིན་ཞིག་རེ་ཐག་ཆད་ནས་ཨ་རག་བཅད་
ཁོས་འབྲོག་པ་ཚོའི་རུམ་དུ་སྒོར་མོ་མང་བོ་འདུག་སྙམ་ནས་
རྒྱན་པོ་ཡུན་རིང་འགྱེད་མཐར་
མྱི་རྒྱུས་ཅུང་ཙམ་ལོན་པ་ལས་ཟླ་ཕོགས་ཚང་མ་ཤོར་
ཁོས་ལས་ཀ་བ་ཞིག་གི་ཚུལ་གྱིས་
རྩོམ་ཡིག་ཡུན་རིང་བྲིས་མོད་
ཅི་ཡང་ཕྲིས་མ་སོང་
ཁོས་བུ་མོ་སུམ་བརྒྱ་ལྷག་གི་རུམ་ནས་བརྩེ་དུང་ཟེར་བ་བཙལ་མོད་
མཐའ་མར་རླིག་ནད་ལས་ཅི་ཡང་རྙེད་མ་བྱུང་
བསྒྲལ་རྡོ་
ད་ལྟ་ཁོ་ཆེས་དགའ་ས་ནི་
ཡོ་རོབ་གླིང་གི་ནངས་ཇ་རེད་
                                ༢༠༡༠ལོའི་ཟླ་༤ཚེས་༡༤ཉིན་རང་ཁྱིམ་དུ་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་རབས་གསུམ་པའི་འུར་ཟིང་།

2010-07-06 བསྒྲལ་རྡོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།