རྩོམ་རིག་སིལ་མངར་ལས་བཏོན་པའི་ཀུབ་འབྲུ།

                                                                              ___སྙན་ངག་གི་མི་རབས་གསུམ་པ་བ།

 མེ་རླབས་ཀྱི་དབལ་ཚ་བོ་ཡོད་ལ།ཆུ་མིག་གི་རྦབ་དྭངས་མོ་ཡོད་པ།གཉུག་གཤིས་ཀྱི་བག་དྲོན་མོ་ཡོད་ལ།ནང་གནས་ཀྱི་མཚང་དམར་མོ་ཡོད་པའི་སྙན་ངག་གི་མི་རབས་ཤིག་བསྟོད་བསྔགས་ཀྱི་མཐེ་བོང་དང་སྡིགས་དམོད་ཀྱི་མཆིལ་ཞགས་བར་ནས་ཞུམ་མེད་ཀྱིས་སླེབས་བྱུང་།ཡུན་རིང་གི་ཐེ་ཚོམ་དང་སྐྱོ་ཡུས།སྲོལ་རྒྱུན་གྱི་སྒྲོག་རྩ་དང་འཕག་འཚགཕྱོགས་མེད་ཀྱི་འོ་དོད་དང་འཁང་རའི་ཁྲོད་དུ་གནས་པའི་བོད་ཀྱི་རྩོམ་སྟེགས་སུ་སླེབས་བྱུང་།རང་གཤིས་ཀྱི་རི་མོ་བཀྲག་ཏུ་འཚེར་ཞིང་སྒྱུ་རྩལ་གྱི་ཁ་དོག་ཁྲག་ལ་བྲིས་པའི་དར་ཆ་ཞིག་གཞོན་ནུ་ཕོ་མོ་མང་པོ་ཞིག་གིས་འཁུར་ཏེ།ཨ་ཐང་ཆད་ཆད་དུ་བོད་པའི་རིག་གནས་ཀྱི་ལམ་ཁ་འདི་རུ་མངོན་བྱུང་།

རྩོམ་རིག་ནི་ཕྱི་ཤུན་ལྗང་གུས་གཡོགས་ཤིང་ནང་སེམས་དམར་བོ་ཡིན་པའི་ཆུ་ཀུབ་ཅིག་ཡིན་པའི་དབང་དུ་བཏང་ན།ནང་བཅུད་མངར་གྱིས་བཟུང་ཞིང་འཚོ་བའི་ཞིང་ས་རུ་ཁྲ་སྤུངས་སེར་འབྲས་བུ་ཤུགས་ཀྱིས་བསྐྲུན་མཁན་གྱི་ཀུབ་འབྲུ་ནག་པོ་དེ་མི་རབས་འདིའི་སྙིང་སྟོབས་རེད་ལ།རང་བྱུང་དང་ཐད་ཚོར།གཉུག་གཤིས་ཀྱིས་ཟིན་པའི་བརྩམས་ཆོས་དག་ནི་སེམས་ལྗོངས་དམར་མོའི་ཀློང་ནའང་ནག་རུག་གེར་འཐོར་བའི་ཀུབ་འབྲུ་འདི་དག་གི་ཞིམ་ཤ་ཅི་ལ་མིན།

མི་རབས་གསུམ་པ་ཞེས་པའི་ཚོགས་པ་འདི་བྱུང་བ་ནས་རྩོམ་སྟེགས་འདིར་གསོན་ཤུགས་སྔ་ན་མེད་པའི་ལང་ཚོ་ཞིག་དང་འཁྱོག་བཟོ་རྩད་ནས་སྐམ་པའི་མེ་ཤུགས་ཤིགཟོལ་བཅོས་གཏིང་ནས་འབྱིན་པའི་མཁའ་དབུགས་ཤིག་ངང་ངམ་ཤུགས་ཀྱིས་གྲུབ་ཅིང་།དེ་དག་གིས་དབང་ཤེད་དང་རྒྱུ་ནོར་གྱི་ངོ་བསྲུང་མི་བྱེད་ལ།རྒན་ཉམས་དང་མཁས་ཚུགས་ཀྱི་སྤྲེལ་ལད་མི་འཁྲབ་པར་བདེན་ལུགས་ཀྱི་ནམ་མཁའ་སྟུག་པོ་དེ་ཤེད་ཀྱིས་དབྲལ་ཞིང་དུངས་ཚོར་གྱི་རླུང་བུ་མཉེན་མོ་དེ་ཡུན་གྱིས་སྤུར་ཀྱིན་ཡོད།

མཆོད་མེ་རྩོམ་རིག་དྲ་བ་ནས་དགེ་འདུན་ཆོས་འཕེལ་གྱི་དྲ་བ་སོགས་རིག་གནས་ཁྱབ་སྤེལ་གྱི་ཞིང་ས་ཡངས་པོ་བསྐྲུན་ཞིང་།མཆོད་མེའི་པོད་ཁུག་ནས་སློབ་མའི་རྩོམ་རིག་དྲ་བ་སོགས་གསར་བཏོད་ཀྱི་བགྲོད་ལམ་ཆེན་པོར་ཕྱེས་ཏེ།རང་རེའི་མི་ནུབ་པའི་རིག་གནས་ཀྱི་མཆོད་མེ་འདི་སྔར་ལས་ཇེ་གསལ་དང་ཇེ་བཀྲག་ཏུ་བཟོ་ཀྱིན་ཡོད་ལ།རྩོམ་རིག་བརྩམས་ཆོས་རྐྱང་བའི་ཐད་ནས་ཀྱང་།སྐྱབས་ཆེན་གྱི་བྱ་ལེན་མའི་ཟློས་གར་གྱི་འགྱུར་དང་།ལྡོང་བུའི་ཨེ་རོས་ཐུའི་མྱ་ངམ་ཐང་གི་འགྱུར།ངལ་རྫི་ཡི་འདོད་ཁམས་ཞེས་པའི་སྙན་ངག་རིང་མོ་ནས་མདའ་བཙན་པོའི་ཚིག་རྐང་ཆིག་སྟོང་ཡན་དུ་ལོངས་པའི་སྙན་ངག་རིང་མོ་ལ་སོགས་ངོ་མཚར་བའི་བྱ་བཞག་རླབས་པོ་ཆེ་ཞིག་སྒྲ་མེད་དུ་ཐོན་གྱིན་འདུག

དཔྱད་འཇོག་ནི་ཡོད་དུ་འོས་པ་ཞིག་རེད།དབུགས་ཐུམ་ཐུམ་དུ་འདུག་པའི་རྩོམ་རིག་གི་སྐྱོ་ཡུས་འདི་དག་བསམས་ན།མིག་ཞར་ཞར་དུ་འདུག་པའི་དེང་གི་དཔྱད་བརྗོད་པ་དག་གིས་གང་ལ་གང་ཡོད་ཀྱི་བྱས་འབྲས་དང་དེའི་ཕ་རོལ་ནས་བསམ་ནུས་པའི་འབྱུང་འགྱུར་གྱི་དམིགས་སྣེ་ཞིག་མཐོང་དགོས་ཏེ།བོད་པའི་རིག་གནས་འདི་ཀོ་ཉམ་ཐག་ཅིང་སྐྱ་ཟད་སྔོ་རྡུགས་སུ་གྱུར་བའི་ལོ་ཟླ་འདི་དག་ལ།ང་རང་ཉིད་མཚོན་པའི་མི་རབས་འདིས་ཅི་ཞིག་ནུས་སོང་ངམ་ཞེས་འདྲི་ན།རང་སེམས་སྐྱོ་མོའི་ཁེར་གླུ་ཐན་ཐུན་ཞིག་ལས་ཅི་ཡང་ངོམས་སུ་མེད་པ་འདི་ཡང་ཕྱོགས་ངོས་ཤིག་གི་རྗེས་ལུས་ཅི་ལ་མིན།

མི་རབས་གསུམ་པའི་འབུར་དུ་ཐོན་པའི་ཁྱད་ཆོས་ཤིག་ནི་བརྩམས་ཆོས་ཁོ་ནའི་སྟེང་དུ་མ་ཡིན་པར་རིག་གནས་ཀྱི་ལམ་ཁ་འདིར་དཔུང་གདང་སྦྲེལ་ཞིང་རྩོམ་རིག་གི་རི་རྩེ་འདིར་འགྲན་སློང་གི་སྙིང་སྟོབས་རྨ་མེད་པ་ཞིག་ཡོད་པ་དེ་རེད་འདོད།མི་རང་རྐྱང་བའིོ་བརྩམས་ཆོས་སྟེང་ནས་སྐྱབས་ཆེན་གྱི་ཚོར་རྟོག་རྣོན་པོ་དེ་དང་།རེ་རྐང་གླིང་གི་དོན་གྱི་རྒྱབ་ལྗོངས་འདྲེན་པའི་རིག་པ་དེ།མདའ་བཙན་པོའི་མི་གཤིས་དམར་རྗེན་དུ་འགྲེལ་བའི་སྨྱོ་བྱད་དེ།ཚེ་རིང་སྐྱིད་ཀྱི་ཆེས་ཞིབ་ཕྲའི་དུངས་ཚོར་སྟུག་པོ་དེ་དག་ནི་དེང་གི་སྙན་ངག་ཁྲོད་ཀྱི་དཔེ་མཚོན་དུ་རུང་བའི་བརྩམས་ཆོས་ཏག་ཏག་རེད་འདོད།

ཡར་སྔོན་ཞིག་ལ་ཁོ་བོས་བོད་ཀྱི་དེང་རབས་རྩོམ་རིག་ནི་རྒྱའི་རྩོམ་རིག་དང་གྲལ་མཉམ་དུ་ཡོད་ཅིང་།ལ་ཤས་ཀྱི་བརྩམས་ཆོས་དག་ནི་འཛམ་གླིང་རྩོམ་རིག་གི་གྲལ་དུའང་གོ་གནས་ཟིན་འདུག་པའི་དཔྱད་བརྗོད་ཅིག་བཟོས་མྱོང་།དྲང་མོར་བཤད་ན་ཁོ་བོས་ད་དུང་ཡང་ལྟ་ཚུལ་འདི་ཀ་རྒྱུན་འཛིན་བྱེད་འདོད་དེ།ཁྱབ་ཆེ་ཕྱོགས་ནས་བལྟས་ན་ད་དུང་བོད་ཀྱི་རྩོམ་རིག་གི་གཉོམ་ལག་མ་རྒྱས་པའི་ངོས་དེ་མཐོང་ཀིན་འདུག་ནའང་།མི་སྒེར་བའི་ངོས་ནས་བལྟས་ན་ནི་གྲལ་མཉམ་ཙམ་དུ་མ་ཟད་གོང་མཐོར་བླ་ན་འཕགས་འདུག་པའི་སྣང་བའང་བཅོས་མིན་དུ་སྐྱེས་ཀྱིན་འདུག

སྐད་ཡིག་ཁོ་ནའི་དབང་གིས་བོད་ཀྱི་རྩོམ་རིག་གི་གནས་བབས་ཕྱིར་སྒྲོགས་དང་ཁྱབ་སྤེལ་བྱེད་ཐུབ་ཀྱིན་མེད་པ་ཙམ་ལས།རྩོམ་རིག་རང་སྟེང་ནས་སྒྱུ་རྩལ་གྱི་མྱོང་བ་ཡིན་ན་འདྲ་ལ།འཚོ་བའི་མཚོན་དོན་ཡིན་ན་འདྲ།རིག་གནས་ཀྱི་དཀྱེལ་དང་ཁོག་རྒྱ་ཡིན་ན་འདྲ།བྱམས་སྙིང་རྗེ་ཡིས་ཟིན་པའི་བརྗོད་བྱ་དང་ཤུགས་བསྟན་ཡིན་ན་འདྲ་སྟེ།ནོ་འབེར་རྩོམ་རིག་བྱ་དགའ་བླངས་པའི་བརྩམས་ཆོས་དག་ལའང་མེད་པའི་རིག་གནས་ཀྱི་ནང་རྫོངས་ཕུན་སུམ་ཚོགས་པོ་སྟེར་ནུས་པའི་བརྩམས་ཆོས་ཀྱང་གཅིག་མིན་དུ་ཡོད་པ་ཤེས་ཐུབ།

རང་བསྟོད་མིན་ཏེ།ང་ཚོས་རྒྱའི་དེང་རབས་རྩོམ་རིག་གི་མཆོག་ཏུ་གྱུར་བའི་བརྩམས་ཆོས་ཤིག་དང་བོད་ཀྱི་རྩོམ་པ་པོ་གྲགས་ཅན་དག་གི་བརྩམས་ཆོས་གཉིས་གཤིབ་བསྡུར་ཅིག་བྱས་ན་ཁྱད་པར་དེ་དང་ལེགས་ཉེས་དེ་གསལ་བོར་མཐོང་ཐུབ།མི་རབས་གསུམ་པའི་སྙན་ངག་པའི་ཁྲོད་ཀྱི་དགའ་བདེ་ཚེ་རིང་གིས་གཙོས་པའི་བོད་རྒྱ་ཡིག་རིགས་གཉིས་ཀྱིས་རྩོམ་མཁན་དག་གི་བརྩམས་ཆོས་བཀླགས་པས་ཀྱང་ཤེས་ཐུབ་མོད།ན་ཚོད་དང་བློ་སྦྱོང་།ཉམས་མྱོང་དང་མཐོང་སྣེ་ཞིག་མི་འདྲ་བ་ལས་གཞན་ཁྱད་པར་འདི་ཡོད་ཅེས་དཔྱད་དུ་གཏུབ་པ་སུ་ཡོད་ཨང་།

དཔྱད་བརྗོད་དང་མི་འདྲ་བའི་དཔྱད་བརྗོད་འདི་ནི་གདེང་འཇོག་ཙམ་ལས་བྱེ་བྲག་པའི་དཔྱད་མོལ་ཅིག་མིན་ནའང་།ངལ་ཐང་ཆད་ཆད་དུ་རྩོམ་རིག་གི་ལམ་དུ་འཇུག་ཅིང་ཞུགས་ནས་ཀྱང་རང་ནུས་གང་ཡོད་ཀྱིས་བོད་ཀྱི་རྩོམ་རིག་གི་ལྡུམ་རྭ་འདིར་ངོ་མཚར་བའི་མེ་ཏོག་འབོར་ཆེན་སྐྱེད་ཀྱིན་པའི་མི་རབས་གསུམ་པ་བ་དང་བཞི་བ་གང་ཡིན་ཡང་རང་རེའི་རིག་གནས་སྟེགས་བུ་འདིའི་མཛེས་ལྗོངས་སྣུམ་པོ་ཞིག་ཏུ་གྱུར་ཡོད་ན།དེ་ལ་དེ་མཐུན་གྱི་དཔྱད་མོལ་ཅིག་ཅིས་ཀྱང་ཡོད་འོས་ལ་ཡོད་ཀྱང་དགོས་པ་ཞིག་རེད་འདོད་དོ།

ཐོལ་བྱུང་གི་ཟིན་བྲིས་ཤིག

༢༠༠༩ལོའི་ཟླ༥པར།

རྩོམ་ཁུངས། གཅན་མེ་སྟག་གི་ཟིན་བྲིས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྩོམ་རིག་སིལ་མངར་ལས་བཏོན་པའི་ཀུབ་འབྲུ།

2009-05-12 གཅན་མེ་སྟག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།