མི་རབས་གསུམ་པའི་རྩྭ་ཐང་།

        ལར་མི་རབས་གསུམ་པ་ཞེས་པའི་ཤོག་ཁ་འདི་ལ་མང་མང་གིས་དྲི་བ་ལྟར་དུ་ཆབ་སྲིད་ཀྱི་སྡོམ་རྩིས་ལྟ་བུ་ཞིག་བརྒྱག་དགོས་ཤེ་ན་དེ་ནི་དཀའ་ལས་ཁག་པོ་རང་ཡོད་ལ། མཁས་རྒན་དག་གི་ཨུ་ཚུགས་ཇི་བཞིན་སྒྲ་བཤད་དང་མཚན་ཉིད་སོགས་ཀྱི་འཕལ་ལྷུ་ཁ་ཚང་ཞིག་འཕྲལ་མ་ཉིད་དུ་སྟོན་ཤོག་གསུང་ཚེ་དེ་བས་ཀྱང་མགོ་རྨོངས་པར་འགྱུར་མོད། འོན་ཀྱང་རྩོམ་རིག་གི་སྣང་ཚུལ་ཞིག་དང་སྒྱུ་རྩལ་གྱི་བརྡ་བྱེད་ཅིག་དང་འདུ་ཤེས་ཀྱི་ན་གཟེར་ཞིག་ཡིན་པའི་ངོས་ཐད་ནས་ནི།  འུ་བུ་ཅག་གིས་མི་རབས་གསུམ་པའི་ཟུར་གསུམ་གྱི་ཁང་བ་དང་། ཟླ་གམ་གྱི་དཔེ་ཆ།  མི་རབས་གསུམ་པའི་ཉི་མའི་སྙིང་རྩིད་དང་། རི་ཚོགས་ཀྱི་རྨིག་པ། མི་རབས་གསུམ་པའི་སྨད་འཚོང་མའི་ཞལ་ཐང་དང་། སྐྱག་གཅིན་གྱི་ཉི་ཟླ་ལ་སོགས་མིག་གིས་འདེད་དུ་ཡོད་ཅིང་བློ་ཡིས་བཀོད་དུའང་ཡོད་པ་འདྲ་ཨང་།
       ངས་ནི་སྒྱུ་རྩལ་གྱི་ཕྱིར་དུ་ཨན་ན་ཁ་ལེ་ཉི་ན་རང་ཤི་བརྒྱབ་པའི་སྐད་ཅིག་དང་པོ་དེ་མི་རབས་གསུམ་པ་ལ་བློས་བཏགས་བྱེད་ཅིང་། སྒྱུ་རྩལ་གྱི་སླད་དུ་ནེ་པོ་ཧན་གཞང་འཚོང་ཁང་དུ་སོང་བའི་དུས་ཉིན་མཐའ་མ་དེའང་མི་རབས་གསུམ་པ་ལ་དྲན་བསླངས་བྱ་རྩིས་ཡོད།  
       དེ་བས་ཀྱང་། སྐྱབས་ཆེན་གྱི་རྣ་བས་སྐལ་བཟང་ཆོས་སྒྲོན་གྱི་ངག་དབྱངས་ལ་མཉན་པ་ནས་རྐང་གླིང་གི་མཛུབ་གུས་མཆོད་མེར་མིག་ཆུ་བཞུར་དུ་བཅུག་པའི་བར་དུ་མི་རབས་གསུམ་པའི་འཁྲུངས་བལྟམས་ཀྱི་ན་ཚོད་དར་ཡོད་ཅིང་། ཁྲ་ཆིལ་དགུ་ཆིལ་གྱི་ལུད་པ་ཞིག་གིས་སྟོང་ཁམས་ཆེན་མོ་རློན་ནག་བྱས་པ་ནས་དགུ་བཙོག་གི་ཕྱི་ས་ཞིག་ལ་བཟང་སྤོས་ཀྱི་ཞིམ་དྲི་ཐུལ་གྱི་བར་དུ་མི་རབས་གསུམ་པའི་ཆང་དམ་གྱི་ཁ་གྲངས་བསྟར་ཡོད་པའང་འདྲ་སོང་།
       གཤམ་གྱི་རྩོམ་ཡིག་འདི་དག་ནི་མི་རབས་གསུམ་པས་ང་ལ་བཞག་པའི་ཤེས་རབ་ཀྱི་དམར་ཚ་ཡིན་ལ་ཁྱོད་ལ་བསྐྱུར་བའི་སྒྱུ་རྩལ་གྱི་ཀུབ་འབྲུ་ཡང་ཡིན་སྲིད། གཤམ་གྱི་རྩོམ་ཡིག་འདི་དག་ནི་མི་རབས་གསུམ་པ་འཇིག་རྟེན་དུ་འཚོ་ཞིང་སྲིད་ཡོད་པའི་འགུལ་སྐྱོད་ཀྱི་གྲིབ་བརྙན་ཡིན་འདུག་ལ་ཉལ་འཆག་གི་ཁ་རླངས་ཀྱང་ཡིན་སྲིད་པའོ། །   

                                 http://www.tibetcm.com/html/list_21/ འདི་རུ་བརྡེག

རྩོམ་ཁུངས། སེང་རྡོར་གྱི་ཟིན་བྲིས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་རབས་གསུམ་པའི་རྩྭ་ཐང་།

2009-05-12 སེང་རྡོར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།