མི་རབས་གསུམ་པ་བ་ཡོངས་ལ་ཕུལ་བའི་མངོན་བསྒྲགས་ཡི་གེ

               བདག་གིས་ཁྱེད་ཅག་ལ་ཡི་གེ་འདི་འབུལ་དོན་ནི་འུ་ཅག་མཉམ་དུ་འདུས་ཏེ་གླེང་མོལ་བྱེད་པའི་གོ་སྐབས་ཉུང་བ་དང་། དུས་དང་ཡུལ་གྱིས་རང་ཅག་ནི་རྒྱུ་སྐར་རེ་དང་འདྲ་བར་མ་ཡུམ་གངས་ལྗོངས་ཀྱི་པང་བར་གཏོར་ཡོད་པས་ཡིན།

             ཐོག་མར་མི་རབས་གསུམ་པའི་པོད་ཁུག་ཚགས་པར་ལ་སྒེར་གྱི་འགྲོ་སོང་གཏོང་མཁན་བྱང་སྒྲ་སྙན་ལགས་དང་རྩོམ་སྒྲིག་གི་ཕྱག་ལས་གནང་མཁན་རེ་རྐང་གླིང་གཉིས་ལ་བཀའ་དྲིན་ཆེ་ཞུས་པ་ཡིན་ལ་ཚགས་པར་དེས་རང་ཅག་མི་རབས་གསུམ་པས་ནི་གཞན་གྱི་ཁ་ངོ་འཚོ་མི་དགོས་པར་རང་ལ་དབང་བའི་རྩོམ་སྟེགས་གསར་བ་ཞིག་བཟོས་སོང་བ་ལྟ་བུའི་ཚོར་བའང་སྦྱིན་སོང་། མདང་དགོང་མདའ་བཙན་པོས་བདག་ལ་ཁ་པར་བཏང་ཡོང་སྟེ་སྙན་ངག་རིང་མོ་ཞིག་བརྩམས་ནས་གྲུབ་སོང་ཞེས་ལབ་བྱུང་བས་རྗེས་ཕྱོགས་མི་རབས་གསུམ་པ་དང་གཉིས་པ་སོགས་དབར་གྱི་ཁྱད་པར་འབྱེད་བྱེད་ཆེ་ཤོས་ཤིག་ཀྱང་སྙན་ངག་རིང་མོ་མིན་ནམ་ཡང་འདོད་བྱུང་། དེ་ལས་མདའ་བཙན་པོའི་སྙན་ངག་གི་ཚོ་བ་འམ་ཤོག་ཁ་ཆུང་ཆུང་དེ་དག་སྙན་ངག་གི་རྒྱལ་ཁབ་ཆེན་པོ་ཞིག་ཏུ་འགྱུར་གྱིན་པ་ར་གསལ་བོར་སྤྲོད་བཞིན་པ་སྟེ་རྒྱལ་སྲས་ཁོང་གིས་སྙན་ངག་རེ་བརྩམས་ཟིན་པའམ་ཆང་རག་ལ་རོལ་བཞིན་པ་མིན་ན་ཁ་པར་མི་གཏོང་བ་དེས་ཀྱང་སྙན་ངག་གིས་ཁོང་གི་འཚོ་བའི་ཁྲོད་གོ་ས་ཅི་ཙམ་ཟིན་ཡོད་པའང་དཔྱད་པས་ཤེས་ཐུབ།

             རང་རེའི་དེང་གི་རྩོམ་སྟེགས་ལ་བལྟས་ཙམ་བྱས་པས་མཐོང་ཐུབ་པ་ནི་སྙན་ངག་པར་རློམ་པའི་སྐྱེ་བོ་མང་པོས་ཉིན་མཚན་བསྟུད་དེ་ཨ་རག་གི་འདམ་མྱགས་བརྒལ་བཞིན་འདུག་ནའང་ཁོང་ཚོའི་བརྩམས་ཆོས་ཀྱི་གྲངས་ཀ་ནི་སེར་སྣའི་ངང་གསེར་སྒོར་གཏོང་བ་ཇི་བཞིན་ལོ་རེར་གཅིག་གཉིས་རེ་ལོང་མ་ལོང་ཙམ་ཡིན་ལ་མང་ཤོས་ཀྱིས་ལོ་མང་པོའི་སྔོན་གྱི་སྙན་ངག་གཅིག་གཉིས་རེ་དབུ་རྒྱན་དུ་ངོམ་སོ་བྱེད་ཀྱིན་པ་དང་བསྡུར་ན་རང་ཅག་གིས་ཕོན་ཆེན་པོས་སྙན་ངག་གི་ཕོ་བྲང་རྩིག་ཅི་ཐུབ་བྱེད་ཀྱིན་པ་འདིས་ནི་ཡོད་ཚད་གསལ་བཤད་བྱ་ཐུབ་པར་སྙམ། གསར་འགྲོག་ཆེ་ཞིང་རང་ཚུགས་མི་བརྟན་པའི་སྐྱེ་བོ་དེ་ཚོ་དང་། རྩོམ་སྟེགས་སྒེར་གཅོད་དང་བརྒྱ་ཁ་གཅིག་ཆོད་ལ་དགའ་བའི་རྩོམ་སྒྲིག་པ་ཚོ། དེ་བཞིན་ཁ་གཅིག་གི་ནང་ནས་ལྕེ་གཉིས་འབུད་པའི་སྐབས་འཚོལ་བ་དེ་ཚོར་རང་ཅག་གིས་ལང་ཚོའི་མཆོད་མེ་ལྟ་བུའི་སྙན་ངག་དག་དབུལ་དགོས་དོན་མེད་ལ་ང་ཚོའི་འདོད་ཕྱོགས་འདི་ཡིན་དང་དེ་ཡིན་ཞེས་འགྲེལ་བཤད་བྱ་དགོས་དོན་ཡང་མེད་དེ་ང་ཚོའི་ལོངས་སྤྱོད་ལ་མ་གཞི་ནས་སྙན་ངག་གཅིག་བུས་ཆོག་ཅིང་ང་ཚོའི་སེམས་རྟེན་ལ་མཛའ་བརྩེ་གཅིག་བུས་འཐུས་སོ།། དེའང་རང་ཅག་ནི་གཞུང་ཕྱོགས་ནས་མ་ཡིན་པར་དམངས་ཁྲོད་ཀྱི་ཡིན་པས་རང་ཅག་གི་དེབ་དང་ཚགས་པར། དྲ་བ་སོགས་ཚང་མས་དམངས་ཁྲོད་རྩོམ་རིག་གི་མྱུ་གུ་སྐྱེད་སྲིང་བའི་ལས་འགན་ཁུར་དུ་བཞེས་དགོས་པར་འདོད།

          ཁ་སང་རྐང་གླིང་གི་པོད་ཁུག་ལས་མཐོང་བ་ལྟར་ན། <<སྦྲང་ཆར>>དུས་དེབ་ཀྱིས་མི་རབས་གསུམ་པའི་སྐོར་གྱི་དྲང་ལྡོག་ཅི་རིགས་ཀྱི་རྩོམ་ཡིག་དགོད་རྒྱུ་མིན་ཞེས་ཐག་གིས་བཅད་འདུག གལ་སྲིད་དེ་བདེན་ན་ཁོ་ཚོས་མི་རབས་གསུམ་པའི་ཕྱོགས་སུ་གཟུགས་མེད་ཀྱི་ལྕགས་རི་ཞིག་བསྐོར་འདུག་སྟེ་དེང་གི་རྒྱ་མིའི་བཤད་ལུགས་ལྟར་བྱས་ན་མི་རབས་གསུམ་པ་བཀག་འདུག(抵制第三代)ཅེས་པ་དེའོ།། བདག་གིས་བསམ་ན་ཤོག་བུའི་རྩོམ་རིག་ལ་རླུང་རྟ་དེ་འདྲ་རྒྱུག་གི་མེད་པའི་དེང་གི་དུས་འདིར་དེ་ཡིས་མི་རབས་གསུམ་པ་མི་ཁོག་པར་མ་ཟད་<<སྦྲང་ཆར>>རང་བཀག་པ་ལྟ་བུར་འདུག་སྟེ་རང་རེའི་དཔེ་དེབ་དང་ཚགས་པར་དག་ལ་ཚོང་རྒྱུག་པའི་རྟེན་འབྲེལ་ཡང་འདི་ནས་འགྲིག་ཡོད་པར་སྙམ། དེའི་ཕྱིར་འུ་ཅག་གིས་གཅིག་ནས་དེང་གི་ཚོང་རའི་དཔལ་འབྱོར་གྱི་ལམ་ལུགས་ལ་བཀའ་དྲིན་ཞུ་དགོས་པ་དང་། གཉིས་ནས་བརྡ་འཕྲིན་ཀྱི་དུས་རབས་རླབས་པོ་ཆེ་འདི་ལ་བཀའ་དྲིན་ཞུ་དགོས། ཞོར་དུ་<<སྦྲང་ཆར>>ལྟ་བུའི་སྲེག་གཅོད་བརྡར་གསུམ་ལ་གོམས་པའི་གཞུང་ཕྱོགས་ཀྱི་དུས་དེབ་དག་ལའང་བཀའ་དྲིན་ཞུ་དགོས་པར་སྙམ།

          ལྡོང་བུ་ལགས་ཀྱིས་ཨེལ་ཐུ་ཡི་སྙན་ངག་རིང་མོ<<མྱ་ངམ་ཐང>>བསྒྱུར་ཚར་བ་དང་བདག་གིས་ཀྱང་དགེ་ཆོས་དང་དགུ་རོང་དོན་རྒྱལ་གཉིས་ཀྱིས་མི་རྒན་གྱི་ཁ་སྤུ་བྱས་ཏེ་བསྐྱུར་བའི<<བྱ་ལེན་མའི་ཟློས་གར>>ཆ་ཚང་བ་བོད་ཡིག་ཏུ་བསྒྱུར་ཚར་བར་ཉེ། ཁྱེད་ཅག་གིས་སྒྱུར་རྩོམ་འདི་གཉིས་ཀའི་ཆེད་དུ་ཐག་རིང་ནས་ཆང་ཕོར་ཡར་འདེགས་ཆོག བདག་གི་འགྱུར་ཡིག་དགེ་ཆོས་ལ་བསྡུར་ཐབས་མེད་ཀྱང་དོན་རྒྱལ་ལས་ལེགས་པོར་འཁྱོངས་ཡོད་པས་རྗེས་སུ་སྙན་ངག་མ་འཁྱོངས་ན་གཞན་རྩོམ་ཁོ་ན་བསྒྱུར་ཀྱང་ཉི་མ་འཁྱོལ་ཐུབ་པར་སྙམ།

        གལ་སྲིད་མི་རབས་གསུམ་པའི་འདུ་ཚོགས་སྐབས་བཞི་བ་མ་བསྡུ་བའི་ཡར་སྔོན་དུ་ང་རང་མི་ངན་གྱིས་ལྐོག་གསོད་བྱེད་པའམ་ཡང་ན་དགོས་དབང་གིས་འཇིག་རྟེན་གཞན་དུ་འཕོ་དགོས་བྱུང་ན་ཁྱེད་ཅག་གིས་ང་ལ་རྗེས་དྲན་གྱི་སྙན་ངག་རེ་བྲིས་པས་ཆོག་གོ།།

                                  བཀྲ་ཤིས་བདེ་ལེགས།

                                                       བདེ་གྲོལ་གྱིས།

                                                           ༢༠༠༩ལོའི་ཟླ༤བའི་ཚེས༡༧ཉིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།