སྐབས་གསུམ་པའི་བོད་ཀྱི་སྙན་ངག་པའི་མི་རབས་གསུམ་པའི་བགྲོ་གླེང་འདུ་ཚོགས་གྲོང་ཁྱེར་ཙོང་ཁ་ནས་བསྡུས་པ།

འབྲོང་ཕྲུག་དང་མི་རྒོད། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-12-17

 བོད་ཀྱི་སྙན་ངག་པའི་མི་རབས་གསུམ་པའི་རྩོམ་རིག་བགྲོ་གླེང་འདུ་ཚོགས་སྐབས་གསུམ་པ་དེ་༢༠༠༨ལོའི་ཟླ་བདུན་པའི་ཚེས་༢༥ནས་༢༨ཉིན་བར་བསྡུས་ཏེ་ཨ་མདོའི་རིག་གནས་ཀྱི་ལྟེ་བར་འབོད་པའི་ཙོང་ཁ་གྲོང་ཁྱེར་ནས་ཚ་ཚ་འུར་འུར་དང་བཅས་རྒྱལ་ཁའི་ངང་མཇུག་གྲོལ། ངལ་རྫི་དང་མཚོ་བུ་དགའ་བདེ་སོགས་མི་རབས་གསུམ་པའི་ཚོགས་མི་དགུ་དང་སྔགས་མང་ཞིབ་འཇུག་ཁང་གི་མགོ་གཙོ་སྐུ་ཞབས་ཧོར་ཆེན་ལགས་དང་སྦྲང་ཆར་རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ་སྐུ་ཞབས་ཆོས་སྐྱོང་སོགས་ཟུར་ཞུགས་ཚོགས་མི་བཅོ་ལྔ།གཞན་ཡང་ཨ་ཁུ་སྟོན་པ་དང་ཁོར་ཡུག་སྲུང་སྐྱོང་དྲ་ཚིགས་གཉིས་ཀྱི་སྤྱི་ཁྱབ་འགན་འཛིན་པ་སྐུ་ཞབས་བཀྲ་ཤིས་ཉི་མ་དང་རྒྱ་ཡིག་གི་སྙན་ངག་མཁན་སྐུ་ཞབས་བདེ་ཆེན་དཔག་མེད་སོགས་མི་སྣ་དྲུག་བཅས་རེབ་འདིའི་འདུ་ཚོགས་ལ་ཞུགས་ཏེ་སྙན་ངག་གྱེར་འདོན་དང་རྩོམ་རིག་བགྲོ་གླེང་བྱས། ཚོགས་འདུའི་སྐབས་སུ་ཚོགས་ཡུལ་དངོས་དང་སྤྱི་གླིང༌། ཇ་ཁང་དང་ཆང་ཁང་སོགས་སུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་གསར་རྩོམ་གནང་གིན་པའི་སྙན་ངག་པ་དག་གིས་ཕན་ཚུན་གྱི་མྱོང་ཚོར་དང་ལྟ་ཚུལ།སྒྱུ་རྩལ་འཚོལ་སྙེགས་ཀྱི་འདུན་པ་སོགས་ལས་འཕོས་ཏེ་བོད་ཐུན་མོང་གི་རྩོམ་རིགས་སྒྱུ་རྩལ་གྱི་དམིགས་པ་གཏོལ་ཡུལ་དང༌། ཕན་ཚུན་འགལ་ཟླར་གྱུར་བའི་སྣང་ཚུལ་སོགས་ལ་རང་རང་གི་ལྟ་ཚུལ་ལྷུག་བརྗོད་དང་བགྲོ་གླེང་བྱས་པར།ཛ་དྲག་གི་བསམ་བློའི་མེ་ལྕེ་སྦར་བ་ནས།   ཚོགས་མི་དང་ཚོགས་མིའི་དབར།  སྐུ་མགྲོན་དང་ཚོགས་མི།  སྐུ་མགྲོན་དང་སྐུ་མགྲོན་གྱི་དབར་ལ་རིག་པའི་རྩལ་དགུ་དཀྲུགས་ཏེ་རྩོད་པ་བྱེད་པའི་ལས་བརྩམས་སུ་བཅུག་པར།སྐད་ཆ་རེ་གཉིས་མདོར་བསྡུས་ཏེ་བྲིས་ན།
 
ཚོགས་མི་ངལ་རྫི་ལགས་ཀྱིས་གསུངས་རྒྱུར།  
    “མི་རབས་གསུམ་པ་ཞེས་པ་འདི་དུས་བབ་ཀྱི་གནས་ལུགས་བཙན་པོ་ཞིག་གིས་འགན་ཁུར་དུ་བླངས་པའི་བོད་ཀྱི་རིག་གནས་སྣང་ཚུལ་ཆེན་པོ་ཞིག་ཡིན་པ་མ་གཏོགས་ཕན་ཚུན་འཕྲོག་རེས་བྱེད་སའི་བྱ་བའི་ཡུལ་ཞིག་མ་ཡིན་པ་དང༌།  སྲོལ་རྒྱུན་རིག་གནས་དེ་ཡང་མཐའ་གཅིག་ཏུ་དགག་པ་རྒྱག་སའི་འབེན་ཞིག་ཀྱང་མ་ཡིན་པ།  མིའི་རིགས་ལ་མཚོན་ན་ལོ་རྒྱུས་ཀྱི་བྱུང་བ་དང་འཚོ་གནས་ཀྱི་སྙིང་སྟོབས་དེ་གཙོ་བོ་རིག་གནས་དང་མཚན་མ(རྒྱུད་སྤེལ་བ)གཉིས་ལ་འབྲེལ་བ་དམ་པོར་ཡོད་པས་སྙན་ངག་བརྩམས་ཆོས་ཀྱི་ཁྲོད་དུ་“མཚན་མ”འི་སྐོར་འབྲི་བ་དེ་ཡང་ཐ་ཤལ་གྱི་ལས་ཤིག་ཏུ་བལྟས་ན་མི་འགྲིག”ཟེར།

སྐུ་མགྲོན་ཆོས་སྐྱོང་ལགས་ཀྱིས་གསུངས་རྒྱུར།
    “མི་རབས་གསུམ་པ”ཞེས་པ་འདི་སྤྱིའི་ཆ་ནས་རང་དབང་དང་དཀྱེལ་ཡངས་ཀྱི་ཁ་ཚིག་ལྡན་པའི་སྙན་ངག་གི་ཚོགས་པ་ཞིག་ཡིན་མོད།  འཕེལ་འགྲོས་ཀྱི་གོ་རིམ་ཁྲོད་དུ་འགྱུར་བ་ཆེན་པོ་བྱུང་གིན་འདུག་ལ། དེ་ལས་ཀྱང་མི་ལེགས་པ་ཞིག་ནི་ཚོགས་མི་ཀུན་པོར་གཞི་རྐང་རིག་གནས་ཀྱི་ཁ་མལ་ཞིག་འཕྲོག་འདོད་པའི་ཧམ་སེམས་སྣ་གཅིག་སྤྱོད་དུ་ལྡན་ཡོད་པ་དེ་རེད།   འགྱུར་བའི་གོ་རིམ་དེ་ཡང་སྐབས་འགར་ངོས་ནས་བག་ཚ་བ་ཅི་ཡང་མེད་པའི་གནས་ཚུལ་བྱུང་འདུག་པ་ནི་དཔེར་ན་ཁོ་བོ་ཐོག་མའི་འདུ་ཚོགས་ལ་ཞུགས་དུས་སུ་ཚོགས་པ་འདིའི་མིང་ལ“བོད་ཀྱི་སྙན་ངག་གི་མི་རབས་གསུམ་པ”ཞེས་བཏགས་ཡོད་ནའང༌།དུས་ད་ལྟ་མིང་བྱང་དེ་ཡོངས་སུ་འགྱུར་ཏེ“བོད་ཀྱི་སྙན་ངག་པའི་མི་རབས་གསུམ་པ”ཞེས་བདག་སྒྲ་ཞིག་གི་ཁོངས་སུ་བཙན་འདེད་བྱས་ཡོད་ལ།ཐ་ན་ཁྱེད་ཅག་གིས་གསལ་བཤད་གང་ཡང་རྒྱག་གིན་མེད་པ་འདིས་བདེན་པ་མ་ཡིན་པའི་ཧམ་སེམས་ཤིག་དང་གུ་དོག་གི་བློ་མིག་ཅིག་ཤུགས་སུ་བསྟན་པའི་དོགས་པ་དེ་སྐྱེས་ཡོང་མོད།  ཁྱེད་ཅག་གི་ཚོགས་མི་ཞིག་གིས་“རླབས་ཆེན་གྱི་བྱ་བ་བསྒྲུབ་དུས་ནོར་འཁྲུལ་དེ་ཡང་རླབས་ཆེན་ཡིན”ཞེས་བྲིས་འདུག་པ་ཇི་བཞིན་སྒྲུབ་ཚུལ་འདི་དག་ཕན་པའི་རྒྱུར་བསྔོ་བའི་རྨང་གཞི་ལྟ་བུ་ཞིག་ཏུ་འགྱུར་མི་ཐུབ་པའི་རྒྱུ་མཚན་གང་ཡང་བརྗོད་རྒྱུ་མི་འདུག་པས།ཁོ་བོར་མཚོན་ན་ད་ལྟའི་གནས་བབ་ནི་མི་རབས་གསུམ་པ་འདི་ལ་སོ་བལྟ་དང་གཟབ་ཉན་བྱེད་པའི་ཀུན་སློང་དེ་ཙམ་པོ་ཞིག་ཡིན་ལ། འདིའི་སྐོར་ལ་རྩོམ་ཡིག་ཀྱང་ཤེས་པ་རྣལ་དུ་ཕབ་སྟེ་འབྲི་ཁུལ་བྱས་པ་མང་པོ་ཡོད་ལ།  དེ་ཉིད་ལོ་རེ་རེའི་མི་ཁ་ལྟ་བུ་དག་དང༌།  འུར་བསྟོད།  ཡང་ན་འཕྱ་དམོད་སོགས་ལ་རྒྱབ་རྟེན་འཆའ་ཡི་འགྱུར་བ་གཏོང་འདོད་གཏན་ནས་མེད།  དེ་ཡང་སྐད་ཆ་མདོར་བསྡུས་ཏེ་བཤད་ན།  བདག་གིས་སྐབས་དང་པོའི་འདུ་ཚོགས་ཀྱི་རྗེས་སུ་བྲིས་པའི་མི་རབས་གསུམ་པའི་སྐོར་གྱི་རྩོམ་ཡིག་དག་ད་ལྟ་དུས་དེབ་སོགས་སུ་བཀོད་པས་ཀྱང་ཚིག་དོན་རེ་རེ་ལ་རང་ཉིད་ཀྱིས་འགན་ཐེག་པར་བདག་ལ་ཡིད་ཆེས་བསྟན་པོ་ཞིག་ཡོད་ཅེས་པ་དེ་ཡིན་ལ།ཕྱིས་འབྱུང་ཀྱང་མི་རབས་གསུམ་པའི་སྐོར་ལ་རྩོམ་ཡིག་མང་པོ་ཞིག་འབྲི་རྩིས་ཡོད།"ཟེར།

 བུད་མེད་སྙན་ངག་པ་མེ་ཏོག་ལགས་ཀྱིས་གསུངས་རྒྱུར།
    བུད་མེད་སྙན་ངག་འབྲི་མཁན་ཕལ་ཆེ་བ་ཞིག་བློ་རིག་སྤྱང་པོ་དག་ཡིན་པས་ན།དེས་ད་གཟོད་མི་མོས་ཁེ་དབང་དང་ཁྱད་གཤིས་སོགས་ལ་བདག་པོ་རྒྱག་པའི་སྙིང་སྟོབས་ཤིག་གི་རེ་བ་འདེགས་ཐུབ་ཡོད་ཅིང༌།ངོ་ཚ་རྒྱུར་ལོབས་ཡོད་པའི་ང་ཚོ་ལའང་རང་དབང་དང་འདྲ་མཉམ། བདེན་པ་སོགས་ཀྱི་གནས་ལུགས་དེ་ངེས་སུ་བཅུག་ཡོད། ཁོ་མོས་བལྟས་ན་བོད་པའི་སྐྱེས་པ་དག་ལ་མཚོན་ནའང་ཆུང་མའི་ཟངས་ཐོམ་གྱི་ཁྲོག་སྒྲ་དེ་ལས་མོའི་གླུ་སྐད་ལ་ཉན་འདོད་པའི་རེ་བ་ལོས་ཆེ་སྙམ་ཀི།འདི་ཡང་དབང་ཆ་འཕྲོག་རྩོད་ཀྱི་འཐབ་འཛིང་ཞིག་ནི་མ་ཡིན་པར་མི་སྒེར་གྱི་ཁེ་དབང་དང་རང་བཀུར་འདུ་ཤེས་ལ་ཚད་ངེས་ཅན་ཞིག་གི་སྟེང་ནས་རྒྱབ་སྐྱོར་གྱི་བསམ་པ་སྟོན་འདོད་པ་དེ་ཙམ་ཞིག་ཡིན་ལ།  སྙན་ངག་གི་རྩོམ་ཐབས་ལས་ཀྱང་བུད་མེད་དག་ལ་བག་འཁུམ་གྱི་ཉམས་ཐོན་འདུག་པས།རེབ་ཐེངས་འདིའི་མ་ཡིག་གི་སྙན་ངག་འབྲི་བའི་མི་རབས་གསུམ་པ་ལྟ་བུར་མཚོན་ན་གུས་མོར་མིག་རྒྱ་བསྐྱེད་དུ་བཅུག་ལ། སྐུ་ཞབས་མདའ་བཙན་པོ་ཉིད་ཀྱི་བརྩམས་ཆོས་དག་བདག་གི་སྤུན་ཆུང་བརྒྱུད་ངོ་མཇལ་བྱུང་ཡོད་ན་དེ་རིང་ང་ལ་མཚོན་ན་ཕྱོགས་གཅིག་ནས་རང་གི་དང་བ་བྱེད་སའི་སྙན་ངག་པ་གྲགས་ཅན་ཞིག་ལ་འཇལ་རྒྱུ་བྱུང་སོང་སྙམ་པའི་དགའ་སྤྲོ་དེ་སྐྱེས་ཡོད།"ཟེར།

མི་རབས་གཉིས་པའི་སྙན་ངག་པ་མཚོ་སྐྱེས་ལགས་ཀྱིས་གསུངས་རྒྱུར།
     ཁོ་བོར་མཚོན་ན་དེ་རིང་ཁྱེད་ཅག་གི་ཚོགས་འདུ་འདི་ལ་ཞུགས་དོན་དེ་ཚོགས་ཐེངས་སྔོན་མར་ཞུགས་ཚུལ་དང་འདྲ་ས་མི་འདྲ་ས་གཉིས་ཀྱི་སྙིང་དོན་འདུས་ཡོད་པ་ཅན་ཞིག་སྟེ།མི་འདྲ་ས་དེ་བཤད་ན་སྔོན་མར་གྲོགས་པོའམ་མི་སྒེར་གྱི་འདོད་ཚུལ་ལྟར་ཕན་ཚུན་ཆང་གིས་མྱོས་བཞིན་ཁ་བརྡ་གློད་པ་དེ་ཡིན་ལ།  དུས་དེ་རིང་ངོས་ནས་ཚོགས་པ་ཞིག་གི་འདུ་ཤེས་ཀྱི་དྲན་ཚུལ་དེས་ཆང་མ་འཐུང་བར་འགན་འཁུར་གྱི་གནས་ལུགས་གཙང་མ་ཞིག་སློང་འདོད་པ་དེ་ཡིན།  འོ་ན་འདྲ་ས་ཞེས་པ་ནི་གཙོ་བོ་གོང་དུ་བཤད་པ་བཞིན་ཚོགས་ཐེངས་དང་པོའི་སྐབས་བཤད་ཟིན་པའི་སྐད་ཆ་སྐོར་ཞིག་ལ་ཁྱེད་ཅག་གི་ཚོགས་མི་ལ་ལ་ཞིག་གིས་མི་འདོད་པའི་སྐད་ཆ་བརྗོད་ཡོད་པ་དེར་དེ་རིང་ཁོ་བོ་ཆེད་དུ་འགྱོད་བཤགས་བྱེད་དུ་འོང་བ་ཞིག་མ་ཡིན་པར་རྩ་བའི་ཆ་ནས་རང་གི་ལྟ་ཚུལ་དེ་ད་དུང་ཡང་འགྱུར་བ་བྱུང་མེད་ཅེས་བརྗོད་འདོད་པ་དེ་ཡིན་པ་དང༌།  ཡང་ཁྱེད་ཅག་གིས་དེ་རིང་ཁོ་བོར་དྲི་བ་གནང་བ་ལྟར། སྙན་ངག་པ་དང་དགེ་རྒན།  དཔྱད་བསྡུར་བ་སོགས་ཀྱི་ཟུར་ཁ་རེ་རེ་ནས་བཤད་ན། སྤྱིར་སྙན་ངག་པ་ཞིག་ཡིན་ན་མི་རིགས་ཤིག་གི་མགྲིན་ཚབ་པ་རེད་པས།  འགན་འཁུར་གྱི་སེམས་གཤིས་བརྟན་པོ་ཞིག་དགོས་ས་རེད་འདོད།  དེ་ལ་ཡང་ཁོ་བོའི་འོས་འགན་གྱི་ངོས་ནས་བཤད་ན་གཙོ་བོ་སློབ་མ་དག་ལ་“མིག་གསུམ་པ“ལྟ་བུའི་ཆེད་ལས་སྙན་ངག་བགྲོ་གླེང་གི་ལེ་ཚན་ཞིག་བཀོད་སྒྲིག་བྱས་ནས་རང་རང་གི་བསམ་ཚུལ་ལྷུག་བརྗོད་གནང་གིན་འཇུག་ཐུབ་ཀྱི་ཡོད་པ་འདི་ཡང་གཙོ་བོ་”འགན་ཁུར“གྱི་དམིགས་པ་ཞིག་ལ་རེག་ལས་ཡོད་པ་ལྟ་བུ་རེད་འདོད།  དཔྱད་བསྡུར་བ་ཞིག་གི་རང་མོས་ཀྱི་ལས་ཀ་ལྟར་བཤད་ན། རང་གིས་བདམས་འདོད་པ་དེ་ཤ་ཚ་ཆེན་པོས་”སྣོག“ལས་ལ་མི་གསེག་རྒྱུར་རེ་བ་ཤིན་ཏུ་ཆེ་བ་དེ་ང་མ་ཟད་ཀྱི་མི་གཞན་དག་གི་རེ་བའང་ཡིན་ཁོ་ཐག་ཡིན་མོད།  གོ་རིམ་གྱི་བྱུང་ཚུལ་ལྟར་མི་རེ་རེའི་རང་རང་གི་དད་མོས་ཀྱི་ཁ་ཕྱོགས་སམ་ཡང་ན་མཛེས་དཔྱོད་ཀྱི་བློ་མིག་སོགས་ལ་རང་རང་གི་ལྟ་ཚུལ་འཛིན་སྟངས་རེ་ཡོད་པས།  ཐག་བཅད་ཟིན་པའི་སྙན་ངག་བརྩམས་ཆོས་ཐ་དག་ལེགས་པའི་ངེས་པ་མེད་ལ།དེ་དཔྱད་འདེམས་པ་མི་སྒེར་གྱི་སྐྱོན་ཆ་ཞིག་དུའང་འཛིན་མི་རུང་བར། ཐ་ན་དཔྱད་འདེམས་ཀྱི་གོ་རིམ་ཁྲོད་དུ་མི་ཕན་ཚུན་དབར་ལ་ཁ་རྩོད་ཤོར་སའང་ཡོད་པས་མ་འོངས་པའི་དུས་སུ་ཁྱེད་ཅག་དཔྱད་འདེམས་པར་གྱུར་ན་ད་གཟོད་གནས་ལུགས་མཐའ་དག་གི་མཐིལ་རྟོགས་ཡོང་གིན་རེད།”ཟེར།

   གོང་གསལ་གྱི་སྐད་ཆ་མདོར་བསྡུས་འདི་དག་ནི་མི་རབས་གསུམ་པར་སྙིང་ནས་ཤ་ཚ་མཁན་གྱི་དགེ་རྒན་ནམ་གྲོགས་པོ་དག་གིས་བཤད་པའི་རང་རང་གི་འདོད་ཚུལ་རེ་རེ་ཡིན་པ་ལྟར།མི་རབས་གསུམ་པའི་ཚོགས་མི་སོ་སོ་ནས་ཀྱང་མི་སྒེར་གྱི་འདོད་ཚུལ་མང་པོ་ཞིག་བརྗོད་ཡོད་པ་ནི། ད་ལྟ་སྙན་ངག་གི་ལས་ཀ་མཚམས་འཇོག་ལ་ཉེ་བའི་མི་སྣ་མང་པོ་ཞིག་གིས་ཕྱོགས་ལྷུང་གི་ལྟ་ཚུལ་ཁོ་ནས་ཇ་ཁ་དང་ཆང་ཁ་གང་སར་མི་རབས་གསུམ་པར་སྡིགས་དམོད་བྱེད་པའི་ལས་ཀ་དེ་མཚམས་འཇོག་རྒྱུར་མངོན་གསལ་གྱིས་སྐད་ཆ་རྣ་སྒོར་བསྐྱལ་རྒྱུ་དང༌།  དཔྱད་བརྗོད་པ་འགའ་རེས་རང་ལྟ་མཆོག་འཛིན་གྱིས་“ལོ་འདི་དག་གི་རིང་ལ་《གངས་རྒྱན་མེ་ཏོག》གི་ཁྲོད་དུ་སྙན་ངག་པ་འདི་དང་འདི་གཉིས་ནི་ཀུན་ལས་ལྷག་པར་འདུག་གོ། ”ཞེས་དཔྱད་བརྗོད་གཏོང་ས་དེ་བརྩམས་ཆོས་ཀྱི་སྟེང་ལ་མི་འབབ་པར་མི་སྒེར་གྱི་མཚན་ཉིད་དང་གྲོགས་པོའི་ཞེ་འདང་སོགས་ཀྱི་སྟེང་ནས་མངོན་པ་དེ་ལྟ་བུ་དག་ལ་ཕྱིན་ཆད་དཔྱད་འདེམས་པ་མི་སྒེར་རམ་ཡང་ན་རྩོམ་སྒྲིག་ཁང་སོ་སོ་ནས་ཀྱང་མཉམ་འཇོག་དགོས་པར་བློ་གསལ་གཏོང་དགོས་ཚུལ།  གཞན་ཡང་མི་རིགས་ལ་ཤ་ཚ་བའི་ཀློག་པ་པོ་དག་ལ་མི་རབས་གསུམ་པར་མི་དགའ་བའི་དཔྱད་གཏམ་སྤེལ་བ་ཙམ་གྱིས་ཕན་ཚུན་དགྲར་འཛིན་གྱི་བསམ་པ་ཡོངས་སུ་ནས་དོར་བཞིན་ཐམས་ཅད་དཔུང་པ་མཉམ་གཤིབ་ཏུ་རིག་གནས་ཀྱི་ལམ་ཁར་འགྲེང་གིན་ཡོད་པ་ངེས་སུ་འཇུག་དགོས་ལ་རང་ཤ་གཅོད་པའི་ལས་ཡོངས་སུ་སྤང་སྟེ་སྐྱིད་སྡུག་མཉམ་མྱོང་གི་རེ་བའི་ཆོད་དོན་ལྟར་ཕྱི་ནང་གི་རྒྱག་ཕྱེ་ཕུན་སུམ་ཚོགས་པ་ཞིག་བརྩོན་ལེན་བྱེད་པར་འབད་པ་ལྷོད་མེད་བྱེད་དགོས་ཚུལ་གྱི་ངར་སྐད་སྒྲོགས་མཁན་ཡང་ཡོད་པས།ད་རེབ་ཀྱི་འདུ་ཚོགས་འདི་ལ་སེམས་སྨྲེང་བའི་ཆ་དང་ཞེ་སྡང་དྲགས་པའི་ཆ། ཡང་ན་མདུན་སྐྱོད་ཀྱི་དམིགས་པ་ཆེན་པོ་ཞིག་གི་རེ་བ་སོགས་ལྡན་པ་ཡིན་ཕྱིན་སྔོན་ལས་འཚར་ལོངས་འབྱུང་གིན་པའི་སྣང་བ་ཞིག་ཚོགས་ཞུགས་པ་དག་ལ་སྤྱི་མཐུན་དུ་ངེས་སུ་བཅུག་འདུག་གོ།

ཚོགས་ཞུགས་མི་སྣ་དང་ཟུར་ཞུགས་པའི་མཚན་ཐོ།
༡ ཚོགས་མི།
ངལ་རྫི།               ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་འབུམ་རམས་པ།
མཚོ་བུ་དགའ་བདེ།   《ཟླ་ཟེར》རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ།
བྱང་སྒྲ་སྙན།          དགེ་འདུན་ཆོས་འཕེལ་དྲ་བའི་སྤྱི་ཁྱབ་རྩོམ་སྒྲིག་པ།
མེ་ལོང༌།              ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་མ།
ས་དཀྱིལ་ཚེ་བཀྲ།     རེབ་གོང་ས་ཁུལ་གྱི་དགེ་རྒན།
མར་ཁུ་རྒྱལ་མཚན།   གཅན་ཚ་ས་ཁུལ་གྱི་དགེ་རྒན།
མདའ་བཙན་པོ།     ཧི་ནན་ས་ཁུལ་གྱི་དགེ་རྒན།
འབྲོང་ཕྲུག          ཀོས་ནན་ས་ཁུལ་གྱི་དགེ་རྒན།
རེ་རྐང་གླིང༌།        རྨ་ལྷོ་གསར་འགྱུར་ཁང་གི་གསར་འགོད་པ།

༢ ཟུར་ཞུགས་སྐུ་མགྲོན།
ཆོས་སྐྱོང༌།             སྦྲང་ཆར་རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ།
ཧོར་ཆེན།              མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་གི་རྩོམ་སྒྲིག་པ།
བཀྲ་ཤིས་ཉི་མ།         ཨ་ཁུ་སྟོན་པ་དང་ཁོར་ཡུག་སྲུང་སྐྱོབ་དྲ་བའི་སྤྱིའི་འགན་འཛིན་པ།
མཚོ་སྐྱེས།              མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན།
འབྲོང༌།                མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་མགོ་འཛིན་པ།
བདེ་ཆེན་དཔག་མེད།   རྒྱའི་སྙན་ངག་པ།
མེ་ཏོག                 རྒྱའི་སྙན་ངག་པ།
པདྨ་རྣམ་རྒྱལ།          རྒྱའི་སྙན་ངག་པ།
རླུང་རྟ།                མཚོ་སྔོན་བརྙན་འཕྲིན་ཁང་གི་ལེ་ཚན་ཆེ་གེ་མོའི་རྩོམ་སྒྲིག་པ།
བོང་སྟག་རི་ལུ།         མཚོ་ནུབ་ས་ཁུལ་གྱི་སློབ་འབྲིང་དགེ་རྒན།
གླིང་མཐེབ་ཆེན།       རེབ་གོང་དགེ་འདུན་ཆོས་འཕེལ་སློབ་འབྲིང་གི་དགེ་རྒན།
ཡུགས་ས་མ།           གཅན་ཚ་མི་རིགས་སློབ་འབྲིང་གི་མཐོ་འབྲིང་སློབ་མ།  སོགས།
 
རེབ་འདིའི་དང་བླངས་ལས་མི།  འབྲོང་ཕྲུག   མེ་ལོང༌།
པར་ལེན་པ།    མི་རྒོད།   དགའ་བདེ།

འབྲོང་ཕྲུག་གི་ཚོགས་གཏམ།
 
                                  བགྲོ་གླེང་ཚོགས་འདུ་སྐབས་གསུམ་པའི་ཚོགས་གཏམ།
                                                                                                 འབྲོང་ཕྲུག
  
  གྲོགས་པོ་ཚོ།  དེ་རིང་བོད་ཅེས་པའི་བསིལ་ལྡན་ཁ་བའི་ཡུལ་གྲུ་མཐའ་དག་ན་ནོར་ལུག་གི་ཁ་གྲངས་ལ་སེམས་ཁུར་བྱེད་མཁན་དང་ལོ་ཏོག་གི་སྐྱེ་སྟོབས་ལ་ཡིད་འཇོག་གནང་མཁན་ཧ་ཅང་གིས་མང་བ་ནང་བཞིན།  ང་ཚོའི་སྙན་ངག་གི་སྐད་ཆར་ཚང་རྩིས་རྒྱག་མཁན་ཡང་སུ་སུ་ཡོད་དམ།
  དུས་ཚོད་ཀྱིས་ང་ཚོའི་ཁོམ་ལོང་གི་བར་གསེང་མཐའ་དག་སྨྱུ་གུ་དང་ཤོག་བུ།  གློག་ཀླད་དང་དྲ་རྒྱ།   ཆང་དང་སྙན་ངག་བཅས་སུ་བསྒྱུར་དང་བསྒྱུར་མུས་སུ་ཡོད་ན་ཡང༌།   དབྱར་ཟླ་བདུན་པས་སྔར་བཞིན་ང་ཚོའི་གཅིག་མཐུན་གྱི་ལས་སྐལ་དུ་བབ་པའི་ལྷན་འཛོམས་ལ་འབོད་པ་གཏོང་བཞིན་ཡོད་པ་མིན་ནམ།  གསེར་ལྡན་རྩྭ་ཐང(བདེ་སྐྱིད་དར་ཐང)གིས་ཁོད་རྒྱ་ཆེ་རུ་བསྐྱེད་ནས་ང་ཚོའི་ཚེ་གང་གི་ལག་འཇུ་ལ་སྨོན་འདུན་ཞུ་བཞིན་ཡོད་པ་མིན་ནམ།  མ་གཞི་མི་སེམས་ཀྱི་ཟབ་སར་བསྐུང་བའི་དུངས་ཞེན་གྱི་མེ་ལྕེ་དེ་ཡང་དེ་རིང་གི་མཚན་མོར་འོད་དུ་འབར་སྲིད་ལ།  མ་གཞི་སྙིང་ཆུང་གི་གསེང་དུ་འཕྱོ་བའི་ལང་ཚོའི་ཁྲག་དྲོན་དེ་ཡང་དེ་རིང་གི་མཚན་མོར་དྲག་ཏུ་འཕྱུར་སྲིད་ན།   ང་ཚོར་སྙན་ངག་ཤུགས་ཀྱིས་གྱེར་བའི་ལས་འཕྲོ་དེ་ལས་གཞན་ཅི་ཞིག་ཧམ་སེམས་ཡོད་དགོས་ཨང༌།
  གྲོགས་པོ་ཚོ།  ཡང་ན་ངའི་བློ་མོས་ཀྱི་ཤོག་དཀར་ངོས་སུ་དབྱངས་དང་ཐ་སྙད།  ཚིག་དང་སྦྱོར་བ་གང་རུང་གི་བྲིས་པའི་སྙན་ངག་ཅིག་དང་འདྲ་བའི་མི་རབས་གསུམ་པའི་གསར་རྒོད་རྣམ་པ།  ང་ཚོས་སྙན་ངག་གི་གསང་ཉུལ་བ་ཞིག་གི་ལོ་ཟླ་གྱོན་ནས་མི་ལོ་མང་པོ་འགོར་ཟིན་ན་ཡང༌།   ང་ཚོའི་དུར་བྱང་གི་ངོས་སུ་ཡིག་དྲུག་བཞིན་རླུང་གིས་བསྐྱོད་ཀྱིན་པ་ནི་སྔར་བཞིན་ཇག་པ་དང་སྨྱོན་པ་ལྟ་བུའི་ཐ་སྙད་སྙིང་རྗེ་བོ་ཁ་ཤས་ལས་གཞན་ཅི་ཞིག་ལྷག་ཡོད་དམ།   ཡང་ན།  ང་ཚོར་འདི་ལས་ལྷག་པའི་མཚན་བྱང་ཅི་ཞིག་མཁོ་འམ།  ང་ཚོའི་དུངས་ཞེན་གྱི་རུས་གསེང་ན་རྐང་བཞིན་སྐགས་ཡོད་པའི་ལྷག་བསམ་གྱི་རང་མདངས་ཀྱང་འོ་མ་ལྟ་བུའི་དཀར་བོ་ཞིག་དང་གངས་རི་བཞིན་གྱི་བརྟན་བརླིང་ཞིག་ཡིན་པའི་ངེས་ཤེས་དེས་ང་ཚོར་ད་དུང་འདོད་བློ་ཅི་ཞིག་གི་དགོས་མཁོ་མ་བཀང་བའི་འཁང་ར་སྦྱིན་ནམ།   ང་ཚོ་ལམ་ལ་ཆས་དུས་ནས་བཟུང་ནང་སེམས་ཀྱི་རྨ་ཁར་གས་པའི་ན་ཟུག་གི་སྙན་ངག་ཅིག་འབྲི་འཕྲོར་ལུས་ཡོད་པ་ནི་རང་ཉིད་ཅེས་པའི་ཐ་སྙད་འདི་ཡིན་ནམ་མི་རབས་ཞེས་པའི་ཚོ་ཁག་ཅིག་ཡིན་ནམ།  ཡང་ན།  གཞན་སུ་དང་གང་གིས་ཀྱང་ཚབ་བྱེད་དཀའ་བའི་རང་གཤིས་མཁྲེགས་པོ་རྡོ་འདྲ་ཞིག་དང་ལྷག་བསམ་རྣལ་མ་མེ་འདྲ་ཞིག་ཡིན་ནམ།  རྡོ་ལ་བརྐོས་པའི་སྙན་ངག་དེ་ཡིན་ནམ་མེ་ལ་སྦར་བའི་སྤོབས་པ་དེ་ཡིན་ནམ།  དེ་རིང༌།  དུས་རབས་ཉེར་གཅིག་པའི་རྔ་བོ་ཆེ་ཡིས་ང་ཚོའི་རྣ་བར་སྟོང་སྐད་འབྲུག་འདྲ་ཞིག་བསྒྲགས་སྲིད་པ་དེ་ཡང་སྙན་ངག་ཡིན་ནམ།  སྙན་ངག་དེའི་ཁོང་གསེང་ན་ནག་ནོག་གིས་མ་གོས་པའི་དྭངས་གཙང་དང་གཞུང་དྲང་གི་སེམས་པ་ག་ཚོད་ཅིག་ང་ཚོའི་ཉེ་སར་བཅར་བཞིན་ཡོད་དམ།  ང་ཚོའི་ཉེ་སར་བཅར་ནས་སྙིང་ཉེ་བའི་སྐད་ཆ་ཅི་ཞིག་བཤད་སོང༌།  ང་ཚོའི་སྙན་ངག་དང་འདྲ་བར་སྙིང་ཉེ་བའི་སྐད་ཆ་ཅི་ཞིག་བཤད་སོང༌།  བོད་ཀྱི་རྩོམ་རིག་གིས་ལས་དབང་བུ་མོ་ཐལ་རིལ་མ་ལྟ་བུའི་
མདོག་ཉེས་ཤིག་ཏུ་མཐོང་བའི་དུས་རབས་ཀྱི་དཀྱོགས་མཚམས་འདི་ནས།  ང་ཚོས་རང་ཉིད་ཀྱི་སྙན་ངག་མདའ་གྲི་མདུང་གསུམ་ལྟར་མཐོ་རུ་བཤར་ནས་བླུན་རྨོངས་ཀྱི་མི་རིགས་ཤིག་གི་སང་ཉིན་སྐྱོབས་ཐབས་བྲལ་ཀྱང༌།   ཀུ་ཅོ་ཆེན་པོས་རང་ལ་ཐེམས་པའི་ཕ་ས་ལག་མཐིལ་འདྲ་བོ་འུར་གྱིས་དཀྲོགས་དགོས་པ་མིན་ནམ། 
     ཀྭ་ཡེ།  ཁྲག་དང་རྣག་གི་སྙན་ངག  མིག་ཆུ་དང་ཁུ་བའི་སྙན་ངག  སྙིང་དང་གློ་བའི་སྙན་ངག  མི་རབས་གསུམ་པའི་མི་བུ་རེ་རེའི་སེམས་ཁོང་ན་སྤོབས་པ་དང་ལ་རྒྱའི་གསོན་པའི་སྙན་ངག   སྙན་ངག་གི་མེ་ལྕེ་འདི་རྟག་བརྟན་ཤོག

ཚོགས་མི་རེ་གཉིས་ཀྱི་གྱེར་འདོན་བྱས་པའི་སྙན་ངག
 
          མཆོད་མེར་མིག་ཆུ་བཞུར་དུས།
                                           རེ་རྐང་གླིང༌།
སྲིད་པ་ཆེན་པོའི་སྒོ་ང་ཁ་གས་པའི་དུས་ནས་བཟུང་སྟེ
རིགས་རྒྱུད་ཅིག་གི་རྟེན་འབྲེལ་དུ་འཕྲོས་པའི་འོད་ཟེར་ཞིག
བྱམས་དང་སྙིང་རྗེ་ཡི་དོད་དུ
ཨེ་ཤ་ཡའི་སྤྱི་གཙུག་ནས་འཕོས་ཏེ
རྨི་ལམ་དུ་བབས་པ    ཁ་སང་གི་གཏམ་རྒྱུད་དུ་མི་རིག་པར
དེ་རིང་གི་ལོ་རྒྱུས་སུ་མཐོང་ཆོག
 
བདག་པོ   བདག་པོ
ས་གཞིའི་བདག་པོ  གནམ་གྱི་བདག་པོ
སེམས་ཀྱི་བདག་པོ
བདག་པོའི་ཡང་བདག་པོ
 
བྲང་ཁོག་ནས་སྙིང་བྲུས་ཚར་བའི་ལང་ཚོའི་རྦབ་ཆུ་ཞིག
ཆལ་ཆིལ་དུ་མཁའ་ལ་འཕྱོ་ཡི་ཡོད་མོད
ཝུ་དཀར་གྱི་མེ་ཏོག་འཐོར་བའི་མྱ་ངན་གྱི་གཤོག་པ་དེས
ཁྱོད་རང་ས་ཆ་གང་ཞིག་ལ་འཁུར་དེ་འགྲོ
 
རྒྱ་མཚོའི་ཁ་ཞེང་སྤྱོད་པར    སྐར་མའི་མིག་ཟུང་དགོས་པ་ནང་བཞིན
ང་ཚོས་རང་རང་ལ་དབང་བའི་སྙིང་གསོན་པོ་དེའི་དོན་དུ
ལག་པ་བསྙབ་བཞིན་མཚོན་ཆ་ཅི་ཞིག་གྲ་སྒྲིག་བྱ་འོས
 
གུས་པར་འོས་པའི་མི
བདག་སྙིང་མཆོད་རྟེན་གྱི་བང་རིམ་ན་བཞུགས་པའི་ལྷ་གསོན་པོ
ཁྱེད་ཅག་གི་མདུན་ཕྱོགས་ན  འོད་ཟེར་གྱི་ལམ་བུ་འགོག་པའི་སྨག་རུམ་སྟུག་པོ་ཞིག་གིས
ཁ་ཆེ་ཆེར་གདང་ནས    
སུ་ཞིག་གི་ལྐོག་གཡོ་ལས་བཏོན་པའི་འདོད་སྲེད་དེ་དངོམ་ཡོད་ནའང
དག་ཞིང་དུ་འཚོ་བཞེས་གནང་གིན་པའི་རྣམ་ཤེས་ཀྱི་རྟ་རྒོད་དེ
ལམ་དར་སྐུད་འདྲ་བོ་འཐེན་ནས  མདུན་ཕྱོགས་སུ་གོམ་པ་སྤོ་བར
ང་ཚོས་གོམ་སྒྲ་ཁོ་ནར་རྣ་བ་གླེགས་ནས་ལོ་ངོ་ག་ཚོད་ཅིག་འདས་ཟིན
 
མིག་འབྱེད་འཛུམ་གྱི་ཡུན་ལ
མེས་པོས་བསྩལ་བའི་ཁྲག་དམར་གྱི་ཁུ་བ་དེ་ཡང
ལྟེ་ཁྲག་གིས་ནེམ་པའི་ས་ངོས་ལ་འཛེར་མ་བཞིན་ཟུག་དུས
ང་ཚོས་ས་སྤར་མོ་གང་དང་ཁར་སྦྱར་ནས་སུ་ཞིག་གི་མིང་ནས་འབོད་དགོས
 
རྐང་རྗེས་ཐ་དག་ལ་འཁྱིལ་བའི་འཁྲེངས་སེམས་དང་ཕྱི་མིག་རེ་རེ
རྗེས་རབས་པ་དག་གི་དཔལ་འབར་རེ་རེ་ཡིན་ན
འཇིག་རྟེན་འདི་ནས་འོད་ཟེར་གྱི་དོན་དུ་སྨྲ་སྒོ་དགག་པའི་བདེན་པ་སུ་ལ་དངོམ
 
དམག་རྟ་ཁྲི་ཕྲག་གི་རྨིག་རྗེས་རྨི་ལམ་དུ་བབས་ཉིན་ནས
རྣ་བ་ཁོ་ན་བདེན་དོན་གྱི་རྒྱབ་རྩར་བཞག་སྟེ
རང་གི་མིག་འབྲས་ཟུང་ཡང
མཆོད་གོང་དུ་འཕངས་ནས་སྦྱིན་སྲེག་བྱེད་ན་འདོད
 
མཆོད་མེར་མིག་ཆུ་བཞུར་བའི་དུས་དེར
ནམ་མཁའ་ནས་ཀྱང་སྐར་མ་འགའ་རླུང་གིས་འཁུར་ཚར་ལ
བྲང་ཁོག་ལ་སྙབ་པའི་ལྕགས་ནག་གི་ལག་པ་ཆེན་པོ་ཞིག་གིས
ལྷོག་ལྷོག་ལྡིང་བའི་སྙིང་གསོན་པོ་ཞིག་ལ་བསྒྱུར་བཅོས་བྱེད་ཀྱིན་པ་རྟོགས་སོང
 
ཐ་ན་རང་གི་བློ་སྤོབས་ལས་བཏོན་པའི  མགོ་བོ་དེ་ཡང
གཞན་གྱི་རྐང་འོག་ཏུ་བརྫི་ཀིན་པ་རྟོགས་སོང
  
        སྐྱ་རེངས་བཞིན་གྲག་བྱུང༌།
                             ངལ་རྫི།                                             
བུད་མེད་ཀྱི་མགུལ་ལ་དཔྱངས་པའི
རྒྱུ་སྐར་དང་ཟིལ་བའི་དོ་ཤལ་ཆད་དུས
རྨི་ལམ་ནང་བཞག་པའི
བདེན་བདེན་འདྲ་བའི་ཁ་དན་དག་ཡང་བསྐྱར་ཐོར
སྐྱེས་བུ་རྣམས་སྐྱ་རེངས་བཞིན་གྲག་བྱུང
བོའིཝ་སྐད་བཞིན་གྲག་བྱུང
ངར་སྐད་དེའི་ཀློང་ནས
སེང་གེ་དཀར་མོ   གཡུ་རལ་གསིག་གསིག
གད་རྒྱངས་གཅིག་གིས   
མཚན་མོའི་བང་རིམ་དགུ་བརྩེགས་ཀྱི་ཕུགས་བརྟོལ་སོང
 
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི
གྲུ་བ་དག   མུན་པའི་མཚོ་ངོགས་ན
རྒྱུ་སྐར་གྱི་ཕྲེང་བ་བཞིན་འཐོར
གྲུ་དང་དེ་ལ་ཡོད་པའི་གྲུ་་གྱི་རྟེན་འབྲེལ་ཐ་དག
མི་ཚེའི་འཕྲེང་ལམ་ན་བསྐྱོད
 
མཚན་མོ་དང་བཅས་པའི་ཁ་བ་ཡལ་སོང
ནགས་ཀྱི་ཁུ་བྱུག་དང་གསང་གཏམ་ཡལ་སོང
ཁྲོམ་གྱི་ཟུར་མདའ་དང་ཁེར་རྐྱང་གི་མཚམས་སྤྲིན་ཡལ་སོང
མེ་ལོང་ནང་གི་ཞལ་རས་དང་ཁེར་རྐྱང་གི་བཟི་ཁ་ཡལ་སོང
ངག་གི་སྨྲ་བརྗོད་འགགས་སོང
ཁེར་རྐྱང་གི་དྲན་པ་ཉམས་སོང
 
བདེན་པ་རྣམས་དོན་དམ་པར་ཡལ་སོང
བརྩེ་དུང་གི་མེ་ལྕེ་ཡིས་སྲུང་བའི་ནང་སེམས་ཀྱི་གྲང་འཁྱག་ཇི་བཞིན
དོན་དམ་པར་ཡོད་དགོས་པ་དག
ཡོད་ཡོད་འདྲ་བའི་ལྟར་སྣང་ཞིག་གིས་རྩ་བ་ནས་གཞོམ་སོང
 
སྐྱ་རེངས་ཀྱི་སྔོན་ལ
སྐྱེས་བུ་རྣམས་ཁོ་ཚོའི་ཕ་མེས་བཞིན་ལངས་སོང
བུད་མེད་ཀྱི་རྨི་ལམ་ནང་བཞག་པའི
མི་དཀར་རྟ་དཀར་གྱི་རྫུ་འཕྲུལ་བཞག་ནས
སྐྱ་མདའ་མ་གྲག་པའི་སྔོན་ལ
རལ་བ་བཤིག་ནས་སོང
ཉི་ཟེར་སྙེགས་ནས་སོང
 
    བར་དོའི་འཇིགས་པ།
                   མཚོ་བུ་དགའ་བདེ།
 
རྨི་ལམ་དེ་ལས་ཕྱིར་སད་མི་ཐུབ་པའི་སེམས་ཐག་བཅད་རྗེས
ངའི་མིག་ཆུ་དང་ཁྱོད་ཀྱི་མིག་ཆུ་ནི་ཟིལ་བ་བཞིན་ཡོངས་སུ་འཐོར་སོང
 
བདག་གི་རྒྱང་ཐག་རིང་བའི་ཕ་ལགས
ཉིད་ཀྱིས་གནས་ཆེན་འདིར་ཕྱི་མིག་འཕངས་བའི་ཉིན་དེ་ནས་བཟུང
ངའི་རྫོགས་མཐའ་མེད་པའི་མཆོད་མའི་ཁྲོད་དུ
ཁྱོད་ཀྱི་སྐམ་ཅིང་རིད་པའི། ན་ཟུག་གིས་བསྡམས་པའི་ཚེ་སྲོག་དེ
འོད་སྣང་གི་ཚུལ་གྱིས་མངོན་པར་བྱེད་ལ
ཡིད་ཆེས་བྲལ་བའི་འཆི་བའང་སེམས་སུ་ཝ་ལེར་དྲན་བྱུང
 
མིག་ཟུང་བཙུམས་ཐེངས་རེ་རེར
ཁྱོད་ཀྱི་འདར་སིག་སིག་གི་ལག་པ་གཉོམ་པོ་དེས་ང་རང་བྱིལ་བར་བྱེད་དུས
ངའི་ཡིད་སེམས་ཀྱི་གཟུགས་བརྙན་ཆ་དེ
ཁྱོད་དང་བྱམས་སྙིང་རྗེ་ཆེ་བའི་མ་དྲིན་མོ་ཆེ་དེ་མ་ཡིན་ནམ
ཡིན་ཡང༌། ཁྱོད་གཉིས་ཇི་ལྟར་རྒྱང་དུ་བཀྱེད་རུང་ངའི་སེམས་ཁོངས་ལས་བརྒལ་མ་ཐུབ་པས
མཆོད་མེ་འདིའི་འོད་མདངས་མག་མོག་ལ་བརྟེན་ནས
ངས་ཆང་རག་ཤེལ་ཕོར་གང་ལོངས་སུ་སྤྱོད
 
མིག་དང་སེམས་དང་བཅས་པ་མག་པོར་གྱུར་ནས
ནམ་མཁའ་འདིའི་ལྷིང་འཇགས་དང་ཁ་དོག་སོགས་རོལ་མྱོང་བྱེད་དཀའ་དུས
ང་དང་ཁྱོད་ནི་སྤྲིན་པ་ཁེར་རྒྱུ་ཅིག་གི་སྣེ་གཉིས་ན་འདུར་ཅིང་བསྐྱོད

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐབས་གསུམ་པའི་བོད་ཀྱི་སྙན་ངག་པའི་མི་རབས་གསུམ་པའི་བགྲོ་གླེང་འདུ་ཚོགས་གྲོང་ཁྱེར་ཙོང་ཁ་ནས་བསྡུས་པ།

2008-12-17 འབྲོང་ཕྲུག་དང་མི་རྒོད། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།