མི་རབས་གསུམ་པ་བ་ཞིག་གི་མིག་གིས་བོད་ཀྱི་སྙན་ངག་གསར་བར་བལྟས་པ།༤

         ལྷ་ས་ནི་སྨིག་རྒྱུའི་ཀློང་གི་ཁང་བརྩེགས་ཐོན་པོ་དེ་མ་ཡིན་པར།

      ལྟེ་ཐག་མ་ཆོད་པའི་ཁྱེའུ་ཆུང་ཆུང་ཞིག་ཡིན།

                            ___རང་གི་སྙན་ངག<<ལྷ་ས>>ལས།

 ཐུན་མོང་གི་དམིགས་པ་གཞི་གཅིག་ཏུ་གཏད་པའི་ན་གཞོན་སྙན་ངག་རྩོམ་པོ་འདི་དག་གིས་ནམ་ཞར་ཡང་ཁ་དང་ལག་པ་ཉེ་བའི་ཚུལ་གྱིས་ཉིན་མཚན་ཁོར་མོ་ཡུག་གི་དུས་ཚོད་ཀྱི་འགྲོ་སྒོ་ཡོད་ཚད་སྙན་ངག་གསར་བ་འབའ་ཞིག་གི་སྟེང་དུ་བཏང་བས་ཀྱང༌།   ལོ་ན་ཚོད་ཀྱིས་བཟོས་པའི་རང་བྱུང་གི་བསྒྱུར་བཀོད་དེས་ནམ་ཤེད་དུའང་སྙན་ངག་འབྲི་རྐྱང་བྱ་རྒྱུར་ཧམ་པས་བལྟས་ཏེ། རང་གི་འཚོ་བ་དང་ཉེ་བར་འབྲེལ་བའི་དོན་བྱ་མཐའ་དག་ཕལ་བར་ངོས་བཟུང་བས་ན།  འབྲོག་པའི་བུ་དག་གིས་རོང་བའི་ཞིང་རྨོ་ལོག་རྒྱག་པའི་ཚོར་བ་འབྲི་བ་དང༌། རོང་བའི་བུ་དག་གིས་འབྲོག་པའི་སྦྲ་ནག་གི་ཁ་ཚུབ་དང་ལུག་ཁྱུའི་བཞུད་སྟངས་སོགས་སྙན་ངག་གི་བརྗོད་བྱར་འབྲི་རྒྱུ་དེ་རྒྱུན་སྲོལ་ལྟ་བུ་ཞིག་ཏུ་ཆགས་པ་ནས།ཐ་ན་སྣང་སྟོང་གི་བསམ་རྒྱ་ཚང་མ་གཞན་དྲིངས་མི་འཇོག་པའི་ཚོར་བ་ལྷག་མ་ཞིག་ཏུ་ཉི་ཚེ་བའི་སེམས་ཀྱིས་འཚོས་ཏེ་རང་གིས་རང་ལ་རིང་ལུགས་རེ་ཆགས་སུ་བཅུག་ཡོད་པ་ནི་ས་གཞི་རིལ་མོ་འདིའི་སྟེང་དུ་བྱུང་བའི་སྙན་ངག་གི་གྲུབ་མཐའ་ཆེན་པོ་མཐའ་དག་ཐལ་བའི་རྡུལ་དུ་བརླག་པའི་འཇིག་ཉེན་དེ་ངོམ་ཡོད་ནའང༌། རླབས་ཆེན་གྱི་བྱ་བ་སྒྲུབ་དུས་སུ་ནོར་འཁྲུལ་དེ་ཡང་རླབས་ཆེན་ཡིནཞེས་པའི་དཔེ་ལྟར་ཕྱི་རོལ་གྱི་རྒྱུ་ཆ་ཕུན་སུམ་ཚོགས་པ་ཞིག་གི་ཆ་རྐྱེན་མ་འདང་བའི་མི་རིགས་འདིའི་སྙན་ངག་གསར་བའི་རྩོམ་ཐབས་སུ་འཆར་ཡན་དང༌། བསྡུས་བརྗོད།  མཛེས་སྙེགས། རབ་རིབ། དངོས་བརྒལ་སོགས་སྔོན་ཐོན་པ་དག་གིས་སྔོན་ཞིག་ནས་བརྩམས་གྲུབ་ཟིན་ཏེ་ཐག་བཅད་ཟིན་པའི་ལག་ཐབས་སྐོར་ཞིག་གི་མཚོན་ཐབས་སྣ་ཚོགས་པ་དེ་ཡང་སྟེས་དབང་གིས་བོད་ཀྱི་སྙན་ངག་གི་གཤིན་ས་ལ་རྩ་བ་ཚུགས་མགོ་བརྩམས་ལ།  ཐ་ན་རྩོམ་ཡིག་གཅིག་གི་ནང་དུ་མཚོན་ཐབས་འགའ་རེ་གནས་པའི་འགལ་བའི་ཆ་ཡང་མང་པོ་ཞིག་མཐོང་ཆོས་སུ་སྣང་མོད།  གཏན་ཚིགས་ཀྱི་ཁ་གསལ་རང་བཞིན་གཏོར་བའི་ལྐོག་གྱུར་གྱི་མཛེས་པ་དེས་དོན་དངོས་དང་ཡོངས་སུ་འགལ་བའི་རང་དབང་གི་མཚོན་བྱ་ཁྱད་པར་ཅན་ཞིག་སྙན་ངག་གི་ཁྱད་ཆོས་དང་འཚམས་པོར་འཕེལ་རྒྱས་ཀྱི་ལམ་ཁར་དེད་པས། མི་རབས་གསུམ་གྱི་སྙན་ངག་རྩོམ་པ་པོ་དག་ལ་སྔ་ན་མེད་པའི་བློ་བྲེལ་དང་བསམ་གཞིགས་ཀྱི་འཇིགས་སྐྲག་ཐོག་མར་བསྩལ་ཏེ་རིག་པ་ནང་ལ་བཀུག་ནས་ངོ་མ་ངོ་ཐོག་གིས་སྙན་ངག་གི་བྱ་བ་སྒྲུབ་ཚུལ་འདི་ཅི་འདྲ་ཞིག་ཡིན་ན་སྙམ་པའི་སེམས་ཁྲལ་གྱི་བློ་ཁ་ཐོག་མར་ཕྱེས་པས། མང་པོ་ཞིག་གིས་སྔར་གྱི་སྙན་ངག་འབྲི་རྐྱང་བྱེད་པའི་ངན་ཤན་དེའི་རྟ་ཁ་སྒག་མགོ་བརྩམས་ཏེ་གཉིད་ལས་སད་པ་བཞིན་ཧམ་ཚོད་ཀྱིས་གཞུང་ལུགས་ཀྱི་དཔེ་ཆ་དང་སྐྱེས་མཆོག་དག་གི་སྙན་རྩོམ་ཁྱོན་ཡོངས་སུ་མགོ་ནས་མཇུག་བར་ཞིབ་ཀློག་བྱ་མགོ་བརྩམས་ལ། ཡང་འགའ་ཞིག་གིས་སྣང་ཚུལ་དེ་ལས་འཕྲོས་པའི་ལག་ལེན་དངོས་ཀྱི་ཉམས་མྱོང་དེས་བོད་ཀྱི་སྙན་ངག་གསར་བའི་བརྩམས་ཆོས་དག་ལ་སྔ་ན་མེད་པའི་ཞིབ་ལས་ཡག་མདོག་བྱེད་མགོ་བརྩམས་ཡོད་ནའང༌། སྤྱི་ཚོགས་ཚན་རིག་གི་ཁོངས་སུ་འདུ་བའི་སྙན་ངག་རྩོམ་ཐབས་དེ་དུས་ཀྱི་དགོས་དབང་དང་མཛེས་རྟོག་གི་རྣམ་པ་ཁོ་ནས་ངོ་བོ་གསར་བ་ཞིག་ཏུ་འཕོ་འགྱུར་བྱུང་ཡོད་པ་ནི། མིའི་གཉུག་སེམས་ཀྱི་གཞི་རུ་ལུས་པའི་དཔའ་མཛངས་ཀྱི་ལོ་རྒྱུས་ཁོ་ན་ད་གཟོད་སྙན་ངག་གི་ཁ་གཏོད་ཡུལ་དུ་བཞག་ནས་དུས་རབས་ཀྱི་མགྲིན་ཚབ་ལ་རུང་བའི་སྒྱུ་རྩལ་གྱི་སྐད་ཆ་མཚར་ཅན་མང་པོ་ཞིག་བརྗོད་ཐུབ་ཡོད་དེ། ཕ་མེས་ཡང་མེས་ནས་ཚེ་སྲོག་གི་བཞི་མདོར་ངེས་པ་རྙེད་པའི་བོད་མི་ཐུན་མོང་གི་བླ་མཁར་ཆེན་མོ་གྲོང་ཁྱེར་ལྷ་ས་དེ་ད་གཟོད་སྙན་ངག་གི་དམིགས་པ་གཏོད་ཡུལ་ཞིག་ཏུ་བཟུང་བ་ནི་གཅིག་ནས་མི་རིགས་རང་གི་མཛེས་རྟོག་གི་ཁྱད་ཆོས་ལྷང་ལ་བུད་ཡོད་པ་དང༌།  ཕྱོགས་གཞན་ཞིག་ནས་རང་གི་ཐུན་མོང་མ་ཡིན་པའི་འཚོ་བའི་གནས་བབ་དང༌། སྐྱོ་སྣང་དང་དོན་སྟོང་གི་སེམས་པ་ལས་ཐོན་པའི་འཁྱོག་འཆུས་ཀྱི་སྣང་འཛིན་དེས་སྐད་ཆ་ངོ་མ་བཤད་པའི་ལམ་ཁ་ཞིག་གསར་དུ་བཏོད་ཡོད་པ་རེད། 

  དུས་སྐབས་འདི་ནི་བོད་ཡུལ་ལུང་བར་མཚོན་ཏེ་བཤད་ན་ཤིན་ཏུ་ནས་སྣེ་མང་འདྲེས་འཛིང་ཆེ་བའི་དུས་སྐབས་ཤིག་ཡིན་ཏེ།  ཆབ་སྲིད་ཀྱི་བློ་ཁ་དོག་པའི་མི་རིགས་འདིའི་ཤེས་ལྡན་པ་དག་གིས་ཐོག་དང་པོ་མི་རིགས་གཞན་དང་དཔུང་བ་མཉམ་གཤིབ་ཀྱིས་སྒྱུ་རྩལ་རྩོམ་རིག་དེ་ངོས་ནས་རང་དབང་གི་བསམ་པའི་རྒྱགས་ཕྱེ་ཞིག་ལ་ངེས་པ་རྙེད་པ་ནས་མགྲིན་པ་ན་སྐག་པའི་སེམས་ཚོར་མང་པོ་ཞིག་ཤོག་དཀར་གྱི་སྟེང་དུ་འབྲི་མགོ་བརྩམས་ཡོད་པ་དང༌།  རང་དབང་དེ་དག་ལས་བཏོན་གནང་བའི་དེང་རབས་ཀྱི་དཔེ་གསར་དག་གིས་འཚོ་གནས་ལ་བཏོན་པའི་དགེ་སྡུག་གི་འགྱུར་བ་དེས་ད་གཟོད་སྙན་ངག་པ་ངོ་མ་ཞིག་གི་འཁོན་ཟབ་སྡང་ཆེ་ཡི་གཤིས་ཀ་དེ་སྙན་རྩོམ་ལས་མཚོན་ཐུབ་པ་བྱས་པས།  ལྷ་ས་ནི་བོད་མི་ཕལ་མོ་ཆེ་ཞིག་གི་ཕུགས་བསམ་གྱི་བླ་གནས་ཡིན་པ་དེ་བཞིན་སྙན་ངག་པ་དག་གིས་ཀྱང་ལྷ་སའི་མི་སེར་གྱི་གདོང་ངོས་ལས་མངོན་པའི་དགའ་སྐྱོ་ཆགས་སྡང་གི་རྣམ་འགྱུར་དང་པོ་ཏ་ལའི་ཁེར་སྡུག་གི་སེམས་རྨ། ཨར་འདམ་གྱི་ཐང་ཆེན་དང་མེ་འཁོར་གྱི་དུང་སྒྲས་ཚེ་སྲོག་ལ་ཉེན་བརྡ་བཏང་བའི་འཇིགས་སྐུལ།  ནང་ལོག་ནས་ཐོན་པའི་རྐང་ཐུང་དམར་པོ་དག་གིས་ལྷ་སའི་མཁའ་དབྱིངས་ཀྱི་སྤྲིན་པའི་ཁ་དོག་བརྗེ་བའི་ངང་ཚུལ་སོགས་བསམ་བཞིན་ཞེན་འདེབས་མ་ཡིན་པའི་སེམས་ཀྱི་གད་རྒྱངས་སྐོར་ཞིག་གིས་ཀློག་པ་པོ་དག་ལ་སྦྱོར་ཚུལ་གོ་འཁྲུག་མ་ཡིན་པའི་སིང་སིང་གི་གླུ་སྐད་ཅིག་གིས་སེམས་ཀྱི་སྲུབ་ཀ་དག་རེ་ཞིག་ཐར་ཆོད་དུ་བཅུག་པ་དང་མཉམ་དུ། མི་ཕལ་བ་དག་ཡིད་མུག་ཅིང་ཁོང་ཁྲོ་ཟ་བའི་ཐ་ཤལ་གྱི་སྐད་ཆདག་སྙན་ཚིག་གི་ལམ་དུ་དྲངས་ནས་མཛེས་པ་གསར་བ་ཞིག་སྔོག་འདོན་ཐུབ་པ་བྱས་ཡོད་པ་འདིས་སྒང་བ་བོད་ཀྱི་ཡུལ་ལ་བསམ་བློ་སྒྱིད་ལུག་ཉམས་སྨད་ཀྱི་གནས་སུ་བག་འཁུམ་པའི་སྙན་ངག་གི་འཚོ་བ་དེ་ཡོངས་སུ་མགོ་རྟིང་སློག་པའི་འཕེལ་འགྲོས་ཀྱི་འཁར་རྔ་ཐོག་མར་རྡུང་ཐུབ་ཡོད་དོ།།

བཞི་བ།  ལྷ་སའི་རོ་སྙོམ། 

རྩོམ་ཁུངས། མཆོད་མེའི་པོད་ཁུག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་རབས་གསུམ་པ་བ་ཞིག་གི་མིག་གིས་བོད་ཀྱི་སྙན་ངག་གསར་བར་བལྟས་པ།༤

2008-11-25 རེ་རྐང་གླིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།