མི་རབས་གསུམ་པ་བ་ཞིག་གི་མིག་གིས་བོད་ཀྱི་སྙན་ངག་གསར་བར་བལྟས་པ།༡

 སྙན་ངག་གསར་བར་འཇུག་པ་ནི་སྐྱེས་པ་ཕོ་ཞིག་ལ་མངལ་སྦྲུམ་པ་དང་འདྲ་བར་ད་ཡོད་སྤྱི་ཚོགས་ཀྱི་མི་མང་པོ་ཞིག་གིས་དང་དུ་མི་ལོང་བ་ཞིག་ཡིན་ལ།སྙན་ངག་གསར་བ་འབྲི་བ་ནི་སྐྱེས་པ་ཕོ་དེས་མིའི་རིགས་ཀྱི་མ་འོངས་པར་རིག་པའི་བྱིས་པ་དེ་བློ་སྟོབས་ཆེན་པོའི་བཙའ་བ་བཞིན་མྱི་ཁ་དང་ཁྲག་དྲི་བྲོ་བའི་འཐབ་འཛིང་གང་མང་ཞིག་མ་བརྒྱུད་པར་འབྲས་བུའང་ལེགས་པོ་ཞིག་འབྱུང་མི་སྲིད།

དང་པོ།  སྙན་ངག་པའི་མི་རབས་གཉིས་ཀྱི་བྱུང་བ།

སྒང་བ་བོད་ཀྱི་ཡུལ་འདི་ལ་སྙན་ངག་ཅེས་པའི་བརྡ་ཆད་བྱུང་ནས་ལོ་ངོ་ག་ཙམ་ཞིག་བྱིན་པར་ང་ཚོས་འོལ་ཚོད་བྱེད་དཀའ་ནའང༌། མགུར་གཞས་དང༌། ཆོས་གླུ། སྙན་ངག་གི་གཞུང་སོགས་ཇི་ལྟར་དར་བར་ཆེད་མཁས་པའམ་སྟོང་བསམ་པ་དག་གིས་རང་རང་ལ་རང་རང་གི་གནས་ལུགས་ཤིག་དང་གཏན་ཚིགས་ཤིག་འཇོག་གིན་ཡོད་པ་ཀ་ངོ་ཆོད་ཙམ་གྱི་མི་ཞིག་གིས་ཀྱང་རྟོགས་སྲིད་མོད། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བར་གསར་དུ་དར་བའི་སྙན་ངག་གསར་བའི་རིགས་འདི་མི་ཐོག་འདིའི་མིག་མཐོང་ལག་ཟིན་གྱི་ལས་ཀ་ཞིག་ཏུ་བདོག་ན། ཆེད་མཁས་པ་དག་བཞིན་གནའ་རྫས་དང་ཡིག་ཚགས་སོགས་ཀྱི་སྒྲུབ་བྱེད་མི་དགོས་ལ། སྟོང་བསམ་པ་དག་གི་ཨུ་ཚུགས་དང་རྨོངས་དད་དག་དེ་བས་ཀྱང་དགོས་མཁོ་མེད་པར་སྣང༌།

མི་རིགས་གང་ཞིག་གི་སྒྱུ་རྩལ་རིག་གནས་ཀྱི་བླའམ་ཁམས་དེ་ཤེས་ཡོན་ཅན་དག་གི་དཔུང་བས་བཏེགས་པ་ཞིག་ཡིན་སྲིད་མོད། ང་ཚོ་བོད་མི་རིགས་འདི་ལ་མཚོན་ན་བསམ་པའི་སྟོང་ཆ་ཧྲིལ་བོ་བཀས་བཀོད་རྒྱུད་འཛིན་གྱི་ལམ་ལུགས་དེས་རྨང་ནས་ཉིལ་བ་ཞིག་ཡིན་པས་སྒྱུ་རྩལ་ལས་རིགས་ཀྱི་བྱ་བ་དེ་ཡང་ནམ་ནམ་ཞར་ཞར་དུ་ཨང་དང་པོར་བལྟ་མཁན་གྱི་སྒྱིད་ལུག་གི་སྤྱི་ཚོགས་ཧྲིལ་བོ་ཞིག་གིས་དམ་དུ་བཅིངས་ཡོད། སེམས་ཚུལ་དེ་ལྟ་བུ་ཞིག་གི་རྐྱེན་གྱིས་དུས་རབས་སྔོན་མའི་གསར་དར་སྙན་ངག་པའི་སྡེ་ལ་དོན་གྲུབ་རྒྱལ་གྱིས་མཚོན་པའི་ཨང་དང་པོ་དེ་བྱུང་ཞིང༌། ཁོའི་རྗེས་སྙེགས་མཁན་གྱི་སྙན་ངག་པ་དག་ཀྱང་ཁེར་རྐྱང་གི་རྒྱལ་སྲས་རེ་རེར་གྱུར་བ་ནས་བོད་ཡུལ་གྱི་སྙན་ངག་གསར་བའི་གར་སྟེགས་ཆེན་པོ་དེ་རྐྱང་གཞས་ལེན་མཁན་གྱི་ཚོགས་པ་ཞིག་ཏུ་གྲུབ་ཅིང༌། སྙན་ངག་པའི་མིང་ཡིག་དག་སྙན་ངག་གསར་མའི་བརྡ་ཆད་རྒྱུན་འབྱམས་མ་སོང་སྔོན་གྱི་སྙན་ངག་གི་བརྡ་ཆད་དུ་གྱུར་སོང་བ་དེ་རེད།

དེ་ཡང་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བ་ནི་ཀྲུང་གོའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་ལམ་ལུགས་ལག་ཏུ་བསྟར་མ་ཐག་གི་དུས་སྐབས་དང་ཁེལ་ཡོད་པས།བོད་ཡུལ་ལ་མཚོན་ན་རྒྱུན་ཤེས་ཀྱི་འཚོ་བའི་བརྡ་ཆད་ཁྲོད་དུ་དམར་སྲུང་དམགདང་གསར་བརྗེ” “དར་དམརསོགས་བཙན་ཚུགས་ཀྱིས་ཀླད་པར་སྦྱར་བའི་མིང་ཚིག་དག་བསྣོས་ནས་ཞལ་ཞལ་བྱས་ཏེ་སེམས་ཁ་ད་དུང་བདེ་ལ་འབབ་མ་ཐུབ་པར་ལུས་པ་ཅན་ཞིག་ཡིན་པས། ཁོ་ཚོམི་རིགས་ཀྱི་ལ་རྒྱདང་མདུན་བསྐྱོད་ཀྱི་གོམ་སྒྲ” “གནོད་སྦྱིན་དཀྲུགས་པའི་འཕྲུལ་འཁོརསོགས་དུས་ཀྱི་རླུང་འཚུབ་ཆེན་མོས་སེམས་ངོ་ནས་འཕྲོག་ཟིན་པའི་ཐ་སྙད་དག་བསྐྱར་འཛུགས་བྱེད་རྒྱུར་ཤིན་ཏུ་སྐྲག་ཡོད་པས་རེད།   དེ་ལྟར་སྤྱི་ཚོགས་གསར་བའི་འཚོ་བའི་ཁྲོད་ག་བྱུང་འདི་བྱུང་མ་ཚོར་བའི་མི་རབས་ཤིག་མེ་རི་གས་པ་བཞིན་ས་ཁྱབ་རྡོ་ཁྱབ་ཏུ་སོང་ནས།སླར་ཡང་བོད་ཀྱི་རིག་གནས་སྐོར་ལ་ཡང་དག་པའི་ལམ་བུ་ཞིག་འཚོལ་རྒྱུར་འབད་པ་ལྷོད་མེད་བྱས་པས་ད་གཟོད་རྒྱ་ནག་གི་ཤན་སྟོབས་ལས་བསྐྱེད་པའི་རང་མོས་སྙན་ངག་གམ་སྙན་ངག་གསར་བའི་འབྲི་ཐབས་འདི་བྱུང་སོང༌།འབྲི་ཐབས་འདིས་སྐྱོ་གར་གྱི་ཀློང་ནས་སད་མ་ཐག་གི་མི་རིགས་ཆེན་པོ་དེས་བརྣངས་བཞིན་པའི་མགྲིན་པ་ཡངས་པོར་བསལ་ནས་དུས་རབས་ཀྱི་གོམ་འགྲོས་དང་མཐུན་པའི་གླུ་ལེན་མགོ་བརྩམས།  གླུ་དེ་དང་པོ་ཚིག་ལ་འཁྲེང་བཞིན་མགྲིན་པ་ན་ལུས་པའི་ཞེ་སྡང་ངམ་ཡང་ན་འབོད་པ་དེ་གསོང་བོར་སྨྲས་པས།  རྒྱུགས་ཤིགདང་མཆོངས་ཤིག” “ཨེ་མ” “མ་ཡིན་ནམསོགས་ཀྱིས་མཚོན་པའི་སྟོབས་ཤུགས་ཅན་གྱི་མཛེས་པའི་ཐ་སྙད་དག་རེད་པས་བོད་ཀྱི་སྲོལ་རྒྱུན་རིག་གནས་པ་དག་གིས་ཀྱང་མི་སྨྲ་བའི་བརྟུལ་ཞུགས་འཛིན་གྱིན་རྒྱབ་སྐྱོར་བྱེད་རྒྱུའི་བསམ་པ་བསྟན་ཡོད་པ་འདི་ཉིད་མི་རིགས་གང་གི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་དེས་ནང་གི་བར་བརྒལ་ཐེངས་ཤིག་རེད་ལ།དེ་ཡང་གསལ་བོར་བཤད་ན་སྒྱུ་རྩལ་གྱི་འགག་རིམ་དེ་ཀྱག་ཀྱོག་གི་འདྲེས་འཛིང་ཆེ་བའི་སྐྱོ་གར་རེ་ལས་གཉིད་སད་པའི་དོན་སྙིང་དེ་མཚོན་ཡོད། 

དེ་ལྟར་ལོ་ངོ་ཁ་ཤས་མཇུག་རྫོགས་པའི་སྐབས་དེ་ཤེད་དུ་རྒྱ་ནག་ལ་མཚོན་ན་གཡས་གཡོན་གཉིས་སུ་ཕྱེ་བའི་ཆབ་སྲིད་རིག་གནས་ཀྱི་གྲུབ་མཐའ་ཆེན་པོ་དེ་གཉིས་གཞི་གཅིག་ཏུ་འབབ་པའི་དུས་དེ་འདྲ་ཞིག་དང་ཁེལ་ཡོད་པས།  སླར་ཡང་ནེ་ཁྲེ་དང་ས་ཐེ་སོགས་ཀྱི་བསམ་བློ་དག་དང་ལེན་བྱེད་ཀྱིན་སྙན་ངག་གི་སྒྱུ་རྩལ་ལས་རིག་ཁྲོད་དུའང་བྷོ་ཏི་ལེར་སོགས་ཀྱིས་མཚོན་པའི་མཚོན་རྟགས་རིང་ལུགས་ཀྱི་མི་སྣ་དག་གི་མིང་བྱུང་ཞིང༌། རྒྱན་ཆསོགས་ཀྱིས་མཚོན་པའི་སྙན་ངག་བཀག་སྡོམ་ཅན་ལ་སྐོམ་པ་ཆུ་འདོད་ཀྱི་རེ་བས་བལྟས་པས།རྒྱ་ནག་གི་སྙན་ངག་གསར་བ་དེ་ཡང་དང་བོ་ཉིད་ནས་བདེ་ཐང་གི་ཕྱོགས་ལ་འགྲོ་རྒྱུག་མ་ཐུབ་པར་རབ་རིབ་ཅན་སོགས་ཕྱི་གླིང་གི་ཤན་ཅན་མང་བོ་ཐོན་མྱོང་ཡོད།

གནས་ཚུལ་དེ་འདྲ་ཞིག་གི་འོག་ཏུ་རྒྱ་ཡིག་གི་ནང་སྙིང་འཇིབ་ཀྱིན་མིག་གིས་འཛམ་གླིང་ལ་བལྟ་འདོད་མཁན་གྱི་བོད་ཀྱི་སྙན་ངག་དག་ཀྱང་ཆུ་རྐའི་རྒྱུན་གྱི་དཔེ་བཞིན་རྒྱ་ནག་པ་དེ་དག་གི་རྗེས་ལ་རྒྱུག་སྟེ་མི་རིགས་འདིའི་སྤྱོད་ཡུལ་དུ་གྱུར་མ་མྱོང་བའི་བརྡ་ཆད་གསར་བ་སྐོར་ཞིག་སྟེ། གྲུ་ཁདང་ཟུར་གསུམ་མ” “དགུན་ཆངསོགས་ནང་འདྲེན་བྱེད་ཅི་ཐུབ་བྱས་པ་ནི་ད་ལྟའི་དུས་སུ་བློ་འབྱེད་བསམ་བློ་མཁན་དུ་སྒྲོག་གིན་མི་རིགས་རང་གི་རྨང་གཞིའི་ཐ་སྙད་ཀྱི་སྲོག་རྩ་བྲེག་འགྲོ་བསམ་མཁན་དག་གི་བྱ་སྤྱོད་དང་ཡང་གཅིག་ཏུ་བལྟས་པས་འཐུས།

དེ་ལྟར་སྐད་ཅིག་སྐད་ཅིག་གིས་རྫོགས་པའི་ལོ་ངོ་ཉི་ཤུ་ཙམ་གྱི་རིང་ལ་བོད་ཀྱི་སྙན་ངག་གསར་བ་དེ་ཨང་དང་པོ་ཅན་ནས་ཁེར་རྐྱང་གི་རྒྱལ་སྲས་ཅན་གྱི་དུས་རབས་སུ་འཕོས་ཏེ་ཁོ་ཚོའི་བརྩམས་ཆོས་ཐ་དག་ཀྱང་གསུང་རབ་ཅིག་གི་ཚུལ་གྱིས་སུས་ཀྱང་འགྲེལ་བརྗོད་མ་ཕོད་ལ་ཐ་ན་དོགས་སློང་ཙམ་བྱ་རྒྱུའི་སྤོབས་པ་ཡང་ཡོངས་སུ་ཟད་ནས་ཕན་ཚུན་གྱི་སྙན་རྩོམ་དག་ཀློག་གིན་ཉི་མ་ཕུད་ཐབས་བྱས་པ་ནི་ཅི་འདྲའི་ཡིད་མུག་པ་ཞིག་རེད་མོད།  སྐབས་དེ་ཤེད་དུ་ཞིབ་འཇུག་སློབ་མའི་དམ་བཅའ་འཇོག་ལ་རན་པའི་དཔྱད་བརྗོད་པ་རེ་གཉིས་ཀྱིས་སྙན་ངག་བཀླགས་པའི་མྱོང་ཚོར་འདྲ་བྲིས་ཏེ་དཔྱད་བརྗོད་ཀྱི་དོད་དུ་ངོམ་ནས་སྒམ་ཚིགས་ཆེན་པོས་ཁོ་ཚོའི་མི་རབས་དེ་ལ་སླར་མཚོནཞེས་པའི་མིང་ཚིག་ཆ་གཅིག་གིས་ཡོངས་སུ་མཇུག་བསྡོམས་བཀོད་ཡོད་པ་ནི་ཇི་འདྲའི་མིག་ལ་མི་རན་ཞིང་ནང་དོན་དང་ཡང་འཚམ་པའི་བརྡ་ཆད་དགོད་བྲོ་བ་ཞིག་ཀྱང་རེད་འདུག། 

རྩོམ་ཁུངས། མཆོད་མེའི་པོད་ཁུག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་རབས་གསུམ་པ་བ་ཞིག་གི་མིག་གིས་བོད་ཀྱི་སྙན་ངག་གསར་བར་བལྟས་པ།༡

2008-11-25 རེ་རྐང་གླིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།