མི་རབས་གསུམ་པའི་སྙན་ངག་པ་འབའ་སེང་སྨྱོན་ལགས་ཆབ་མདོ་ནས་སྐུ་གཤེགས་པ།

    

    ༢༠༠༦ལོའི་ཟླ༩པའི་ཚེས༡ནི་བོད་ཀྱི་དེང་རབས་རྩོམ་སྟེགས་ལ་མཚོན་ན་བཀྲ་མི་ཤིས་པའི་ཉིན་མོ་ཞིག་ཡིན་ཏེ་ཉིན་འདིར་བོད་ཀྱི་སྙན་ངག་པའི་མི་རབས་གསུམ་པའི་ན་གཞོན་སྙན་ངག་པ་གསང་ལོ་ཐར་རམ་འབའ་སེང་སྨྱོན་ལགས་མི་འདོད་རྐྱེན་ངན་བྱུང་སྟེ་ཆབ་མདོ་ནས་འདས་གྲོངས་སུ་གྱུར། འདིར་ངེད་དྲ་བས་ཁོང་གི་དགུང་རྫོགས་ཀྱི་ཆོ་གའི་དོད་དུ་ཆེད་སྒྲིག་ལེ་ཚན་འདི་བསྒྲིགས་ཏེ་ཁོང་སྐུ་འཚོ་གཞེས་གནང་དུས་ཀྱི་གྲོགས་པོ་དག་གིས་ཕུལ་བའི་རྗེས་དྲན་གྱི་སྙན་ངག་བསྟུད་མར་དགོད་རྒྱུ་ཡིན་ལ་སྙན་ངག་གི་མཛེས་སྡུག་དང་འགྲོགས་པའི་མཛའ་བརྩེ་ལྷད་མེད་པ་དེས་ཁོང་གི་མཚན་སྙན་བོད་ཀྱི་དེང་རབས་རྩོམ་སྟེགས་ནས་མི་ཉམས་རྟག་ཏུ་གནས་པའི་རེ་བ་འཆང་གི་ཡིན།
  ཁོང་ཉིད་སྤྱི་ལོ༡༩༧༩ལོའི་ཟླ༢པར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འབའ་རྫོང་གི་ཝ་དཀར་ཞེས་པར་འཁྲུངས་ཤིང་ནར་སོན་རྗེས་རིམ་བཞིན་སློབ་ཆུང་ནས་སློབ་འབྲིང་སོགས་འགྲིམས་པ་དང༌། ༡༩༩༧ལོར་མཚོ་ལྷོ་ཁུལ་བོད་ཡིག་སློབ་འབྲིང་དུ་ཞུགས་པ་དང་དུས་དེ་ནས་བཟུང་གསར་རྩོམ་གྱི་མགོ་བརྩམས། ༡༩༩༩ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད། ༢༠༠༥ལོར་སློབ་མཐར་ཕྱིན་རྗེས་ཆབ་མདོ་ས་ཁུལ་མཛོ་སྒང་སློབ་འབྲིང་དུ་དགེ་རྒན་གྱི་ལས་ཀ་གཉེར་དུ་སོང༌། སྔ་ཕྱིར<<སྦྲང་ཆར>>དང༌། <<གངས་རྒྱན་མེ་ཏོག>> <<མང་ཚོགས་སྒྱུ་རྩལ>><<ཁྲིམས་ལུགས་ཚགས་པར>>སོགས་ཀྱི་སྟེང་དུ<<ཟླ་བདུན་པའི་སེམས་འགྱུ>>དང<<སེམས་གཤིས་ཀྱི་རྒྱང་འབོད>>སོགས་སྙན་ངག་དང༌། ལྷུག་རྩོམ། འབོལ་རྩོམ་སྐོར་ཞིག་བཀོད་མྱོང༌།
 

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་རབས་གསུམ་པའི་སྙན་ངག་པ་འབའ་སེང་སྨྱོན་ལགས་ཆབ་མདོ་ནས་སྐུ་གཤེགས་པ།

2008-11-09 སྐྱ་བོ། ཀློག་གྲངས། མཆན ཡོད།

    

    ༢༠༠༦ལོའི་ཟླ༩པའི་ཚེས༡ནི་བོད་ཀྱི་དེང་རབས་རྩོམ་སྟེགས་ལ་མཚོན་ན་བཀྲ་མི་ཤིས་པའི་ཉིན་མོ་ཞིག་ཡིན་ཏེ་ཉིན་འདིར་བོད་ཀྱི་སྙན་ངག་པའི་མི་རབས་གསུམ་པའི་ན་གཞོན་སྙན་ངག་པ་གསང་ལོ་ཐར་རམ་འབའ་སེང་སྨྱོན་ལགས་མི་འདོད་རྐྱེན་ངན་བྱུང་སྟེ་ཆབ་མདོ་ནས་འདས་གྲོངས་སུ་གྱུར། འདིར་ངེད་དྲ་བས་ཁོང་གི་དགུང་རྫོགས་ཀྱི་ཆོ་གའི་དོད་དུ་ཆེད་སྒྲིག་ལེ་ཚན་འདི་བསྒྲིགས་ཏེ་ཁོང་སྐུ་འཚོ་གཞེས་གནང་དུས་ཀྱི་གྲོགས་པོ་དག་གིས་ཕུལ་བའི་རྗེས་དྲན་གྱི་སྙན་ངག་བསྟུད་མར་དགོད་རྒྱུ་ཡིན་ལ་སྙན་ངག་གི་མཛེས་སྡུག་དང་འགྲོགས་པའི་མཛའ་བརྩེ་ལྷད་མེད་པ་དེས་ཁོང་གི་མཚན་སྙན་བོད་ཀྱི་དེང་རབས་རྩོམ་སྟེགས་ནས་མི་ཉམས་རྟག་ཏུ་གནས་པའི་རེ་བ་འཆང་གི་ཡིན།
  ཁོང་ཉིད་སྤྱི་ལོ༡༩༧༩ལོའི་ཟླ༢པར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འབའ་རྫོང་གི་ཝ་དཀར་ཞེས་པར་འཁྲུངས་ཤིང་ནར་སོན་རྗེས་རིམ་བཞིན་སློབ་ཆུང་ནས་སློབ་འབྲིང་སོགས་འགྲིམས་པ་དང༌། ༡༩༩༧ལོར་མཚོ་ལྷོ་ཁུལ་བོད་ཡིག་སློབ་འབྲིང་དུ་ཞུགས་པ་དང་དུས་དེ་ནས་བཟུང་གསར་རྩོམ་གྱི་མགོ་བརྩམས། ༡༩༩༩ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད། ༢༠༠༥ལོར་སློབ་མཐར་ཕྱིན་རྗེས་ཆབ་མདོ་ས་ཁུལ་མཛོ་སྒང་སློབ་འབྲིང་དུ་དགེ་རྒན་གྱི་ལས་ཀ་གཉེར་དུ་སོང༌། སྔ་ཕྱིར<<སྦྲང་ཆར>>དང༌། <<གངས་རྒྱན་མེ་ཏོག>> <<མང་ཚོགས་སྒྱུ་རྩལ>><<ཁྲིམས་ལུགས་ཚགས་པར>>སོགས་ཀྱི་སྟེང་དུ<<ཟླ་བདུན་པའི་སེམས་འགྱུ>>དང<<སེམས་གཤིས་ཀྱི་རྒྱང་འབོད>>སོགས་སྙན་ངག་དང༌། ལྷུག་རྩོམ། འབོལ་རྩོམ་སྐོར་ཞིག་བཀོད་མྱོང༌།
 

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།