ཐུ་མུད་རྟ་བྷེའི་འདྲ་པར་བརྩམས་ཆོས་བདམས་བཀོད།
ཐུ་མུད་རྟ་བྷེ་སྟེ། མིང་གཞན་ལ་ཐུ་མུད་པཱ་ཐར་དུ་འབོད་པ་ཁོང་ནི་ས་གནས་རྨ་ལྷོ་སོག་རྫོང་གི་གསེར་ལུང་སྡེ་བར་འཁྲུངས། མཚོ་སྔོན་ཞིང་ཆེན་པར་ལེན་མཐུན་ཚོགས་ཀྱི་ཁུངས་མི་དང་། རྨ་ལྷོ་ཁུལ་པར་ལེན་མཐུན་ཚོགས་ཀྱི་ཁུངས་མི།རྨ་ལྷོ་རྫོང་ཡིག་གཟུགས་དང་པར་ལེན་མཐུན་ཚོགས་ཀྱི་ཁུངས་མི་ཡིན།རྨ་ལྷོ་སོག་པོའི་ལོ་རྒྱུས་རིག་གནས་མྱུར་སྐྱོབ་རྒྱུད་འཛིན་མཐུན་ཚོགས་སློབ་གསོ་སྡེ་ཁག་གི་ཚོགས་གཙོ་གཞོན་པ་བཅས་ཡིན། འབྲོག་ཕྲུག་ཁོང་ནི་པར་ལེན་པ་དང་སྒྲ་སྙན་རྡུང་ལེན་གྱི་དབྱངས་རྟ་བཟོ་བ་གླུ་ཚིག་འབྲི་བ་སོགས་ལ་འཇོན་ནུས་ལྡན་པ་ཞིག་ཡིན། 2015ལོར་རྒྱལ་ཡོངས་རིམ་པའི་མཚོ་སྔོན་ཞིང་ཆེན་གྱི་ཀུན་ཕྱོགས་བརྙན་ལེན་འགྲན་སྡུར་དུ་བྱ་དགའ་ཨང་གསུམ་པ་ཐོབ། སྤྱི་ལོ2015.11ནང་སྐབས་བརྒྱད་པའི་མཚོ་སྔོན་ཞིང་ཆེན་གྱི་མང་ཚོགས་རིག་གནས་སྒྱུ་རྩལ་འགྲན་བསྡུར་ལས་པར་རིས་འགྲན་བསྡུར་ཁྲོད་པར་རིས་བརྩམས་ཆོས་《སྨུག་ལོང་ཁྲོད་ཀྱི་རྡོག་སྒྲ》ཞེས་པར་བྱ་དགའ་ཨང་དང་པོ་ཐོབ། ཁོང་གིས་བརྩམས་པའི་དབྱངས་རྟའི་བརྩམས་ཆོས་དག་རྒན་དཔལ་མགོན་དང་རྒན་རྡོ་རེད། ཨ་མཆོག་མགོན་དོན་གྲུབ། བློ་གསལ་སོགས་ཀྱིས་ལེན་མྱོང་། ད་ལྟ་ཁོང་གིས་འབྲོག་པའི་འཚོ་བ་དངོས་དང་སྲོལ་རྒྱུན་ལག་ཤེས་སོགས་སྒྱུ་རྩལ་རིག་གནས་མང་པོ་ཞིག་འཚོལ་སྡུད་བྱེད་པའི་འཕྲིན་ལས་ཀྱང་སྐྱོང་བཞིན་པ་ལགས་སོ།།
རྩོམ་སྒྲིག་པ། སྐྱ་བོ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།