རྐང་ཚ་ཚེ་དབང་རིག་འཛིན་གྱི་པར་ལེན་བརྩམས་ཆོས་བདམས་བཀོད།༡
རྐང་ཚ་ཚེ་དབང་རིག་འཛིན་ནི་༡༩༨༦ལོར་མཚོ་སྔོན་པོ་མཚོ་བྱང་རྐང་ཚའི་གཡུང་རུང་འབྲོག་སྡེ་ནས་སྐྱེས། ཆུང་དུས་ནས་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་བརྒྱུད་དེ་༢༠༡༠ལོར་སློབ་ཆེན་སློབ་མཐར་ཕྱིན། པར་རིས་བརྩམས་ཆོས་འགའ་ལ་ཞིང་ཆེན་དང་ཁུལ། རྫོང་རིམ་པའི་བྱ་དགའ་ཐོབ་མྱོང་། ད་ལྟ་མཚོ་སྔོན་ཞིང་ཆེན་པར་ལེན་མཐུན་ཚོགས་ཀྱི་ཚོགས་མི་དང་། མཚོ་སྔོན་ཞིང་ཆེན་རི་སྐྱེས་སྲོག་ཆགས་པར་ལེན་མཐུན་ཚོགས་ཀྱི་ཚོགས་མི། རྐང་ཚ་རྫོང་པར་ལེན་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཡིན་པ་དང་། རྐང་ཚ་རྫོང་གསར་འགྱུར་ལྟེ་གནས་སུ་པར་ལེན་གསར་འགོད་པའི་བྱ་བ་གཉེར་གྱིན་ཡོད།
རྩོམ་སྒྲིག་པ། གངས་དགའ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།