ཟུར་ཟའི་རི་མོ་ཁག་ཅིག

གྲ་གཉེན་ཚེ་རྒྱལ་གྱིས་སྒྱུར་སྒྲ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-06-10

སྐྱེས་པས་བུད་མེད་ཁོ་ན་བསམ།

སྐྱེས་པའི་མིག་ལམ་དུ་བུད་མེད་ཀྱི་ཁོག་སྨད་ཁོ་ན་འཆར།

གདོང་འབག་འོག་གི་མི་ཚེ།

རང་དབང་བཅིངས་ཟིན་པའི་སྐྱེས་པ་དེར་བུད་མེད་ཀྱིས་ཇི་ལྟར་བཟང་ཡང་སྡུག་བསྔལ་ཁོ་ན།

དེ་སྔོན་ཁྱེད་ཚོས་ངའི་གཤོག་ཟུང་བྲེགས་ཅིང་དེང་སྐབས་སླར་ཡང་འཕུར་དགོས་ཟེར།

གོ་མེད་ཚོར་མེད་ངང་ཉིན་མཚན་མང་མང་པོ་སྟོང་ཟད་དུ་སོང་།

ནར་སོན་པ་ནི་མི་རྒན་པའི་གྱོན་གོས་དང་ལྷམ་གྱོན་པ་མ་ཡིན་པར་ལུས་ཁམས་ཀྱི་སྟེང་ནས་མངོན།

བག་ཕེབས་ཀྱིས་འཆི་རུ་འཇུག་སྲིད།

བྱས་ཉེས་ལན་གཅིག་སེམས་སྡུག་ཚེ་གང་།

ནར་སོན་རྗེས་ང་ཚོར་ལྷད་མ་ཞུགས་པ་ག་ལ་སྲིད།

འཚོ་བ་ཆུ་མོ་ལྟར་རྙོག་ཚེ་རང་སེམས་ངལ་བར་མ་གཏོད།

མི་གཞན་འབེན་ལ་འཛུགས་པའི་དུས་སུ་རང་ཉིད་ཡང་གཞན་གྱི་འབེན་དུ་འགྱུར་བཞིན་ཡོད།

ཟླུམ་པོ་ས་ཡི་གོ་ལ་རྒུད་བཞིན་འདུག

ནམ་ཡང་ངལ་རྩོལ་པ་ཡི་རྒྱུ་ནོར་དེ་ཕྱུག་པོ་རྣམས་ཀྱིས་ལོངས་སྤྱོད་བྱས།

མཐོན་པོར་སྨོན་རྒྱུ་ཅི་ཞིག་ཡོད། གོ་ས་ཇི་ཙམ་མཐོ་ན་ལྟས་ངན་དེ་ལྟར་མང་།

གཅེས་ཕྲུག་ཚོ་འགོ་འཛུགས་ས་ནས་ཕམ་མི་རུང་།

མི་མང་པོ་ཞིག་གིས་ངོ་གདོང་གི་དཀར་དམར་ཁོ་ནར་ལྟ་བ་ལས་རང་ཉིད་མི་སྡུག་པའི་བེམ་པོ་ཞིག་དང་འགྲོགས་ཟིན་པ་ཤེས་མེད།

སྐྱེས་པར་བརྟེན་ནས་འཚོ་བའི་བུད་མེད་དེ་འགྱེལ་བའི་དུས་ཅིག་ཡོད་ཀྱང་ཡོད།

རང་དབང་ཁོ་ན་འདོད་པའི་བྱིས་པ་དེས། ནམ་མཁར་བལྟས་ཀྱང་དྲང་བདེན་མི་མཐོང་།

ཕུགས་བསམ་ནུ་འབུར་བཞིན་དུ་རྒྱས། དངོས་ཡོད་ཟུངས་ཁྲག་བཞིན་དུ་ཤོར།

རྟག་བརྟན་གྱི་ཁེ་ཕན་ལས། བློས་ཐུབ་ཀྱི་གྲོགས་པོ་མེད།

ཕྱི་ཚུལ་གྱི་མཛེས་པའི་འོག་ན་སྦས་པ་ནི་སྐྱུག་བྲོ་དགོས་པའི་མི་གཙང་བ་དེ་ཁོ་ནའོ།།

ཀླད་པའི་ཁ་དོག་ཤོག་བུའི་ངོས་སུ་འགོད།

ཁྱོད་ཀྱིས་ངོ་མ། ལྟ་སྟངས་མི་གཅིག་པའི་མིག་ཟུང་གི་མདའ་མོ་འདི་དག་བཟོད་ཨེ་ཐུབ།

འགྲམ་གྱི་མི་དེ་ལྷ་འདྲེ་གང་ཞིག་ཡིན་ཨེ་ཤེས་ལགས།

ཕྱི་ལུས་རྒས་ཀྱང་ནང་སེམས་མ་འཁོགས་པ་ནི་ཀུན་ལས་ལྷག

བུད་མེད། རྟོགས་མི་ཐུབ་པའི་བརྗོད་བྱ་ཞིག

ལྷའི་ཕོ་ཉ་ཉེ་འགྲམ་དུ་ཡོད་ཀྱང་གདོན་འདྲེ་ཁོ་ནའི་ངག་ལ་ཉན།

མི་ཚེ་ནི་གར་སྟེགས་ཞིག་དང་འདྲ་བས་གར་སྟབས་མཇུག་མ་སྒྲིལ་བར་དུ་རང་ཉིད་ཀྱི་སྒེག་ཉམས་མཐོང་མི་སྲིད་དོ།

ལོ་ཇེ་ཆེ་འདོད་པ་ཡང་ཇེ་ཆེ།

དོན་དངོས་ཐོག་བཙོན་ཁང་དང་སློབ་གྲྭ་ལ་ཁྱད་པར་ཅི།

ངས་བདེན་པ་མ་རིག་ན་རང་གི་མིག་གཉིས་བཙེམས་ཀྱང་ཆོག

ལོ་ཇེ་ཆེ་སྙིང་སྟོབས་ཇེ་ཆུང་།

རང་གིས་འདྲ་མཉམ་བསྐྲུན་ན་མ་གཏོགས་སྤྱི་ཚོགས་ནི་འདྲ་མཉམ་མིན།

བརླ་ཤའི་བར་གྱི་དུང་བ་དེ། ཁྱོད་ཀྱིས་འཚོལ་སྙེགས་བྱ་བཞིན་པའི་བརྩེ་དུང་དེ་ཨེ་ཡིན།

ཕྱི་ལུས་མཛེས་ཀྱང་ནང་སེམས་རུལ་ནས་ཚར།

དྲ་རྒྱའི་དུས་རབས་ཀྱི་ནང་དུ་ཚུད་པ།

གྲོགས་པོའི་ལ་རྒྱའི་ཆེད་དུ། ཡོད་ཚད་དོར་ཕོད་དམ།

ངའི་དམར་ཆུང་སེམས་པ་ཁྱོད་ལ་སྤྲད་ཀྱང་། དོ་ཁུར་མེད་པའི་མིག་ཟུང་དེ་ཡིས་ཚལ་བར་བཏང་།

ངའི་གཉའ་ལ་བཞོན་འདོད་མཁན་དེ་དག་ངས་གསོད་སྲིད། ཐ་ན་ཉམ་ཆུང་གི་རི་བོང་ཞིག་ཀྱང་ངོ་།།

ངས་བདེ་འཇགས་ཀྱི་འཚོ་བ་ཞིག་ལ་སྙེག་གིན་ཡོད་མོད། འཚོ་བས་ང་ལ་བདེ་འཇགས་མི་སྟེར།

རང་ངོ་རང་གིས་མི་མཐོང་བ་།

ཆེས་སྐྲག་དགོས་པ་ནི་ཕྱི་ཚུལ་མི་མཛེས་པ་ལས་ནང་སེམས་མི་གཙང་བ་དེ་རེད།

གྲོགས་པོ། སྟ་རེ་བཟུང་ན་རྗེས་ལུས་རེད།

ཕྱི་ལུས་རྨ་ཡིས་ཁེངས་ཀྱང་། སླར་ཡང་རྨས་སྐྱོན་ཕོག་བྱུང་།

གོང་བཀུར་ཐོབ་འདོད་ན། གཞན་གྱི་མཆིལ་ཞགས་འཕངས་པར་བཟོད་དགོས།

སྐྱེས་པས་རྒྱབ་ཏུ་བཟུང་བ་ནི་མེ་ཏོག་ཡིན་ཀྱང་བུ་མོ་མང་ཆེ་བས་བསྐུངས་པ་ནི་སྤུ་གྲིའོ།

བཞད་གད་པ་ཡི་སེམས་གཅོང་སུ་ཡིས་རྟོགས།

ཟོལ་སྦྱོར་ཅན་གྱི་གྲོགས་པོ་ལས་གཞུང་དྲང་གི་དགྲ་བོ་ལྷག

སྐབས་རེ་ཁྱོད་ཀྱིས་རང་གི་ངག་ལས་ཐོན་པའི་གཏམ་གྱི་མདའ་མོས་ང་ཡི་སྙིང་ཆུང་གཏུབ་ཚུལ་མི་ཤེས།

བྲེལ་འཚུབ་ཇི་ལྟར་ཆེ་ཡང་ཁྱིམ་ལ་ཁ་པར་གཏོང་རྒྱུ་མ་བརྗེད།

བབ་ཆགས་པའི་ཕྱི་ལུས་དང་ཟོལ་མེད་ཀྱི་སྤྱོད་ལམ་གྱིས་འདྲེ་སྲིན་ལྟ་བུའི་སེམས་པ་ཞིག་གསལ་སྟོན་བྱས།

མི་ཀུན་ཆང་གིས་མྱོས་ཀྱང་། བཟི་མེད་པ་ནི་ང་ཁོ་ན།

རང་གི་བདེ་སྐྱིད་དེ་གཞན་གྱི་སྡུག་བསྔལ་ལས་བསྐྲུན་ན་གྲོགས་པོའི་བརྩེ་བ་ཉམས་སྲིད།

ད་དུང་ཟ་ཕོད་དམ།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཟུར་ཟའི་རི་མོ་ཁག་ཅིག

2013-06-10 གྲ་གཉེན་ཚེ་རྒྱལ་གྱིས་སྒྱུར་སྒྲ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།