ལྗང་བུའི་སྙན་ངག་ཚན་པ་འགའ།

             འབྲོང་ཤི་རྐྱེན།

ཡང་ན།   ནོར་འཁྲུལ་དེ་བདེན་ལུགས་སུ་བཟུང་བས།
རྒྱུ་སྐར་གྱི་ཉམ་ང་བའི་འོད་མདངས་ཚོར་དཀའ་ལ།
ཁུ་བྱུག་གི་བློ་ཕམ་པའི་འབེལ་གཏམ་ཡང་འཚོལ་དཀའ།
ཡང་ན།   སྐྱ་རེངས་ཀྱི་སྔ་རོལ་ཏུ་མུན་པའི་སྦུབས་ན།
ཁ་བ་ཉིལ།  དལ་བ་དལ་བུར།
གྲག་མེད་འགུལ་མེད་ངང༌།
ཁ་བ་ནག་པོ་ཉིལ། ཡུན་རིང་བསྒུག་པའི་འབྲོང་རྒོད་དེ་བྲག་ལྕིབས་སུ།
ཉལ་བའམ་ཤོག་དཀར་ངོས་ལ་ཡིག་འབྲུའི་འགྲོས་དང་བསྟུན་ཏེ།
ངའི་མདུན་པས་ཁྲིད་ནས་ཐག་རིང་དུ་བསྐྱལ་ལ་སླར་ཡང་སུ་ཡི་སེམས་ཁོང་དུ་ཞུགས

ཕྱོགས་གང་རུང་ནས་འོང་བའི་ལྷགས་པ་སྤུ་རྩེ་ན་འཕྱོ།
རི་ཚོགས་ཀྱི་རྣོ་དབལ་འཕྱོ་བའི་རྒྱབ་ལྗོངས་ངོས་སུ།
མཚམས་སྤྲིན་གྱི་རྫི་མ་སྐད་ཅིག་གྱེན་ལ་བརྫིས་དུས
མེ་ལྕེ་མཆེད་ཀྱིན་པའི་རྭ་ཟུང་བར་དུ།
ཉི་གཞོན་ནི་ནམ་མཁའི་འདྲེན་བྱེད་ཀྱི་རྒྱལ་མོ།
འབྲོང་རྒོད་ཧར་གྱིས་བསྡད་ནས།
བར་སྣང་ལ་རྭ་རྩེ་དང་སྤོབས་པ་བརྡར།
གངས་ཐང་གི་རྨིག་རྗེས་མོག་པོའི་ཤུགས་བསྟན་དང༌།
ཚེ་སྲོག་གི་མཚོན་དོན་ཟབ་པའི་འགྱིངས་སྟབས་ནི།
ངའི་ཡུལ་ལྗོངས་སུ།
རྒས་ཟིན་པའི་འབྲོང་རྒོད་ཁེར་རྐྱང་དུ་ཤི།
འཆི་བདག་གི་འཛུམ་ཟེར་རྗེས་སུ།
གངས་ཀྱིས་བྱུག་པའི་སྒང་གཞོང་ཀུན་ལ།
གཡོ་འགུལ་ཐེབས།
                 
             སྣང་སྟོང་༌།

ངོ་མི་ཤེས་པའི་ཁྱོད།
འཇམ་དྲགས་ནས་རེག་ཚོར་དང་བྲལ་བ།
གཞོན་ནུ་མའི་ཡིད་སེམས་ཇི་བཞིན།
ནགས་ཚལ་གྱི་གྲིབ་མས་བརླན་དུས་ཧ་ཅང་ཡང་སྟེ།
རླུང་བུས་ཀྱང་འཁྱེར་མ་ནུས།
ཅི་ཡང་མེད་པའི་དྲན་རྟོགས་ཀྱི་ངོས་སུ།
ཤུགས་ཀྱིས་འཕོས་པའི་ཉམས་སྣང་གི་སྣག་ཚ།
ཤིག་ཤིག་འདར་བའི་ལོ་འདབ་ཀྱི་འཚང་ཀ
ན་བུན་སྐྱི་བུན་གྱི་ཤུགས་བསྟན་རྫོགས་མེད་ཅིག
ཡོ་བའི་ཕ་རོལ་ན།
ཆ་རྒྱུས་ཡེ་ནས་མེད་པའི་པི་ཝང་དང་སྐྲ་ལོའི་འཇའ་གུར།
མེ་དཔུང་དང་རླངས་པའི་ཁྲོད་ན་དལ་གྱིས་མཁའ་རུ་འཕྱོ།
ཤོག་ངོས་སུ་ལུས་པའི་རང་མདངས་དཀར་བོ་ལ།
ངོ་མི་ཤེས་པའི་ང་ཞིག་དང༌།   ཁྱོད།   གཞན་ཞིག
            
             མིག་གསུམ་པ།

མེ་ཏོག་གི་ཚལ་དུ་འཆམ་འཆམ་བྱེད་དུས།
མཛའ་མོའི་གོམ་ཆུང་ལས་མཚར་སྡུག་སྤྲོས།
མིག་གསུམ་པས་སེམས་ཁྲལ་དང་ཕྲག་དོག་ང་ལས་མཐོང༌།
ངས་རང་ཉིད་འགྲེང་བའི་ཟམ་པ་དེའི་ལྡེམ་ཤུགས་མྱངས།
ཆར་གདུགས་ཀྱི་ཚལ་དུའང་མཛའ་མོས་འཆམ་འཆམ་བྱེད།
མི་ཚོགས་ལས་ཕྱིར་འབུད་མ་ཐུབ་ཀྱང༌།
ངས་མཛའ་མོའི་རྒྱབ་གཞུང་ལ་འཕྱོ་བའི་སྐྲ་ལོ་བཙལ།
གཙང་པོའི་ཕ་རོལ་ཏུ་ངས་རང་ཉིད་མཐོང་བྱུང༌།
ཨ་མའི་མ་ཡིན་པའི་གསང་གནས་གཞན་ཞིག་ནས།
ངས་སྐྱོ་ངལ་གྱི་མིག་ཟུང་ནགས་ཚལ་དུ་བགྲད།
མིག་གསུམ་པས་ང་ལ་སྐྱེལ་མ་མཛད་དེ།
ཉི་འོད་དྲོ་སའི་སྦས་ལུང་གི་ཁ་ཕྱོགས་བསྟན།
   
             འདར་སིག་སིག་གི་སྐད་སྒྲ་ཕྱོགས་བཞིར་མཆེད།

ཟམ་པ་དེའི་དཀྱིལ་དུ་སླེབས་དུས་ང་ཐང་ཆད་བྱུང༌།
རྐང་བ་ཡ་གཅིག་འཕྲེད་ཐིག་ལས་བརྒལ་ཚེ།
ངས་གློག་དང་འཕྲད་པའི་སྐད་ཅོར་ཆེན་པོ་བརྒྱབ།
འདར་སིག་སིག་གི་སྐད་སྒྲ་ཕྱོགས་བཞིར་མཆེད་ཅིང༌།
ལྷན་པ་ཇི་བཞིན་ཡུལ་ལྗོངས་རྫུན་མའི་ངོས་སུ་འབྱར།
ཉི་མས་བསྲུབ་ཀྱིན་པའི་གངས་ཐང་ཆུང་ཆུང༌།
འཁྲུག་ཆ་དོད་པའི་བསླུ་བྲིད་ཀྱིས་ཆེ་རུ་བསྐྱེད།
ས་རློན་གྱི་དྲི་ཞིམ་ལྡན་པའི་མེ་ཏོག་འཐོར་ཞིང༌།
སྲོད་དུས་ཀྱི་བུ་མོ་དང་གླང་པོའི་སྐེ་དྲིལ་གྱི་ཕྱིར་དུ།
ང་ཐོངས་ཤིག       རང་གི་སྐད་ཅོར་ལས།
སྒེའུ་ཁུང་ཡོད་ཚད་ཀྱིས་དེ་ལ་ཉན་དགོས་དོན་མེད།
ངས་རི་རྩེ་གཞན་ཞིག་ལ་འཛེག་པའི་ཧམ་སེམས་བསྐྱུར་ཟིན།
ངས་སུ་ཞིག་གཉིད་ལས་དཀྲོགས་འདོད་པའང་མ་ཡིན།
     
             རོལ་དབྱངས་དང་ཞབས་བྲོ་རྫོགས་རྒྱུ་མེད།

རོལ་དབྱངས་ཀྱི་འཚུབ་བུ་ཞི་རྗེས།  ལག་པ་གློད།
གཙང་པོའི་ཕར་ཚུར་དུ་སོ་སོའི་གོ་གནས་རྙེད་ཅིང༌།
དབེན་འཇགས་དང་སོས་དལ་ལ་རྣ་བ་བླགས།
དེ་དུས་ཟླ་བ་གསེར་ཏོག་གི་རྩེ་མོར་ཐོགས་ནས།
མཇུག་མཐའི་སྒམ་བརླིང་དེ་སྒུལ་ཐབས་བྲལ།
གླགས་དང་བསྟུན་ཏེ་ངས་མིག་ཟུང་གསུམ་པར་བལྟས།
རོལ་དབྱངས་ཆེས་མཇུག་མ་ག་ལ་ཡིན།
སྔོ་མདངས་སྲབ་མོའི་སྐོམ་གདུང་སླར་ཡང་འཕྱོ།
འོད་དྲག་གི་ཟུག་གཟེར་དབང་རྩའི་སྦུབས་སུ་གསབ།
མ་མའི་རྫོགས་མཐའ་མེད་པའི་གཡོ་འགུལ་དང༌།  འཁྱུག་འགྲོས།
ཆང་མཁན་ཚོའི་དྭངས་གསལ་ལྡན་པའི་རྟོགས་རིམ།
གཅན་གཟན་གྱི་མཆུ་ལ་ཁྲག་དམར་གྱིས།
མཆོད་པ་ཇི་བཞིན།
རོལ་དབྱངས་དང་ཞབས་བྲོར་ནམ་ཡང་རྫོགས་མཐའ་མེད།
             
              ཕུག་རོན།
                           ————JRལ་བྲིས་པ།
ཕུག་རོན་འཕུར་ཤེས་པ་གཤོག་པའི་རྐྱེན་དང༌།
ཕུག་རོན་འཕུར་མི་འདོད་པ་བྲག་སྐྱིབས་ཀྱི་ཕྱིར་དུའོ།
ཕུག་རོན་ལ་ངའི་རྟོགས་བཏགས་ཀྱི་རྒུམ་འབུ་ཐོབ།
ཕུག་རོན་དེ་ངའི་ཐག་རིང་གི་མཆོད་རྟེན་ལ་འཁོར་བའི།
རྨག་མེད་དང་རྨི་ལྟས་ཡིན།
       
             འབྱོར་བ་ཞན་པའི་མི་གསུམ།
                   
                             ———YPལ་བྲིས་པ།
དབུལ་ཕོངས་ཀྱིས་ང་ཚོ་གྱང་ལྡེབས་སུ་ཕབ།
མིག་འབྲས་འགུལ་ཙམ་འགུལ་ཙམ་བྱེད་ཐུབ་ན་ཡང༌།
མ་འོངས་པའི་བསླུ་བྲིད་ནི་ལྐོག་གྱུར་དང༌།
ལྗང་ལོ་ཁུར་བའི་ཤིང་སྡོང་གི་ཡལ་ག་མིན་ནམ།
ཕུགས་བསམ་ཁ་ཤས་ཀྱི་ཕྱུར་དུ།
མིག་འབྲས་དྲུག་སྙན་ངག་གི་ཡིད་རྟོན་མེད་པ་བཅོལ།
མཇལ་འཛོམ་གྱི་རྫིང་བུའི་གཏིང་དུ
ཉ་དང་བུད་མེད།   ད་དུང༌།   ད་དུང༌།

             བར་སྐོར་གྱི་གཅོང་རོང༌།

བསམ་ཡུལ་ལས་འདས་པའི་དེབ་ཐེར་ནམ་ཡང་གསར་བ་ཡིན།
བདེན་ལུགས་དེ་ར་སྤྲོད་ཀྱི་དགོས་མཁོར་གཞིགས་ནས།
ཕྱག་སྐོར་གྱི་མཐོ་རླབས་སྲོད་དུས་ཀྱི་མཚོ་ངོས་སུ་འཕྱུར།
ནོར་ལུག་གི་ཁྱུ་ཡིས་མཇུག་མཐའི་སྔོ་རྩྭ་ཁམ་གང་ལྡད་ཀྱིན།
རྡོ་དང་ས་ནག་གི་སྔ་རོལ་ཏུ་ཅི་ཞིག་བྱུང་བར་བསམ་བློ་བཏང༌།
ཅང་ཤེས་རྟ་ཕོ་ནི་བྱ་རྒོད་ཀྱི་གདུང་འཚོབ་ཡིན་ནམ།   ཡིན།
གཡས་འཁོར་གྱིས་བཞུར་བའི་ཆུ་ཀློང་གི་རྐྱེན་གྱིས།
ངས་བཞུར་གྱིན་པའི་ཡར་འབྲོག་གཡུ་མཚོ་གླེང་ཞིང༌།
ལག་པ་ཆུང་ཆུང་གྲོགས་པོ་ཚོའི་ཕྲག་པ་ནས་བླངས་ཏེ།
གསེར་མདོག་གི་འཁོར་ལོ་བརྒྱ་དང་བརྒྱད་པོ་བསྐོར།
མགོ་ལྕོག་ལྡེམ་པའི་གྲོ་ནས་ཀྱི་སྙེ་མ་དག
དྲི་བཞོན་གྱིས་ཁྲིད་ནས་ཐག་རིང་ཐག་རིང་དུ་སོང༌།
སླར་ཡང་རང་གནས་སུ་དལ་ཅག་གེར་གནས།
ཁྱི་སྐད་དང་སྐར་མདའ་ཡང་མེད་པའི་མཚན་མོར།
གྲོང་ཁྱེར་ནུབ་མཐའི་རྩྭ་ལྡུམ་གྱི་རམ་འདེགས་འོག
ང་ཚོས་མི་ཚོགས་དང་འབྲི་མར་འཐུལ་བའི་འཇིག་རྟེན་ཞིག་བསྐྲུན་ཅིང༌།
དེ་ལ་ལྷ་རྫས་དང་བཅས་པའི་མངོན་ཆུང་གི་གསལ་འདེབས་ཤིག་བྲིས།
 
            སུ་ལའང་ཁག་དཀྲི་དང་འཁང་ར་མེད་པར།

ང་རི་བོ་ཞིག་གི་ཁ་གཏད་དུ་བསྡད་པའམ།
མཚར་སྡུག་འོད་སྟོང་འབར་བ་ཅི་ཡང་མ་མཐོང༌།
སྒྲེན་མོར་རྒྱུ་བའི་རྐྱེན་གྱིས་བྲག་ཅ་འཁོར་ཞིང༌།
ཕྱོགས་བཞི་ནས་བབས་པའི་བྱ་སྤུ་ལུས་ལ་ཟུག
སྨག་ནག་པའི་མཚན་མོ་དུ་མའི་ཁ་བ།
ནམ་མཁའི་བྲང་ཁོང་དོག་མོ་ལས་ང་རྒྱལ་གྱིས་འོང༌།
ང་སྐྲག་པའི་གཅན་གཟན་དེ་རང་ཉིད་ཡིན་ན།
སུ་ལའང་ཁག་དཀྲི་དང་འཁང་ར་མེད་པར།
རི་ཚོགས་ཀྱི་རྒྱུན་གྱིས་སྐར་མདའ་བཞིན་དེད་ནས།
རྟོག་གེ་བའི་འབྲི་དེབ་ཀྱི་ཡིག་འབྲུའི་བར་དུ་འཚང༌།
ང་ནགས་ཚལ་གྱི་འཚང་ཀ་སྟུག་པོ་ལས་ཕྱིར་ཐོན་དུས།
རི་བོ་དེའི་ཁ་གཏད་དུ་གཞན་ཅི་ཞིག་བཞག་ཡོད།
གདུང་རྟེན་ཞིག་གམ་སྐུ་དཔར་ཞིག
སུ་ལའང་ཁག་དཀྲི་དང་འཁང་ར་མེད་པར།
ངས་བརྩེ་དུང་གི་ལྕུག་ཕྲན་མཉེན་མོ་ཞིག་བསྲུངས།
རླུང་བུ་ཡང་བྱེའུ་ཁྱུ་འཕུར་བ་ཇི་བཞིན་གཡུག
ངས་སྦྱར་བྱང་མེད་པའི་དེབ་ཆུང་ཞིག་བཟུང་ནས།
གསང་བའི་ཡུལ་ལུང་གི་རེ་འབྲས་ཐ་མ་བཀླགས།
ཟླ་འོད་བྱུག་པའི་རྒྱལ་མཚན་རྩེ་མོ་དང་གྲིབ་མ།
             
             མངོན་བརྗོད་དང་མེ་ཏོག་ཕྲེང་བ།

དར་སྲབ་ཀྱིས་གཡོགས་པའི་བུ་མོའི་དབུགས་ཀྱི་འབྱིན་རྔུབ་བྲེལ།
གང་ས་གང་དུ་སྐྱེད་ཚལ་དང་གསལ་འདེབས་སྐྱོབ་པའི་ངེས་པ་བྲལ།
ཁ་བའི་འདབ་མ་གཉོམ་པོའི་སྟེང་དུ་མཛེས་སྡུག་ངེས་ཡོད་ན།
མངོན་བརྗོད་དང་མེ་ཏོག་ཕྲེང་བ་ཁྱོད་ལ་དབང༌།
སྦྲིད་སྨན་ལྟ་བུའི་འོད་མདངས་དམར་བོའི་འོག་ཏུ།
གཤགས་བཅོས་ལ་མཁས་པའི་བསམ་བློ་བ་ཤིན་ཏུ་དཀོན།
རང་ཉིད་མཐོང་མྱོང་བའི་སྐྱེས་ཆེན་ཡང་ཇེ་ཉུང་ཇེ་ཉུང་རེད།
རིག་པའི་བུ་ཆུང་དེ་ད་དུང་ན་སོ་ཕྲ།
རྩི་རྐང་ཞིག་གམ་གཏན་ནས་མེད་པའི་རྒན་མོ་ཞིག་གིས།
གཞོན་ནུ་མའི་བརླ་རྐང་གི་གླིང་བུ་འབུད་སྲིད་དམ
སུས་ཤེས།  རང་ལ་དྲིས་ཤིག
           
             བརྗེད་རུང་བའི་དུས་གསུམ།

ཅི་ཡང་མེད་པའི་རི་རྒྱལ་ལྷུན་པོ་དེ་བཞིན་ཉིལ་བྱུང༌།
མ་འོངས་པའི་བྱེའུ་ཆུང་ད་དུང་འཕུར་མགོ་མ་ཚུགས་ལ།
ཕ་མ་ཡང་མ་ཤི་བར་རྒས་ཤིང་འཆོལ་སོང༌།
སྐར་ཕྲན་ཞིག་གི་གསང་བ་དང་འགྱོད་གདུང་གི་ཕྱིར་དུ།
དྲག་རླུང་ཡོད་ཚད་རྔམ་ཟིལ་གྱིས་ལྡང་དགོས་དོན་མེད།
ཕྱོགས་བཞི་ནས་བསྐོར་བའི་སྤྲིན་པ་སེར་བོས།
ལོ་རྒྱུས་ཀྱི་གོ་འཛོལ་དང་སྐྱོ་ངལ་ཁྱེར་ཡོང༌།
བྲང་ཁོང་གི་ལྗོན་པའི་སྐྱེ་རྒྱུན་ཆོད་དང༌།
དུས་ཚོད་དང་ལ་རྒྱ་མཉམ་དུ་ཞི་ནས།
ཕ་མས་མིན་ལ་གཉེན་མིས་ཀྱང་མིན་པའི་དཔེ་རིས་མཐོང་ཞིང༌།
རོ་ལངས་ཀྱི་ཞབས་བྲོ་དང་སྦྱིན་སྲེག་འདྲེས་མ་ཚོར་སྲིད།
ལས་སྐལ་གྱིས་ཡུལ་དུས་ངེད་པ་མེད་པར།
ཁ་ཟས་དང་ལྟོ་གོས་ཀྱི་ཕྱིར་དུ།
མཛེས་ཤིང་མངར་བའི་ཤིག་ཏོག་གི་གསོལ་སྟོན་བཤམས།
དྭ་ཕྲུག་དང་ཉི་ཟླ།  གྲོགས་མེད་ཁེར་རྐྱང་གི།
རྫོགས་མཐའ་མེད་པའི་འགྲུལ་བཞུད་ཀྱི་བསྐྱར་ཟློས།
  
             འུར་རྡོ་དང་དགའ་ལྡན་དགོན་པ། 

གྲི་རིང་བཏོན་ཞིང་སྒྱོགས་སྒྲི་ལྡིར་དུས།
སྙིང་ནད་ཀྱི་རུམ་ནས་མགལ་མེ་འཁོར་འདྲའི་གཞོབ་དྲི་མཆེད།
ཕྱི་གླིང་བ་དེས་འགྲོ་ཞོར་ང་ལ་ཕྱི་མིག་བལྟས།
དེ་ནས་བཟུང་ང་འཛུམ་མདངས་ཐམས་ཅད་ལ་ཡིད་ཆེས་བྲལ།
དེ་ནས་བཟུང་ང་ཁེར་རྐྱང་དང་རྒྱུས་ལོན་མེད་པའི།
ཀློང་ཐང་གི་རྒྱ་ཁྱོན་དང་སྨིག་རྒྱུའི་གྲོང་ལ་ཞེད།
དེ་ནས་བཟུང་ངས་དྭ་ཕྲུག་དང་གྱང་གོག་ལ་སྙིང་རྗེ་འཆང༌།
མནོ་བསམ་གྱིས་ཁྲིད་དེ་ང་རང་རྨེག་མེད་ཀྱི་མདུན་དུ་ལངས།
ཚེར་མའི་མེ་ཏོག་གི་མཛེས་སྡུག་ཀྱང་ངས་དེ་ནས་མཐོང༌།
བྲག་ཐེམ་གྱི་བང་རིམ་རེ་ལ་ངའི་སྐྱོ་གདུང་རེ་བབས།
 
རྩོམ་ཁུངས། སྙན་ངག་གཅེས་བསྡུས་དེབ

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྗང་བུའི་སྙན་ངག་ཚན་པ་འགའ།

2010-11-06 ལྗང་བུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།