འཛམ་གླིང་རྩོམ་རིག་ཁྲོད་ཀྱི་གལ་ཆེའི་སྙན་ངག་གྲུབ་མཐའ།

    རྩོམ་རིག་གི་རྣམ་པ་ལས་སྙན་ངག་གི་བྱུང་བ་དེ་དར་སྔ་ཞིང་སྤྱོད་རྒྱུན་རིང་བའི་རྩོམ་ལུས་ཤིག་ཡིན་ལ།ཕུན་སུམ་ཚོགས་པའི་སྐད་ཆའི་སྒྱུ་རྩལ་དང༌།སྨྲ་བསམ་བརྗོད་འདས་ཀྱི་ཚོར་བ་ཁོ་ནས་སྙན་ངག་གི་རོ་བྲོ་དེ་ཀུན་ལས་མཆོག་གྱུར་གྱི་ངོ་བོ་ཞིག་ཏུ་གསལ་སྟོན་ཐུབ་ཡོད་པས།འཇིག་རྟེན་གྱི་སྐྱེས་པོ་མཐའ་དག་ལ་སྙན་ངག་གི་བློ་མིག་མེད་མི་སྲིད་པ་དེ་བཞིན་སྙན་ངག་རྩོམ་ཆོས་དེ་ཡང་རྩོམ་ཐབས་གཞན་དག་ལས་སྣ་མང་ལ་ཐ་ན་གཞུང་ལུགས་ཀྱི་གཞི་རྒྱ་དང་གྲུབ་མཐའི་དབྱེ་བའང་རྩོམ་ཐབས་གཞན་དག་ལས་འདྲེས་འཛིང་ཆེ་བ་ཞིག་རེད་ལ།སྙན་ངག་རྩོམ་ཆོས་ཀྱིས་མིའི་རིགས་ཀྱི་བློ་འབྱེད་བསམ་བློའི་ཕྱོགས་ལ་ནུས་པ་བཏོན་པའང་བསམ་གྱིས་མི་ཁྱབ་པ་ཞིག་སྟེ།གནའ་བོའི་དུས་སུ་ཏན་ཏིན་གྱི་<<ལྷའི་རོལ་དབྱངས>>བརྩམས་པ་དེས་རིག་རྩལ་བསྐྱར་དར་གྱི་བྱུང་བར་འབོད་པའི་གཡབ་མོ་བྱས་ཡོད་ཅིང༌།པུས་ཏི་ལ་ཁིའི་སྙན་ངག་གི་མི་དོན་བརྩེ་བ་དེས་འཛམ་གླིང་དུ་མི་ཆོས་རིང་ལུགསཀྱི་ས་བོན་ཐོག་མར་རྒྱས་སུ་བཅུག་པའི་ལོ་རྒྱུས་ཀྱི་ཆེ་བ་དངོམ་ཐུབ་ཡོད་ཅིང༌།དེང་གི་ཆར་ཡང་པོ་ཏི་ལེར་དང་ཅིན་སི་པོ་སོགས་ཀྱི་སྙན་ངག་གི་ཤུགས་རྐྱེན་ཁོ་ནས་མཚོན་དོན་རིང་ལུགས་དང་དེང་རབས་རིང་ལུགས་ཕྱི་མའི་རི་མོ་དང་གློག་བརྙན་སོགས་ལ་སྤྱད་གོ་ཆོད་པའི་ནུས་པ་བླ་ལྷག་གིས་འདོན་ཐུབ་ཡོད་པ་ལྟ་བུ་རེད། འཛམ་གླིང་དུ་སྐད་གྲགས་ཆོད་པའི་སྙན་ངག་གི་གྲུབ་མཐའ་བགྲངས་ལས་འདས་པ་ཞིག་བྱུང་མྱོང་ཡོད་ནའང༌། མི་རིགས་དང་རྒྱལ་ཁོངས་སྒལ་ནས་ཕན་ཚུན་ལ་ཤུགས་རྐྱེན་ཐེབས་པའི་གྲུབ་མཐའ་དེ་འདྲའི་མང་པོ་ཞིག་བྱུང་མྱོང་མེད་ལ།ལྷག་པར་དུ་དུས་རབས་གསར་བའི་རླབས་རྒྱུན་གྱི་སྟོབས་ཤུགས་ཁོ་ནས་ཡོངས་སུ་རྨེག་མེད་བཟོ་མ་ཐུབ་པའི་གྲུབ་མཐའ་ནི་ཤིན་ཏུ་ནས་ཉུང་བའི་ཚོད་རེད།སྤྱིར་ན་སྙན་ངག་གི་གྲུབ་མཐའ་གསར་བ་ཞིག་བྱུང་བ་དེས་མི་རིགས་དེའམ་རྒྱལ་ཁབ་གང་རུང་གི་རིག་གནས་ཀྱི་གནས་བབ་དེ་མཐོ་རླབས་གསར་བ་ཞིག་ཏུ་ཆགས་པའི་དགེ་མཚན་མངོན་གྱི་ཡོད་ནའང༌།གཡམ་རྒྱུག་དང་ལད་ཟློས།གཡོ་ཟོལ་བཅས་ཀྱིས་བསླངས་པའི་ན་གཞོན་དག་གི་དམིགས་འདུན་མེད་པའི་ཕྲག་དོག་གི་སེམས་དེས་གྲུབ་མཐའ་དེའང་ཧ་ཅང་གིས་དོན་སྙིང་མེད་པ་ཞིག་ཏུ་འཇོག་པ་ནི་དཔེར་ན་རྒྱ་ནག་ནང་ཁུལ་དུ་སྤྱི་ལོ་༡༩༨༧ལོ་ཁོ་ནར་སྙན་ངག་གི་གྲུབ་མཐའ་མི་འདྲ་བ་༦༠ལྷག་བྱུང་བ་ལྟ་བུ་རེད་ལ།དེ་དག་གིས་བསྐྱེད་པའི་མཇུག་འབྲས་ནི་ཕན་ཚུན་གང་ལའང་ཤུགས་རྐྱེན་སོགས་བརྗོད་དུ་མེད་པར་སྨྱུ་གུ་ཐེབས་ཚད་ཀྱིས་སྙན་ངག་བྲིས་ཆོག་ལ།སྙན་ངག་འབྲི་ཚད་ཀྱིས་གྲུབ་མཐའ་དགར་ཆོག་པའི་སྨྱོ་ཧམ་གྱི་གཤིས་ལུགས་ཤིག་མངོན་ནས་ཡོད་འདུགདེ་ལྟར་ནའང་རླབས་ཆེན་གྱི་རྩོམ་འབྲས་ལས་བཏོན་གནང་བའི་སྙན་ངག་གི་བརྩམས་ཆོས་མི་ཉུང་བ་ཞིག་གིས་མིའི་རིགས་ལ་ཤུགས་རྐྱེན་རབ་དང་རིམ་པ་ཞིག་འཇོག་གིན་ཡོད་པ་ནི་མིག་མཐོང་ལག་ཟིན་གྱི་ལས་ཀ་ཞིག་རེད་ལ།སྙན་ངག་པ་དེ་དག་གིས་གྲུབ་མཐའི་དབྱེ་མཚམས་གསལ་བོར་འབྱེད་པའི་ཕྱོགས་ལ་ནུས་པ་ཐོན་པའང་གཞན་དང་མི་མཚུངས་པ་ཞིག་སྟེ། ཕན་ལོན་དང་ཞེར་ལེ་གཉིས་མེད་པ་ཡིན་ན་འཆར་ཡན་རིང་ལུགས་གྲུབ་མཐའ འབྱུང་མི་སྲིད་པ་དང༌།པོ་ཏི་ལེར་དང་ཝེ་ཨར་ལེན་གཉིས་མེད་པ་ཡིན་ན་མཚོན་རྟགས་རིང་ལུགས་པའི་གྲུབ་མཐའརྒྱས་མི་སྲིད་པ་ལྟ་བུ་རེད་པས།སྙན་ངག་གི་ལས་ཀར་འཇུ་བའི་རྩོམ་པོ་ཞིག་ལ་མཚོན་ན་འཛམ་གླིང་དུ་ཤུགས་རྐྱེན་ཐེབས་མྱོང་བའི་སྙན་ངག་གི་གྲུབ་མཐའ་གལ་ཆེན་དག་གི་བྱུང་བ་དང་ངོ་སྤྲོད་རགས་བསྡུས་ཤིག་མ་ཤེས་པས་ཧ་ཅང་གིས་མི་འོས་པ་ཞིག་ཏུ་འདུག་ན།འདི་གར་ཆེད་དུ་རང་ཅག་བོད་ཡུལ་གྱི་སྙན་ངག་གསར་བའི་མདུན་ལྗོངས་དང་གོ་མཚུངས་ལ་ཆ་མཉམ་པའི་དགེ་མཚན་ཅན་གྱི་སྙན་ངག་གི་གྲུབ་མཐའ་འགའ་ཞིག་ངོ་སྤྲོད་བྱ་རྒྱུ་ཡིན་ནོ། །

                                                               དང་པོ།  ཧྥ་རན་སེའི་སྐར་མ་སྨེ་བདུན་ཚོགས་པ།  
                   སྙན་ངག་གི་གྲུབ་མཐའ་འདི་ཉིད་དུས་རབས་བཅུ་དྲུག་པའི་ནང་ཧྥ་རན་སེ་ནས་དར་རྒྱས་བྱུང་བའི་སྙན་ངག་གི་གྲུབ་མཐའ་ཞིག་སྟེ།སྤྱི་ལོ་༡༥༥༩ལོའི་རྗེས་སུ་  སྐར་མ་སྨེ་བདུན་ཚོགས་པ”  ཞེས་པའི་མིང་འདི་བྱུང་བར་གྲགས།སྙན་ངག་གྲུབ་མཐའ་འདིའི་ཚབ་མཚོན་མི་སྣ་པུས་ཨེར*དི*ས་ལོའི (༡༥༢༤___ ༡༥༨༥)    ཡིན་ཞིང༌།ཚོགས་པ་འདིས་གནའ་བོའི་ཀེ་རི་སིའམ་ལོ་མའི་གནའ་རྩོམ་ལ་ཞིབ་འཇུག་གཏིང་ཟབ་བྱས་པ་ནས་དེའི་ཁྲོད་ཀྱི་ཐོབ་ཆ་དེས་ཧྥ་རན་སེའི་སྙན་ངག་གི་གཞུང་རྐང་ལ་བསྒྱུར་བཅོས་གསར་འདོན་ཐུབ་པ་བྱས་ཡོད།གྲུབ་མཐའ་དེའི་བྱུང་ཚུལ་དང་ཁ་ཕྱོགས་གཙོ་བོ་སྐར་མ་སྨེ་བདུན་གྱི་ཚོགས་མི་ཏོའུ*པེ་ལེ་ཡིས་༡༥༤༩ལོར་སྤེལ་བའི་བསྒྲགས་གཏམ<<ཧྥ་རན་སེའི་སྐད་བརྡ་དར་སྤེལ་དང་སྲུང་སྐྱོང་བྱ་དགོས>>ཞེས་པ་ལས་མཚོན་བརྗོད་ཐུབ་ཡོད་ཅིང༌།དེ་ཉིད་ཧྥ་རན་སེའི་ལོ་རྒྱུས་སྟེང་གི་རྩོམ་རིག་གྲུབ་མཐའི་བསྒྲགས་གཏམ་ཐོག་མའང་རེད་འདུགབསྒྲགས་གཏམ་དུ་ཧྥ་རན་སེའི་སྐད་བརྡས་ཀྱང་ཀེ་རི་སི་དང་ལ་ཏིན་རྩོམ་རིག་གི་སྐད་བརྡ་ལྟར་བརྩམས་ཆོས་བླ་མེད་རྩོམ་འབྲི་གནང་ཆོག་ལ།ཀེ་རི་སི་དང་ལ་ཏིན་ཡི་གེའི་ལམ་ནས་འབྲི་རྩོམ་གནང་གིན་པའི་རྩོམ་པ་པོ་དག་གི་སྙན་ངག་འབྲི་ཐབས་ལ་ལད་འབྲི་བྱ་ཆོག་ནའང༌།གནའ་རྩོམ་དག་ཐད་ཀར་ཕབ་བསྒྱུར་བྱེད་མི་ཆོག་པའི་ལྟ་ཚུལ་བཏོན་ཡོད་པས།སྐར་མ་སྨེ་བདུན་སྙན་ངག་ཚོགས་པས་ཧྥ་རན་སེའི་རྩོམ་རིག་ཐད་ལ་བཏོན་པའི་ནུས་པ་གལ་ཆེན་དེ་མི་རིགས་སྐད་ཡིག་གཅིག་གྱུར་དང་མི་རིགས་རང་མཚན་པའི་སྙན་ངག་གི་འཕེལ་རྒྱས་ཐད་ལ་ནུས་པ་རྒྱ་ཆེན་པོ་འདོན་ཐུབ་ཡོད་པ་དེ་རེད།དུས་རབས་༡༦པའི་ཧྥ་རན་སེའི་རྩོམ་རིག་གི་གཞི་རྐང་དེ་རིག་རྩལ་བསྐྱར་དར་གྱི་བསམ་བློ” རྩོམ་རིག་གིས་མཚོན་པ་ཞིག་ཡིན་ཙ་ན།འབྱོར་ལྡན་གྲལ་རིམ་གྱི་ལམ་ལུགས་ཧྲིལ་བོས་བཀས་བཀོད་རྒྱུད་འཛིན་གྱི་ལམ་ལུགས་རྨང་ནས་རྫོགས་པ་བཞིན།མི་ཆོས་རིང་ལུགས་ཀྱི་བསམ་བློའི་ཁ་ཕྱོགས་དང་དམ་དུ་སྦྲེལ་ནས་ཆོས་ཚོགས་ལ་ངོ་རྒོལ་གྱི་བསམ་པ་དྲགས་པོ་བསྟན་པ་ཡིན་ཕྱིས།སྐར་མ་སྨེ་བདུན་སྙན་ངག་ཚོགས་པས་དུས་རབས་དེས་གྲལ་རིམ་འགྱུར་བཅོས་ཀྱི་སྤྱི་ཚོགས་སྣང་ཚུལ་ལ་ནུས་བ་ཐོན་པ་ནས་ཧྥ་རན་སེའི་རྩོམ་རིག་ལས་འགུལ་གོམ་གང་མདུན་སྤོས་ཀྱིས་འཕེལ་རྒྱས་ཀྱི་ལམ་བུར་སྙེགས་སུ་འཇུག་ཐུབ་པ་བྱས་ཡོད་དོ། །
               ཚབ་མཚོན་མི་སྣ། 
       པུས་ཨེར*དི*ས་ལོན།    ཀྲའོ་ཨ་ཅིན*ཏུའུ*པེ་ལེ།   ལེ་མུའུ*པེ་ལའོ།  ཨན་ཏུང་ན*རྡི*པཱ་ཡི་ཧྥུ། ཕིན་ཏུའུ་ཧྲི*རྡི*ཏུས་ཡ་ཨར།  ཨན་ཏིས་འིན*རའོ་རྡར།  རའོ་ཨོང*ཏའོ་ལཱ་བཅས་མི་བདུན་ཡོད། 
                                          གཉིས་པ།  འཆར་ཡན་རིང་ལུགས། 
                  འཆར་ཡན་རིང་ལུགས་ཀྱི་སྙན་ངག་གི་གྲུབ་མཐའ་དེ་དུས་རབས་༡༨པའི་མཇུག་དང་༡༩བའི་མགོ་ཙམ་ལ་ཨོ་གླིང་གི་རྒྱལ་ཁབ་དག་ཏུ་དར་རྒྱས་བྱུང་བའི་སྙན་ངག་གི་གྲུབ་མཐའ་ཞིག་ཡིན་ཞིང༌།  འཆར་ཡན་རིང་ལུགས”  ཞེས་པའི་མིང་ཚིག་འདི་དུས་རབས་བར་མའི་སྐབས་ཀྱི་སྟོང་བསམ་གྱིས་ཕྱུག་ཅིང་ངོ་མཚར་གཏམ་རྒྱུད་ཀྱིས་སྤུད་པའི་མཛེས་དཔྱོད་ཀྱི་སྙན་སྒྲ་དེ་ལས་མཆེད་འཕོས་བྱུང་བ་ཞིག་རེད་ལ།ཆེས་ཐོག་མར་མིང་འདོགས་མཛད་པའི་སྙན་ངག་པ་ནི་ཞེར་ལེ་ཡིན་ཞིང༌།ཁོས་ནི་དངོས་ཡོད་དེ་ཕུགས་བསམ་གྱི་བབ་ཏུ་འདེད་མཁན་ནམ།ཡང་ན་ཕུགས་བསམ་གྱི་མངོན་ཚུལ་འཆར་ཡན་རིང་ལུགས”  ཞེས་བརྗོད་འདུགའཆར་ཡན་རིང་ལུགས་ཀྱི་རྩོམ་རིག་ལས་འགུལ་ནི་ཧྥ་རན་སེའི་གསར་བརྗེ་ཆེན་མོ་དང༌།ཨོ་གླིང་གི་དམངས་གཙོའི་ལས་འགུལ་དང་མི་རིགས་བཅིངས་གྲོལ་ལས་འགུལ་སོགས་རླབས་རྩེར་སྙེགས་པའི་ཐོན་འབྲས་ཡིན་པ་དང༌།གྲུབ་མཐའ་འདི་བས་འབྱོར་ལྡན་གྲལ་རིམ་ཡར་འཕགས་གནས་ཀྱི་མི་གཤིས་བཅིངས་གྲོལ་གྱི་རེ་བ་དེ་མངོན་མཚོན་ཐུབ་པ་ནས།ཆབ་སྲིད་ཀྱི་ཐད་ལ་ཆོས་སྲིད་ཟུང་འབྲེལ་བྱེད་པའི་སྒེར་གཅོད་ཀྱི་ལམ་ལུགས་རྙིང་བ་དེར་དགག་པ་ཚ་ནན་བཏང་ཡོད་པ་དང༌།སྒྱུ་རྩལ་གྱི་སྟེང་ནས་ཨོ་གླིང་གི་གནའ་གཞུང་རིང་ལུགས་གསར་མའི་ལུགས་ལ་མཐའ་གཅིག་ཏུ་ཁ་གཏད་གཅོག་པའི་ལོ་རྒྱུས་ཀྱི་བདེན་པ་དེ་དངོམ་ཐུབ་ཡོད་པ་ཞིག་རེད་འདུགསྤྱིའི་ཆ་ནས་འཆར་ཡན་རིང་ལུགས་ལ་ལྡན་དངོས་ཀྱི་ཆ་རྐྱེན་དག་ནི།སྒྱུ་རྩལ་ནི་དངོས་ཡོད་ཀྱི་འདྲ་བཤུས་མ་ཡིན་པར་ཕུགས་བསམ་དྭངས་མའི་འཚོལ་སྙེགས་ཀྱི་བདེན་པ་དེ་ཡིན་ཞིང༌།རང་བྱུང་ཁམས་ཀྱི་བདེ་བའི་སྣང་བ་དྲོན་མོ་དེ་སུ་དང་གང་གིས་ཀྱང་ཚབ་བྱེད་མི་ཐུབ་པས་ན་སྐད་ཆེན་པོས་གླུ་དབྱངས་ལེན་པར་རིག་ཅིང་འགྱུར་བཟོའི་དོད་ཀྱི་གྲོང་ཁྱེར་ཆེན་མོའི་སྐན་སྒྲ་གཟན་པོ་དག་ལ་ཞེ་སྡང་གི་སྡུག་སྨྲེ་འདོན་དགོས་པ།སྒྱུ་རྩལ་གྱི་ཁམས་སུ་གནས་བཅོས་པའི་གསང་བ་གང་ཞིག་སྔོགས་འདོན་བྱ་ཕྱིར།སྙན་ངག་པས་འུད་ཤོབ་ཆེན་པོ་དང༌།ཡག་ཙོག་གི་རྣོ་ངར་ཅན་གྱི་བསྡུར་བ་ཁོ་ནས་གནའ་གཞུང་ལུགས་ཅན་གྱི་འཆམ་སྦྱོར་དང་འཐུས་འཚང་གི་མཛེས་རྟོག་ཕུགས་བསམ་ཅན་གྱི་རིགས་ལ་ཁ་གཏད་གཅོག་དགོས་པའི་རེ་བ་འཆང་ཡོད།
      གཞན་ཡང་གྲུབ་མཐའ་འདི་བའི་སྙན་ངག་པ་དག་གིས་ཕལ་སྐད་ཀྱི་ཤུགས་ཆེ་བའི་དུས་རབས་བར་མའི་དམངས་ཁྲོད་རྩོམ་རིག་ལ་རྒྱབ་བརྟན་འཆིང་ཡོད་པས་ན།རྟུལ་ཕོད་ཀྱི་བསམ་ཡན་དང་རྒྱུན་ལྡན་མ་ཡིན་པའི་ཡིད་བརྙན་སློང་སྟངས།འུད་བརྗོད་ཆེ་བའི་མི་སྣའི་བཟོ་ཉམས་དང་ལྷ་སྒྲུང་གི་ཁྱད་གཤིས་བརྩེགས་མ།རང་དབང་དང་ཁོད་སྙོམས།རོལ་དབྱངས་ཀྱི་ཉམས་འགྱུར་གསལ་བའི་ངང་གཤིས་སོགས་ཀྱི་ཁྱད་ཆོས་ལ་གཞི་བཅོལ་བ་ནས་འཆར་ཡན་རིང་ལུགས་དེ་རྩོམ་ཚུལ་ཐུན་མོང་མ་ཡིན་པ་ཞིག་ཏུ་བསྟན་པས་ན།ཕྱིས་དུས་ཀྱི་གསར་རྩོམ་བྱ་བའི་ཁ་ཕྱོགས་ཆེན་པོ་གཉིས་ཏེ་འཆར་ཡན་རིང་ལུགས་དང་དངོས་ཡོད་རིང་ལུགས་ཞེས་པའི་ཅིག་ཤོས་ཀྱི་རྨང་འདིང་བར་ཁྱད་པར་ཅན་གྱི་ལག་རྗེས་བཞག་ཡོད་དོ།། གྲུབ་མཐའ་འདིའི་ག་བྱུང་འདི་བྱུང་མེད་པའི་སེམས་ཁམས་ཀྱི་འགྱུར་བ་དང་མི་འབྲི་དགུ་འབྲི་བྱེད་པའི་སྙན་ངག་གི་རོལ་རྩེད་ཉི་ཚེ་བ་དེ་ད་ལྟའི་རང་རེའི་ཁ་བ་ཅན་གྱི་སྙན་ངག་གསར་བའི་གོ་ཐོབ་དང་ཤིན་ཏུ་ནས་འདྲ་ས་འདུག་ནའང༌།མི་འདྲ་ས་ཉག་གཅིག་ཡོད་པ་ནི་འཆར་ཡན་རིང་ལུགས་ཀྱི་སྙན་ངག་རྩོམ་པོ་དག་གིས་དུས་རབས་བར་མའི་གནའ་གཞུང་གསར་མའི་ལུགས་ཀྱི་སྙན་ངག་གི་གྲུབ་མཐའ་ལ་མཐའ་གཅིག་ཏུ་དགག་པ་ཚ་ནན་བཏང་བ་དེ་རང་ཅག་གི་སྙན་ངག་གསར་མ་འབྲི་བ་བོ་དག་གིས་<<མེ་ལོང་མར>>ཁ་ཡང་སྤྱོད་ཡང་གིས་ངན་དམོད་བྱེད་པ་དེ་དང་འདྲ་ས་མི་འདུག་པ་དེ་རེད་དོ། ། 
 ཚབ་མཚོན་མི་སྣ།  
   ཝེར་ལེམ*པེར་ཁི།(དབྱིན་ཇི)   ཆའོ་ཀྲི*ཀི་རྡོན*ཕན་ལོན།(དབྱིན་ཇི)   ཕོ་ཞིག*པུས་ཞེ*ཞེར་ལེ།(དབྱིན་ཇི)   ཨེ་ལག་ཟན་རྡར*ཞེར་ཀེར་ཝེ་ཆིའུ*ཕུའུ་ཞི་ཅིན། (ཨུ་གོ)   ཡེ་སུ་ཧྥེ*ཧྥན*ཨེ་ཞིན་རྡོ་ཧྥི།(འཇར་མན)   ཝེ་ཁུ་ཐེར*ཨུ་གོ(ཧྥ་རན་སེ)   ཝེར་ལེམ*ཁི་ལུན*པེར་ཨིན་ཐུ།(ཨ་རི)སོགས་ཨོ་གླིང་གི་རྒྱལ་ཁབ་ཕལ་ཆེ་བ་དང་ཨ་རི་དང་འཇར་པན་སོགས་སུ་ཁྱབ་ཡོད་དོ།།
                                            གསུམ་པ།  མཛེས་གཙོ་རིང་ལུགས། 
      མཛེས་གཙོ་རིང་ལུགས་དེ་དུས་རབས་༡༩བའི་དུས་མཇུག་ཏུ་དབྱིན་ཇི་ནས་དར་ཤེད་བྱུང་བའི་རིག་གནས་སྒྱུ་རྩལ་གྱི་བསམ་པའི་རླབས་རྒྱུན་ཆེན་མོ་ཞིག་སྟེ།རྩ་འཛུགས་ལྷོད་ཡངས་ཆེ་ཞིང༌།སྒྱུ་རྩལ་གྱི་ཐབས་རྩལ་དང་རྣམ་པའི་མཛེས་པར་དང་དོད་ཆེན་པོས་འཚོ་བ་ལས་འགོངས་པའི་མཐར་ཐུག་གི་མཛེས་པ་དེར་སྙེགས་པ་ཡིན་གཤིས།སྒྱུ་རྩལ་གྱི་ཆེད་དུ་སྒྱུ་རྩལ་དར་སྤེལ་གྱིས་སྒྱུ་རྩལ་ནང་དོན་གྱི་ཀུན་སྤྱོད་ཚད་ཐིག་ཁས་མི་ལེན་ཞིང་རིག་རྩལ་གྱི་སྤྱི་ཚོགས་སློབ་གསོའི་ནུས་པར་ངོ་རྒོལ་ཡང་བྱེད་ཀྱིན་ཡོད་པ་རེད།མཛེས་གཙོ་རིང་ལུགས་དར་རྒྱས་བྱུང་བ་དེས་མ་རྩ་རིང་ལུགས་བཟོ་བའི་སྤྱི་ཚོགས་ཀྱི་ཁེ་ཕན་མཚན་ཉིད་རིག་པ་བྱུང་དུ་བཅུག་པས་ན།རྒྱུན་པར་མི་རྣམས་ཀྱིས་མཚོན་རྟགས་རིང་ལུགས་སོགས་ཕྱིས་དུས་ཀྱི་སྙན་ངག་གྲུབ་མཐའ་མང་བོ་ཞིག་མཛེས་གཙོ་རིང་ལུགས་ཀྱི་རིགས་རྒྱུད་ལྟ་བུར་ཁུངས་འདེད་བྱེད་ཀྱིན་ཡོད།མཛེས་གཙོ་རིང་ལུགས་ཐོག་དང་བོ་དར་སྤེལ་གཏོང་མཁན་ནི་ཧྥ་རན་སིའི་སྙན་ངག་པ་ཀོ་ཏེ་ཨེ་ཡིན།༡༨༣༥ལོར།ཀོ་ཏེ་ཨེ་ཡིས་འགྲེམས་སྤེལ་བྱས་པའི་སྒྲུང་གཏམ<<སྲས་མོ་མོ་པན>>གྱི་གླེང་བརྗོད་ཁྲོད་དུ་སྒྱུ་རྩལ་གྱི་ཆེད་དུ་སྒྱུ་རྩལ་ཞེས་པའི་གཞུང་ལུགས་བཏོན་དེ།  བེད་སྤྱོད་བྱ་ཐབས་མེད་པའི་དངོས་པོ་ཁོ་ན་ད་གཟོད་མཛེས་པ་ངོ་མ་ཡིན་ཞིང༌།སྤྱོད་རྒྱུན་ཏུ་ལོབས་པའི་དངོས་པོ་ཚང་མ་ནི་སྐྱུག་བྲོ་བ་ཤ་སྟག་སྟེ།སྒྱུ་རྩལ་པས་ཁེ་ཕན་རིང་ལུགས་ཀྱི་དམིགས་ཡུལ་ཅི་ཡང་བཅངས་མི་རུང་ལ་ཀུན་སྤྱོད་ཚད་གཞིའི་འཆིང་སྡོམ་དུ་ཡང་ཚུད་མི་རིགཞེས་མཛེས་གཙོ་རིང་ལུགས་པ་དག་གི་ནང་སྙིང་ལྟ་བུའི་ལྟ་བ་དེའི་སྐར་ཁུང་ཆེན་པོར་ཕྱེས་ཐུབ་ཡོད།ཀོ་ཏེ་ཨེའི་སྙན་དེབ<<གཡུ་རྩི་དང་གཡང་ཏྲི་བརྐོས་མ>>ཞེས་པ་དེ་ནི་སྒྱུ་རྩལ་གྱི་ཆེད་དུ་སྒྱུ་རྩལ་བྱེད་པའི་མཛེས་དཔྱོད་ལྟ་བའི་བྱེ་བྲག་གི་ལག་ལེན་ལྟ་བུ་ཞིག་ཡིན།ཀོ་ཏེ་ཨེ་ཡིས་དུས་རབས་༡༨པའི་འཇར་མན་གྱི་མཚན་ཉིད་རིག་པ་བ་ཁང་ཏིའི  རང་དབང་གི་མཛེས་པའི་བསམ་བློའི་ནང་སྙིང་འདོན་སྤེལ་གང་ལེགས་སྒོས་མཛེས་དཔྱོད་ཀྱི་ཚད་གཞིར་ཀུན་སྤྱོད་དང་ཁེ་ཕན༌།དེ་བཞིན་དགའ་སྣང་གི་ལྟ་བ་བཅས་ཀྱི་ཤུགས་རྐྱེན་ཐེབས་མི་རུང”  ཞེས་པའི་མཛེས་རིག་གི་རིག་གཞུང་རྨང་གཞི་བྱས་ཐོགསྒྱུ་རྩལ་གྱི་ཡུན་གཏན་རང་བཞིན་གལ་ཆེར་བཟུང་བ་ནས།སྒྱུ་རྩལ་མ་གཞི་ནས་དམིགས་ཡུལ་ཞིག་ཡིན་པས་ན།སྒྱུ་རྩལ་མ་འདུས་པའི་ཕྱི་རོལ་གྱི་ལྟ་བ་གང་ཡིན་རུང་སྒྱུ་རྩལ་ལ་གནོད་པ་ཡོད་ཅིང༌།སྒྱུ་རྩལ་པ་དག་ལ་ཁེ་ཕན་རིང་ལུགས་ཀྱི་དམིགས་ཡུལ་ཡོད་མི་ཆོག་ལ།སྤྱི་ཚོགས་དང་ཀུན་སྤྱོད་ཀྱི་ཚད་གཞིའི་ཆིང་སྡོམ་དུ་ཡང་ཚུད་མི་འོས་པར།མཛེས་པ་ཁོ་ན་དར་སྤེལ་སྒོས།སྤྱི་མཚན་གྱི་སྒྱུ་རྩལ་ཕན་འབྲས་ཤིག་ལ་འཚོལ་སྙེགས་བྱེད་ཀྱིན་ཡོད་པ་རེད།མཛེས་གཙོ་རིང་ལུགས་དེ་ཐད་ཀར་རྣམ་པའི་རིང་ལུགས་ཁོ་ནར་ཞེ་ཤོར་བས་ན་རྩོམ་རིག་སྒྱུ་རྩལ་གྱི་ཁེ་ཕན་རང་བཞིན་དང་སྤྱི་ཚོགས་ལ་བཏོན་པའི་ནུས་པ་སོགས་རྣམ་གཅོད་རྩིས་མེད་དུ་བཏང་བས་མཐར་མཐུག་གི་བགྲོད་ལམ་དེ་བག་མེད་རྒྱས་སྤྲོས་ཅན་དང་རང་ཚོད་མི་ཟིན་པའི་ལམ་ལུགས་ཅན་ཁོ་ནའི་ལམ་ཁར་ཞུགས་ཚར་ཡོད་ནའང༌།རིང་ལུགས་འདིས་མཛེས་པའི་གཞི་རྒྱ་ཇེ་ཆེར་བཏང་སྟེ་སྒྱུ་རྩལ་མཚོན་ཚུལ་གྱི་ཁྱབ་ངོས་རང་བཞིན་དང་ནུས་པ་སོགས་བླ་ལྷག་གིས་སྔོགས་འདོན་བྱེད་ཐུབ་ཡོད་པས། ཕྱིས་དུས་ཀྱི་རྩོམ་རིག་སྒྱུ་རྩལ་དང་ལྷག་ཏུ་དུས་རབས་༢༠བའི་བཟོ་རྩལ་གྱི་ཕྱོགས་ལ་ནུས་པ་རྒྱ་ཆེར་འདོན་ཐུབ་ཡོད་དོ། །རང་རེའི་སྲོལ་རྒྱུན་སྙན་ངག་གི་ཉམས་འདོན་ཚུལ་ཏེ་མཛེས་པ་ཁོ་ནར་སེམས་ཤོར་བའི་སྙན་གཞུང་གི་དཔེ་བརྗོད་ཁ་ཤས་ཤིག་ལའང་མཛེས་གཙོ་སྨྲ་བའི་རྟགས་མཚན་མངོན་གསལ་དོད་པོར་ཐོན་ཡོད་པས་ན།གོ་བ་ལེན་ཚུལ་གྱི་ཚོར་ཤེས་དེ་བརྗེ་སྤོར་བྱས་དང་ཆོག་སྙམ
གྲུབ་མཐའ་འདི་མཇུག་རྫོགས་པའི་དུས་ཚིགས་དེ་ཕལ་ཆེ་བ་ཞིག་གིས་རྐང་འཛིན་ཚོགས་མི་ཨོ་སི་ཁ*ཝང་ཨེར་རྡི་མཚན་མཐུན་དགའ་རོགས་སྒྲིག་པའི་ཉེས་མིང་གིས་བཙོན་ལ་བཙུད་པའི་དུས་སྐབས་དེར་ངོས་འཛིན་གྱིན་ཡོད་དོ། །
 ཚབ་མཚོན་མི་སྣ། 
ཐེར་ཧྥེ་ཨར*ཀོ་ཏེ་ཨེ།(ཧྥ་རན་སི)ཨ་ཧྥན་ན་ཞི*ཨ་ཧྥན་ན་ཞི་ཡེ་ཝེ་ཆེ*ཧྥི་ཐེ།(ཨུ་གོ)
ཨོ་སི་ཁ*ཝང་ཨེར་རྡི། (དབྱིན་ཇི)  ཝེར་ཧྥུན*ཧེ་རྡོན་ཟེན།(སུའེ་ཙེར)
                                        བཞི་བ།   མཚོན་རྟགས་རིང་ལུགས། 
     མཚོན་རྟགས་རིང་ལུགས་སྙན་ངག་གི་གྲུབ་མཐའ་ནི་ལོ་ངོ་བརྒྱ་དང་ལྔ་བཅུ་ལྷག་གི་ཡུན་ལ་ནུབ་ཕྱོགས་དེང་རབས་སྨྲ་བའི་རྩོམ་རིག་ཁྲོད་ཐོན་ཆེས་སྔ་ཞིང༌།ཤུགས་རྐྱེན་ཆེས་ཆེར་ལྡན་པ།ཁྱབ་ངོས་ཆེས་ཆེ་བའི་གྲུབ་མཐའ་ཞིག་ཡིན་ལ།༡༨༧༥ལོའི་གཡས་གཡོན་དུ་ཧྥ་རན་སེ་ནས་དར་ཁྱབ་བྱུང་བའི་སྙན་ངག་གི་ལས་འགུལ་ཆེན་པོ་ཞིག་ཀྱང་ཡིན།༡༨༨༦ལོའི་ཟླ་༩བའི་ཚེས་༡༥ཉིན་ཧྥ་རན་སེར་གཏན་སྡོད་བྱེད་པའི་ཀེ་རི་སིའི་ན་གཞོན་སྙན་ངག་པ་རེང་མོ་ལེ་ཡ་སིས་ རྩོམ་རིག་བསྒྲགས་གཏམ”  སྤེལ་ཏེ་མཚོན་རྟགས་ཀྱི་འབྲི་ཐབས་ཁོ་ནས་སྙན་ངག་གསར་རྩོམ་གནང་གིན་པའི་དེང་རབས་སྨྲ་བའི་སྙན་ངག་པ་དག་ལ་ མཚོན་རྟགས་རིང་ལུགས་པཞེས་བཏགས་པ་ནས་བཟུང༌།ཧྥ་རན་སེའི་རྩོམ་འབྱུང་ལོ་རྒྱུས་སྟེང་མཚོན་རྟགས་རིང་ལུགས་ཀྱི་སྙན་ངག་གྲུབ་མཐའ་དེ་དངོས་སུ་ཐོན་པ་དང༌།དུས་རབས་༡༩བའི་མཇུག་ཏུ་གྲུབ་མཐའ་འདི་འཕེལ་རྒྱས་ཀྱི་རླབས་རྩེར་སྙེགས་ཐུབ་ཡོད་པ་རེད། མཚོན་རྟགས་རིང་ལུགས་ཀྱི་མིང་དེ་  མཚོན་རྟགས”  (symbol) ཞེས་པའི་མིང་ཚིག་འདི་ལས་ཐོན་ཞིང་ཀེ་རེ་སིའི་ཡི་གེར་དེའི་ཐོག་མའི་གོ་དོན་ནི དངོས་དཔང”  དང་དོན་གཅིག་སྟེ།ཕན་ཚུན་ཕྱོགས་གཉིས་ཀྱིས་དུམ་བུ་གཉིས་སུ་བགོས་པའི་དངོས་པོ་ཞིག་ལས་ཐུན་མོང་མ་ཡིན་པའི་མཛའ་བརྩེ་མཚོན་པར་བྱེད་པ་ཞིག་སྟེ་སྙན་ངག་གི་ཁྲོད་དུ་བྱ་དངོས་ཀྱི་ངོ་བོར་ཁྱབ་པས་དཔེ་འཇོག་པ་དེ་ཙམ་ཞིག་ལ་གོ་གི་ཡོད། 
       མཚོན་རྟགས་རིང་ལུགས་ཀྱི་སྙན་ངག་པས་སྒྱུ་རྩལ་ནི་དངོས་ཡོད་ཀྱི་ལད་མོ་གཏན་ནས་མ་ཡིན་པར་དངོས་ཡོད་ཀྱི་ཡང་བསྐྱར་གསར་རྩོམ་ཞིག་ལ་གོ་བ་ལེན་གྱིན་ཡོད་པས།ནང་སེམས་ཀྱི་འཇིག་རྟེན་འབྲི་འགོད་བྱ་རྒྱུར་ལྷག་ཏུ་དགའ་བོ་བྱེད་ཅིང་ཐད་ཀར་དངོས་ཡོད་ཀྱི་མིག་དབང་སྤྱད་དེ་སྙན་ངག་གསར་རྩོམ་བྱེད་པ་ནི་མ་རུང་བའི་ལས་ཤིག་ཏུ་བལྟ་ཡི་ཡོད།ཁོ་བ་ཚོས་  འདྲེས་ཚོར”  གྱི་མྱོང་བ་བརྒྱག་ཚུལ་གསར་བཏོད་བྱས་ཐོག  དྲི་དང་ཁ་དོག  སྒྲ་རྣམས་ཕན་ཚུན་བརྗེ་སྤོར་གྱིས་ཁ་དོག་ལ་སྒྲ་ཡོད་པ་དང༌།དབྱངས་ཁ་དོག་ལ་སྦྱོར་བ་སོགས་ཐ་སྙད་ལ་མངའ་བའི་སྒྲ་དང་ཁ་དོག་གི་ཁྱད་ནུས་སྤྱད་དེ་མིའི་ཚོར་ཤེས་ལ་ཤུགས་བསྟན་གྱིས་མིས་བློ་ཁམས་ཆེ་གེ་མོ་ཞིག་ལ་འབྲེལ་དྲན་ཡོང་བ་བྱས་ཏེ་སྙན་ངག་གི་མཐར་ཐུགས་ཤིག་ལ་བསྙེག་པ་དེས་ཀློག་པ་པོ་དག་ལ་རྟོགས་པ་འདྲ་ལ་མ་རྟོགས་པ་ཡང་འདྲ་བའི་སྣང་བ་ཟ་ཟི་ཡི་ངང་དུ་གནས་ལུགས་ཤིག་རྙེད་བཟོ་ཡོད་པ་བྱ་རྒྱུ་དང༌།ཀློག་པ་པོར་སྙན་ཚིག་ནི་གོ་དོན་ཟབ་ལ་རྟོགས་དཀའ་བའི་ངོ་མཚར་གྱི་གནད་རྫོགས་མཐའ་མེད་པ་ཞིག་ཡིན་པ་ཤེས་སུ་བཅུག་ཡོད།    

         མཚོན་རྟགས་རིང་ལུགས་ལའང་སྔ་དར་མཚོན་རྟགས་རིང་ལུགས་དང་ཕྱི་དར་མཚོན་རྟགས་རིང་ལུགས་སོགས་ཀྱི་དབྱེ་བ་ཕྱེ་ཡོད་དེ།༡༨༥༧ལོར་པར་སྐྲུན་འགྲེམས་སྤེལ་བྱས་པའི་ཧྥ་རན་སེའི་སྙན་ངག་པ་ཆེན་མོ་ཞར་པོ་ཏེ་ལེར་ལགས་ཀྱི་ལོ་རྒྱུས་ཀྱི་དབྱེ་མཚམས་འབྱེད་བྱེད་ལྟ་བུའི་སྙན་དེབ <<སྡིག་པའི་མེ་ཏོག>>ཐོན་པ་དེས་སྔ་དར་མཚོན་རྟགས་རིང་ལུགས་ཀྱི་གོམ་འགྲོས་ཐོག་མ་མཚོན་ཡོད་ལ།རྐང་འཛིན་སྙན་ངག་པ་གསུམ་གྱི་མཚན་སྙན་འཐོབ་མཁན་ཝེར་ལུན་གྱི་  ཤུགས་བསྟན་གོ་དོན་གྱིས་ཕྱུག་པའི་རོལ་དབྱངས་རང་བཞིན་གྱི་ཁྱད་ཆོས་ཀྱིས་ཟིན་པའི་སྙན་ངག་གི་ཉམས་སྤྱོད་དང༌།མ་ལ་མེའི་སྐད་ཡིག་གི་རྫུ་འཕྲུལ་ལ་བརྟེན་ནས་འཐོབ་པའི་རྨི་ལམ་ཁྲོད་ཀྱི་བདེ་སྐྱིད་དང་སྒྲིབ་འགེབས་ཀྱི་མགོ་འཁོར་ཕོ་བྲང་ལས་རྙེད་པའི་སྙན་ངག་གི་དོན་དངོས་རང་བཞིན།ལན་པོས་ལོ་རྒྱུས་ཀྱི་འགྲོས་རིམ་ཁྲོད་བྱུང་བའི་སྔོན་གྱི་སྙན་ཚིག་མཐའ་དག་ལ་རྣམ་གཅོད་རྩིས་མེད་སྒོས་ཕྱོགས་གང་ཡིན་ས་ནས་གོ་བ་བླངས་ཆོག་པའི་སྙན་ངག་གི་སྐད་བརྡ་གསར་དུ་བཏོད་པ་དག་ལ་རྐྱེན་བྱས་ཀྱིས་སྔ་དར་མཚོན་རྟགས་རིང་ལུགས་དེ་དུས་རབས་༡༩བའི་མཇུག་ཙམ་ལ་འགོག་ཐབས་བྲལ་བའི་རླབས་རྒྱུན་གྱི་རྩེ་མོར་གནས་ཐུབ་ཡོད་མོད།མིའི་ཀླད་དབང་གིས་ཐེག་མ་ནུས་པའི་ཤེས་རབ་ཀྱི་ཐོན་འབྲས་ཕོན་ཆེ་བ་དེ་དག་དུས་སྐབས་དེ་ཙམ་ལ་སྐྱེས་བུ་ཆེན་པོ་དེ་གསུམ་གས་འགན་ལེན་བྱས་ཚར་བས་ན།  ཁོ་ཚོ་རེ་རེ་བཞིན་ལན་པོ་༡༨༩༡ལོ་དང༌། ཝེར་ལུན་༡༨༩༦ལོ།མ་ལ་མེ་༡༨༩༨ལོར་སྐུ་གཤེགས་པ་དེས་སྔ་དར་མཚོན་རྟགས་རིང་ལུགས་དེ་རེ་ཞིག་ལ་ཐོར་ཞིག་ཏུ་སོང་ནའང༌།དུས་དེ་ག་ནས་མཚོན་རྟགས་རིང་ལུགས་དེ་ཧྥ་རན་སེའི་རྒྱལ་མཚམས་བརྒལ་ནས་ཡོ་རོབ་ནུབ་མ་དང༌།ཨ་མེ་རི་ཁ་བྱང་མ་སོགས་སུ་རྒྱ་བསྐྱེད་དེ་དུས་རབས་ཉི་ཤུ་བའི་ལོ་རབས་ཉི་ཤུ་པར་ཡང་བསྐྱར་ཕྱི་དར་མཚོན་རྟགས་རིང་ལུགས་དར་འཕེལ་བྱུང་ཞིང༌།དུས་སྐབས་དེའི་རིང་གི་རྒྱལ་སྤྱིའི་དེང་རབས་སྨྲ་བའི་རྩོམ་རིག་སྒྱུ་རྩལ་གྱི་ལས་འགུལ་ཞིག་ཏུ་གྱུར་བ་ནས།སླར་ཡང་ཧྥ་རན་སེའི་ཝ་ལི་ལེ་དང་ཨེར་ལན་གྱི་ཡེ་ཀྲི།ཨོ་སི་ཁྲི་ལི་ཡ་ཡི་ལིས་ཨར་ཁི།དབྱིན་ཇིའི་ཨེའེ་ལུའུ་ཐི་སོགས་དུས་རབས་ཉི་ཤུ་བའི་སྙན་ངག་པའི་དོག་ལྟ་བུའི་སྐྱེས་ཆེན་དག་བྱུང་ཞིང༌།<<མཚོ་འགྲམ་གྱི་དུར་ས>>དང་<<མྱ་ངམ་ཐང>>སོགས་སྙན་ངག་རིང་མོ་མང་བོ་ཞིག་བརྩམས་གྲུབ་བྱུང་བར་དུས་ད་ལྟའང་ཞིབ་འཇུག་གི་ལས་ཀ་མཇུག་མ་རྫོགས་པར་རྒྱལ་སྤྱིའི་རྩོམ་སྟེགས་རྣམས་སུ་རྒྱུན་ཏུ་མཐོང་རྒྱུ་ཡོད་པ་འདིས་མཚོན་རྟགས་རིང་ལུགས་ཀྱི་ཤན་ཤུགས་དེ་ད་དུང་ཡང་ས་ཡི་གོ་ལ་ཆེན་པོ་འདིའི་སྒལ་སྟེང་ན་མིའི་རིགས་ཀྱི་བསམ་པའི་རྒྱགས་བྱེ་རུ་གྱུར་ཡོད་པ་མཚོན་ཡོད་དོ། །
 ཚབ་མཚོན་མི་སྣ།
 ཞར*པོ་ཏེ་ལེར། (ཧྥ་རན་སེ)  བྷོར*ཝེར་ལིན། (ཧྥ་རན་སེ)  ཨར་ཐོའུ*ལན་པོ། (ཧྥ་རན་སེ)   སི་ཐི་ཧྥན*མ་ལ་མེ། (ཧྥ་རན་སེ)   བྷོར*ཝ་ལེ་ལིས། (ཧྥ་རན་སེ) ཝེར་ལེམ*པོ་ཐེ་ལེ*ཡེ་ཀྲི། (ཨེར་ཨར་ལན)   ལེ་ན*མ་ལིས་ཡ་*ལིས་ཨར་ཁི། (ཨོ་སི་ཁྲི་ཡི་ཡ)  ཐའོ་མ་སི*སི་ཏིན་སི*ཨེའེ་ལུའུ་ཐི།  (དབྱིན་ཇི)  ཞེའེ་ཨེར་གེ*ཨེ་ལག་ཟན་རྡར་ལོ་ཝེ་ཆི*ཡེ་སེ་ཉིན། (ཨུ་རུ་སི)
                              ལྔ་བ། རྩ་བརླག་གི་མི་རབས་གཅིག༼ཡང་ན་རྒུད་པའི་མི་རབས་གཅིག༽
            འཛམ་གླིང་འཁྲུག་ཆེན་གཉིས་པ་མཇུག་རྫོགས་རྗེས་ཀྱི་དུས་རབས་༢༠བའི་ལོ་རབས་༥༠བའི་སྐབས་སུ་ཨ་རིའི་སྤྱི་ཚོགས་ཧྲིལ་བོ་ཡ་ཡོམ་ཟིང་ཆ་ཆེ་ཞིང་ཞོད་འཇགས་མེད་པ་ཞིག་དུ་ཆགས་ཤིང༌། འབྱོར་ཆུང་གྲལ་རིམ་གྱི་གཞོན་ནུ་ཤེས་ཡོན་ཅན་དག་གི་བསམ་བློ་སྡུག་བསྔལ་གྱིས་འཐིབས་ནས་ཅི་བྱ་གཏོལ་མེད་དུ་གྱུར་ཏེ་འཚོ་བར་འགན་སྲུང་མི་ཐུབ་པ་ཞིག་ཏུ་གྱུར་སྟབས།མི་མང་པོ་ཞིག་གིས་བྱ་བ་དང་སློབ་གཞི་སོགས་ཡལ་བར་དོར་ནས་རིམ་པ་དམའ་གྲས་ཀྱི་སྤྱི་ཚོགས་འཚོ་བར་ཟབ་ཞུགས་སྒོས་སྲོལ་རྒྱུན་རྙིང་བའི་རིག་གནས་ཀྱི་སྒོ་རྒྱག་ལྟ་ཚུལ་ལ་མཐའ་གཅིག་ཏུ་དགག་རྒྱག་བྱས་ཏེ།ཉལ་ཐ་འབོར་ཆེན་འཐེན་པ་དང་ཕོ་མོའི་འབྲེལ་བར་ཚད་བཀག་མེད་པར་སུ་དགོས་གང་མཁོ་ཡི་འདོད་དོན་ལོངས་སུ་སྤྱད་ཐོགམཚན་མཐུན་དགའ་རོགས་སྒྲིག་པར་སྐད་གསེང་མཐོན་པོའི་བསྟོད་གླུ་ལེན་པ།དབྱངས་རྟ་སྨྱོ་བ་ལྟ་བུའི་རོལ་མོ་དང་ཞབས་བྲོ་སོགས་ལ་བརྟེན་ནས་ཡ་མཚན་གྱི་དངོས་པོ་དོན་གཉེར་དང༌།མུན་འཐོམ་གྱི་སྒོ་ནས་ལྟ་བ་གསར་བའི་རིགས་སྣ་ཚོགས་དང་ལེན་བྱས་ཏེ་ཁ་གཏད་དུ་གྱུར་བའི་སྤྱི་ཚོགས་དེ་ལ་མི་དགའ་བའི་བསམ་པ་མཚོན་གྱིན་ཡོད་པས་ན།རིམ་བཞིན་གྲུབ་མཐའ་དེ་སྟོབས་ཤུགས་ཆེ་བའི་སྤྱི་ཚོགས་ཀྱི་ལས་འགུལ་ལྟ་བུ་ཞིག་ཏུ་གྲུབ་པ་རེད།དེའི་ཁྲོད་ཀྱི་མི་མང་པོ་ཞིག་གིས་རང་ཉིད་ཀྱི་རྨི་ལམ་སྒྱུ་མ་ལྟ་བུའི་འཚོ་བ་དེ་དང་སེམས་ཁམས་དེ་དག་ཚུལ་འཆལ་དང་སྟོང་བསམ།སྒྲོ་བཏེགས་སོགས་ཀྱི་ཐབས་རྩལ་བེད་སྤྱད་དེ་རྩོམ་རིག་བརྩམས་ཆོས་ཀྱི་ནང་དུ་འབྲི་ཅི་ཐུབ་བྱས་པས་ན་   རྩ་བརླག་གི་མི་རབས་གཅིག” གི་རྩོམ་རིག་གྲུབ་མཐའ་ཞེས་པ་ཚུགས་པ་རེད། གྲུབ་མཐའ་འདིའི་མིང་དེ་ཆེས་ཐོག་མར་འབོད་མཁན་ནི་རྩོམ་པ་པོ་ཇེ་ཁུ་ཁི་ལུའུ་ཡ་ཁི་ཡིན་ཞིང༌།   དབྱིན་ཡིག་ཁྲོད་ཀྱི་  beat”  ཞེས་པའི་རྒྱན་ཚིག་དེ་ནི་  ངལ་དུབ”  ཉམ་ཞན  གྱི་དོན་ཡིན་ནའང་ཁི་ལུའུ་ཡ་ཁིས་ཐ་སྙད་དེ་ལ་སྲོག་གསར་བཅུག་སྟེ་དེ་ཉིད་”  རྣམ་རིག” དང་  བདེ་སྐྱིད” ཀྱི་དོད་དུ་བཞག་པ་དང༌། དབྱངས་ཀྱི་མཚམས་ཚིག”  གི་བྱེད་ནུས་ལས་ཐ་སྙད་རང་ངོས་ལ་ཕུན་སུམ་ཚོགས་པའི་བརྗོད་བྱ་གཞན་ཞིག་གི་ཁྱད་ནུས་ཐོན་དུ་བཅུག་པས་ན་སྨྱན་བྱེད་སོགས་ལས་མིང་དེ་འཕེལ་རྒྱས་སུ་སྐུལ་བ་ཞིག་གོ།

          གྲུབ་མཐའ་འདི་ཐོག་མར་སྒྲུང་རྩོམ་སོགས་ལས་སྐད་གྲགས་ཆོད་པ་ཞིག་ཡིན་ནའང༌།༡༩༥༥ལོའི་དབྱར་དུས་སུ་  རྩ་བརླག་གི་མི་རབས་གཅིག”  གི་སྙན་ངག་པ་དང་སློབ་གླིང་གྲུབ་མཐར་སུན་འབྱིན་མཁན་གྱི་སྙན་ངག་པ་དག་གིས་མཉམ་འབྲེལ་གྱིས་ཅིའུ་ཅིན་ཧྲན་ནས་བསྡུས་པའི་སྙན་ངག་གྱེར་འདོན་ཚོགས་འདུའི་སྟེང་ཨེ་ལིན་ཅིན་སི་པོ་ཡིས་རྗེས་སོར་སྐད་གྲགས་འཛམ་གླིང་ལ་ཁྱབ་མྱོང་བའི་སྙན་ངག་རིང་མོ་<<འོ་དོད>>ཅེས་པ་གྱེར་འདོན་བྱས་ཏེ་ང་ཚོ་རིག་པ་སྐྲ་རྩེ་ན་རྒྱུག་པའི་ཕུལ་བྱུང་གི་མི་རབས་གཅིག”  གི་སྡུག་བསྔལ་དང་རང་ཉིད་རང་གིས་གཤའ་བའི་ཐབས་ཆག་གི་ལས་ཀ་དག་ངོ་སྤྲད་ཐོགམཐར་ཐུག་གི་རང་དབང་ངོ་མ་སྟེ   སྐྱེས་དངོས་རིག་པའི་ཐོག་གི་མིའི་བཅིངས་འགྲོལ་གྱི་དམིགས་ཚད་འབའ་ཞིགབསྙེག་རྒྱུའི་ཆོད་སེམས་བསྟན་པ་དེས་རྗེས་ཕྱོགས་ཀྱི་   རྩ་བརླག་གི་མི་རབས་གཅིག”  གི་ལས་འགུལ་ཚང་མ་སྙན་ངག་གྱེར་འདོན་སོགས་ཀྱིས་བཅད་བཟུང་བྱས་ཤིང༌།སྙན་ཚིག་ཧྲིལ་བོར་ཤད་མེད་ཅིང་དབུགས་ཐེངས་གཅིག་གིས་ཀློག་ཚར་དགོས་པའི་ཡ་མཚར་གྱི་འབྲི་ཐབས་དེ་འདྲ་བེད་སྤྱད་པས་ན་སྙན་ངག་གྱེར་འདོན་དེ་མི་ཚོགས་འགུགས་པའི་རྒྱ་རྙི་རུ་གྱུར་ལ།རྙོག་འཛིང་ཆེ་ལ་ལྐོག་བརྡ་སྤྲོད་པའི་རྗོད་ཚིག་དང་ཁ་བཙོག་གི་ཐ་སྙད་ཀྱིས་བསླང་བའི་བརྩེ་མཚར།མེ་འཁོར་གྱི་སྒྲ་གདངས་ལྟ་བུའི་འཇིགས་རུང་གི་གྱེར་ཚུལ་དེའི་རམ་འདེགས་འོག་སྨྲ་བསམ་བརྗོད་འདས་ཀྱི་ཚོར་བ་དྲགས་པོས་ཐ་ན་མི་ཚོགས་ཀྱི་མདུན་སར་གཅེར་བུར་བུད་པ་སོགས་ཚུལ་མིན་ལུགས་འགལ་གྱི་བྱ་དོན་མང་པོ་ཞིག་སྤེལ་བར་གཞི་བྱས་ཀྱིས་རྩ་བརླག་གི་མི་རབས་གཅིག”  ཅེས་པ་ཁྲིམས་མེད་ལུགས་མེད་ཀྱི་གནས་སུ་གྱར་ནའང༌།རིང་བོ་མ་འགོར་བར་ཚོགས་མི་མང་དག་ཅིག་གིས་བོད་བརྒྱུད་ནང་བསྟན་གྱི་བཀའ་སློབ་ལ་ཡིད་ཆེས་རྙེད་ཅིང༌།སྒྲུབ་པ་མཉམ་ལེན་སོགས་ཀྱི་སྤྱོད་ཚུལ་བསྐྱངས་པ་དེས་ཁོ་ཚོ་ཁ་ཐོར་དུ་འགྲོ་འགྲོ་བརྩམས་ཤིང༌།དུས་རབས་ཉི་ཤུ་བའི་མཇུག་ཙམ་ལ་ཞིས་ཕིས་ཧྲི(嬉 皮 士)  དང་ཕང་ཁི (朋  克)  སོགས་ཀྱིས་  རྩ་བརླག་མི་རབས་གཅིག”  གི་ལས་འགུལ་དེ་ངོ་བོ་གཞན་ཞིག་ཏུ་བསྒྱུར་བ་ནས་དེང་སྐབས་ཡང་ཨ་རི་སོགས་སྟོབས་ལྡན་རྒྱལ་ཁབ་མང་པོ་ཞིག་ན་སྔར་བྱས་བྱ་བ་དག་གི་མཇུག་སྐྱོང་གིན་ཡོད་པ་འདི་ལས་རྩ་བརླག་གི་མི་རབས་གཅིགདེ་ཨ་རིའི་རྩོམ་འབྱུང་ལོ་རྒྱུས་སམ་ཡང་ན་འཛམ་གླིང་སྤྱིའི་རྩོམ་རིག་ལ་ཤན་ཤུགས་སྔ་ན་མེད་པ་ཞིག་བཏོན་དང་འདོན་གྱིན་པའི་རྩོམ་རིག་གྲུབ་མཐའ་ཞིག་ཡིན་པ་གསལ་བོར་མཚོན་ཡོད་དོ། །
 ཚབ་མཚོན་མི་སྣ།
ཨེ་ལིན*ཅིན་སི་པོ།  ལོ་ལན་སི*ཧྥེ་ལིན་ཇེ་རྡུས།  ཅ་ལི*སི་ནའེ་ཏེ། ཀོར་ཀོ་ལི*ཁོར་སའོ། ལུའོ་པོ་ཐི*ཁོ་ལི་ལི་སོགས།
                                                                                                                                                2009.3.19ཉིན་བྲིས་ཚར།
 དཔྱད་གཞི།
<<世界流派诗选>>   黎华   编选        青海人民出版社
<<法国诗选  >>   程曾厚   译        复旦大学出版社
<<欧洲文化史>>     李少林 主编        内蒙古人民出版社
<<ནུབ་ཕྱོགས་དེང་རབས་སྨྲ་བའི་རྩོམ་རིག་གི་དྲི་གཞི་ལྔ་བརྒྱ>> 
ཀུན་དགས་བསྒྱུར།    ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང༌།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཛམ་གླིང་རྩོམ་རིག་ཁྲོད་ཀྱི་གལ་ཆེའི་སྙན་ངག་གྲུབ་མཐའ།

2010-07-11 རེ་རྐང་གླིང༌། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།