《མྱ་ངམ་ཐང》ཀློག་པ།

       «མྱ་ངམ་ཐང»གི་སྒྱུ་རྩལ་ཞིང་ཁམས་ནི་དེང་རབས་རིང་ལུགས་ཀྱི་སྙན་ངག་ཀུན་ལས་རིང་དུ་བརྒལ་ཡོད་ལ་དཔེ་མཚོན་ཅན་ཞིག་ཏུ་བརྩི་ཆོག     སྙན་རྩོམ་རིང་མོ་འདིའི་སྒྱུ་རྩལ་ ཐབས་ལམ་སྣ་མང་ལ་སྣེ་འཛིངས་པས།  མཚོན་བྱེད་རིང་ལུགས་དང་ཡིད་ཁམས་རིང་ལུགས།  དཔག་དཀའ་སྨྲ་བའི་ཁྱད་ཆོས་གཞི་གཅིག་ཏུ་འདུས་ལ།  སྙན་ངག་ཏུ་ལུགས་སྟོན་དང་དུངས་ བརྗོད། ཟུར་ཟ་དང་ལེགས་བཤད། ཞིབ་འབྲིའི་རྗོད་བྱེད་བསྟར་མར་བརྒྱུས་ཤིང་བརྗིད་ཆེ་ལ་བབ་ཀྱིས་བརྟས་པའི་སྙན་ཚིག་དང་དགོད་བྲོ་ལ་ཕལ་ཆེ་བའི་གྲོང་གཏམ་ཟུང་དུ་སྦྲེལ་ཏེ་རྙོག་ འཛིང་ཆེ་ལ་ཁ་དོག་སྣ་མང་སྤྲོ་བའི་སྙན་ངག་གི་ཡུལ་ལྗོངས་ཤིག་ཀློག་མཁན་གྱི་སྤྱན་ལམ་དུ་དྲངས་ཡོད།  རྩོམ་པ་པོས་ལུང་འདྲེན༼སྙན་ངག་པས་རྩོམ་པ་པོ་སོ་དྲུག་དང་བརྩམས་ཆོས་ང་ དྲུག  ཕྱི་སྐད་རིགས་དྲུག་དྲངས་ཡོད༽དང་དཔེ་འཇོག  ཤུགས་བསྟན་དང་དྲན་འཕྲོས།  དོ་མཉམ་སོགས་མཚོན་བྱེད་རིང་ལུགས་ཀྱི་རྩོམ་ཐབས་དང་ཡིད་ཁམས་གཅིག་ཐོག་གཅིག་ བརྩེགས་བྱས་ཤིང་ཡུལ་དུས་བསྣོལ་བའི་དེང་རབས་སྙན་ངག་གི་འབྲི་རྩལ་དབང་ལ་ཅི་འབྱོར་གྱིས་སྤྱད་ཡོད་ལ།  ཁྱད་པར་དུ་གསར་གཏོད་རང་བཞིན་ལྡན་པའི་ངང་མཚོན་བྱེད་དུ་མཚོན་བྱེད་དང་ལྷ་སྒྲུང་དུ་ལྷ་སྒྲུང་དྲངས་ཤིང་།   ལྷ་སྒྲུང་དང་མངོན་སུམ་བསྲེས་ལ་གནའ་དེང་སྤེལ་ མར་བཀོད་དེ་དངོས་ཡོད་དང་སྒྱུ་འཕྲུལ་གཅིག་ཏུ་བསྣོལ་བས་སྙན་ངག་ཧྲིལ་བོའི་སྒྱུ་རྩལ་མཚོན་ཐབས་ཕུན་སུམ་ཚོགས་པར་བཏང་སྟེ་སྙན་ངག་གི་བསམ་བློའི་ཁྱབ་རྒྱའང་ཆེ་རུ་བསྐྱེད་ཡོད།  སྙན་ངག་ཁྲོད་ཀྱི་ལུང་འདྲེན་མང་ལ་བསམ་བཀོད་དང་དྲན་འཕྲོས།  ཤུགས་བསྟན་སོགས་བཀོལ་ཆེ་བས་གོ་བ་ལོན་ཁག་པོའི་གནས་སུ་ལྷུང་ཡོད། རྩོམ་པ་པོས་མ་མཆན་ལྔ་བཅུ་ལྷག་བཀོད་ཡོད་པ་དང་།     ཀློག་པ་པོས་གོ་བ་ལེན་བདེ་བའི་ཆེད་དུ་རྒྱ་འགྱུར་མ་འགའ་རེ་ལ་མ་མཆན་གྱི་རྨང་གཞིའི་སྟེང་འགྱུར་མཆན་མང་པོ་བཀོད་ཡོད་མོད།  སྙན་ངག་རང་སྟེང་གི་སྒྱུ་རྩལ་ཁྱད་ཆོས་དང་རྩོམ་རྩལ་གྱི་དབང་དུ་གྱུར་པའི་དོན་རྟོགས་དཀའ་བ་དང་དོན་མང་ལྡན་པ་སོགས་ཀྱི་ཕྱིར་དང་།  ཁྱད་པར་ནུབ་ཕྱོགས་རྩོམ་རིག་དང་རིག་གནས་སྲོལ་རྒྱུན་ལ་རྒྱུས་བྲལ་བ་ཞིག་གིས་ཀློག་དཀའ་བའི་གནས་སུ་ལྷུང་ཡོད།

ནུབ་ཕྱོགས་རྩོམ་རིག་དཔྱད་བརྗོད་པ་གཙོ་བྱས་པའི་ཤར་ནུབ་དཔྱད་བརྗོད་པ་དག་གིས་ཀྱང་སོ་སོ་བའི་ལྟ་བར་གཞི་བཅས་ཏེ་སྙན་ངག་འདི་ལ་སྤྱིའི་ཆ་ནས་གོ་བ་ལེན་པ་ལས། བརྗོད་དོན་ཁ་ཤས་ལ་སོ་སོའི་ལྟ་ཚུལ་དང་དཔྱད་པ་མཆིས་པ་བཤད་མ་དགོས་མོད།  རྩོམ་པ་ པོའི་མཆན་འགྲེལ་དང་འབྲེལ་ཡོད་དཔྱད་གཞི་རྨང་བྱས་པའི་སྟེང་སྙན་ངག་ཧྲིལ་བོའི་མཚོན་དོན་གྱི་སྐོར་ལ་ལྟ་བ་མང་པོ་དོན་གཅིག་གི་སྟེང་དུ་འབབ་པའང་གོར་མ་ཆག  དེས་ན་ཁོ་བོས་མ་མཆན་དང་རྒྱ་འགྱུར་མ་འགའི་མཆན།    ཀློག་འགྲེལ་གཞིར་བཟུང་ནས་སྙན་ངག་རིང་མོ་ འདིའི་བསམ་བློ་དང་རྩོམ་ཐབས་ཀྱི་སྐོར་ལ་རང་ནུས་ཀྱི་དཔྱད་པ་ཕྲན་བུ་བགྱི་བའི་ལས་ལ་ཞུགས་པར་བྱ།

རྩོམ་པ་པོས་སྙན་ངག་ཏུ་བྲིས་པའི་མྱ་ངམ་ཐང་ནི་འདི་འདྲ་བ་ཞིག་སྟེ།    དེ་རུ་ཆུ་དང་བྲལ་བས་རྩི་ཤིང་གི་རིགས་རྒྱས་པ་མེད་ཅིང་ས་གཞི་ཐམས་ཅད་སྐམ་ལ་སྐྱ་ཐང་ངེར་གནས་པ་མ་ཟད།     གནས་དེར་འཚོ་བའི་སྐྱེ་བོ་ཐམས་ཅད་ལའང་དད་མོས་དང་ཕུགས་བསམ་མེད་པར་ཡིད་སེམས་གསོབ་གསོབ་པོའི་ངང་ཚུལ་ཁོ་ན་འཛིན་ཞིང་།  བླ་སྲོག་བྲལ་བའི་ཕུང་བོ་ཉིད་ལས་མེད་པའི་རྣམ་པ་སྒྱུ་མ་དང་མངོན་སུམ།   ལྷ་སྒྲུང་དང་དངོས་ཡོད་སྣེ་འཛིངས་པའི་ཁྲོད་ དུ་མངོན་ཡོད།  སྙན་ངག་པས་ཕོ་མོ་ཟུང་འཇུག་གི་འབྲེལ་བ་དམིགས་སུ་བཟུང་སྟེ་ཕན་ཚུན་བར་གྱི་བརྩེ་བ་བྲལ་བའི་བསྟན་བྱ་གསལ་བོར་བརྗོད་ཡོད་ལ། ཕོ་མོ་ཟུང་འཇུག་དང་དེས་མྱ་ངམ་ཐང་བསྐྱར་གསོན་ལ་འདོན་ངེས་པའི་ནུས་པ་སྙན་ངག་འདིའི་བརྗོད་གཞི་གཙོ་བོ་རུ་གྱུར་ཡོད།

སྙན་ངག་འདིའི་བསྟན་དོན་གྱི་སྐོར་ལ་རྩོམ་པ་པོ་ཉིད་ནས“ཡུས་བཤད་དང་འཁང་ར”ཙམ་དུ་འདོད་ནའང༌། དེ་ནི་ཧེ་མིན་ཝེས“རྒད་པོ་ནི་རྒད་པོ་དང་རྒྱ་མཚོ་ནི་རྒྱ་མཚོ་ལས་གཞན་དུ་མི་སྟོན”ཞེས་པ་དང་འདྲ་ལ་སྙན་རྩོམ་རིང་མོ་འདིའི་རྩོམ་ཐབས་དང་སྒྲིག་གཞི། རྗོད་བྱེད་སོགས་ལ་མཚོན་ནའང་ཚིག་དེ་ཙམ་གྱིས་འཐུས་པར་ག་ལ་ནུས།  ཨ་རིའི་དཔྱད་བརྗོད་པ་ཞིག་ གིས་ཨེལ་ཐུའི་སྙན་ངག་རིང་མོ་འདི་དང་སྙན་ངག་སྔོན་མ་མང་པོ་ཞིག་གིས“འཛམ་གླིང་ འཁྲུག་ཆེན་དང་པོའི་རྗེས་ཀྱི་སྐུ་དྲག་ནང་བཞིན་གྱི་རེ་སྟོང”མཚོན་ཡོད་པར་སྨྲ། “སྐུ་དྲག་ནང་བཞིན”ཟེར་བའང་དོན་ལ་གནས་པ་སྟེ།  རྩོམ་པ་པོ་ཤེས་རྒྱ་ཡངས་ལ་ཁེངས་ཆེ་ཞིང་ནུབ་ ཕྱོགས་རྩོམ་རིག་ལོ་རྒྱུས་སྟེང་གི་བརྩམས་ཆོས་དང་རྩོམ་པ་པོ་གྲགས་ཆེ་བ་སྙན་ངག་འདིར་དྲངས་ཡོད་པས་འབྱམས་ཀླས་པའི་རྩོམ་རིག་སྲོལ་རྒྱུན་གྱིས་གཏམས་པས་ནའོ།  །སྙན་ངག་འདིས་འཁྲུག་ཆེན་དང་པོའི་རྗེས་ཀྱི་ནུབ་ཕྱོགས་གཞོན་ནུ་ཕལ་མོ་ཆེའི་ཕུགས་བསམ་དང་དད་པར་ཉམས་ཉེན་དང་གས་ཆག་བྱུང་ཞིང་རེ་བ་ཡོད་རྒུ་སྟོང་བར་གྱུར་པའི་ཡིད་ཁམས་ཏེ་དུས་རབས་ཤིག་གི་བསམ་བློ་མཚོན་ཡོད་ལ།  སྤྱི་ཚོགས་ཀྱི་གྲལ་རིམ་མཐོན་པོར་གནས་པ་དག་གི་རེ་ སྟོང་དང་ཡི་ཆད།  གསོབ་གཟུགས་བྲིས་ཏེ་གྲོང་མི་ཕལ་བ་དང་སྐྱེ་བོ་ཐ་ཤལ་བ་དག་གི་བྱས་པ་ བྲིས་ནས་སྙན་ངག་གི་བརྗོད་བྱ་གཏིང་ཇེ་ཟབ་དང་སྒྱུ་རྩལ་གྱི་ཚད་ཇེ་མཐོར་བཏང་ཡོད།

སྙན་ངག་རིང་མོ་འདིའི་བརྗོད་བྱ་ཞིབ་ཏུ་གཤམ་གྱི་ཚན་པ་རེ་རེའི་དོན་བསྡུས་པར་ སྟོན་དུས་སྨྲ་བར་བྱ་བས་འདིར་སྤྲོ་བར་མི་བྱ།  འདིར་གཙོ་བོ་སྙན་ངག་གི་སྒྱུ་རྩལ་ཐབས་ལམ་ གྱི་ཕྱོགས་ནས་རིམ་གྱིས་སྙན་ངག་རིང་མོ་འདིའི་མངོན་སུམ་དང་སྒྱུ་མའི་འཇིག་རྟེན་ལ་འཛུལ་བར་བྱའོ།  །དུས་རབས་ཉི་ཤུ་བའི་ནུབ་ཕྱོགས་རྩོམ་མཁན་དག་ནི“སྒྱུ་རྩལ་གྱི་ཆེད་དུ་སྒྱུ་རྩལ་བྱེད་པ”ཞེས་པ་ཕྱོགས་རེ་བའི་རླུང་བུ་ངན་པ་སྟེ།  སྙན་ངག་གི་རྣམ་པ་གཙོར་བཟུང་སྟེ་བརྗོད་བྱ་གསོབ་གཟུགས་དང་སྟོང་བར་ལུས་ཤིང༌།      ནང་དོན་མཛེས་བསྒྱུར་རམ་རྣམ་པ་དང་ནང་ དོན་གཉིས་སོ་སོར་དབྲལ་བའི་སྒྱུ་རྩལ་ལྟ་བ་ལས་རིང་དུ་བརྒལ་ཏེ་སྙན་ངག་གི་ཕྱི་ནང་གཉིས་ཀ་གོང་བུ་གཅིག་ཏུ་བསྒྲིལ་ཅིང་ཕྱིས་ནང་གི་བརྗོད་བྱའི་ཁྱབ་རྒྱ་དང་ཕྱིར་མངོན་ལ་མཐོ་རུ་ འདེགས་པའི་ནུས་པ་ཐོན་ལ་དེ་བཞིན་བརྗོད་བྱ་སྟོན་པ་ལའང་ཕྱི་རྣམ་གཙོ་རུ་བཟུང་ནས་ གནམ་ས་ཁ་སྤྲོད་དམ་ཐབས་ཤེས་ཟུང་འཇུག་ལྟ་བུའི་ནུས་པ་འདོན་པར་འཇུག  ཨེལ་ཐུས་མངོན་པར་བསྟོད་པའི་ཨ་རིའི་སྒྲུང་གཏམ་པ་ཧིན་རོས་ཀྲམ་སི་ནི་ལས་འདིར་འཇུག་པའི་ཚབ་མཚོན་དུ་ངེས།   ཀྲམ་སིས་ཕྱི་རྣམ་ལ་རབ་ཏུ་གཙིགས་འཛིན་གནང་ཞིང་ཁོས་རང་ཉིད་ཀྱི་སྐད་ ཆ་ཕལ་ཆེ་བས་སྟོན་ཐབས་བྲལ་བའི་བསམ་བློ་དེ་དཔེ་མེད་ལ་ཚད་མཐོནཔོའི་སྒོ་ནས་སྟོན་ཕྱིར་རབ་དང་མཆོག་ཏུ་འགྱུར་བའི་ཕྱིའི་རྣམ་པ་འཚོལ་སྙེགས་བྱེད། རྣམ་པ་འཚོལ་ཞིབ་བྱེད་པའི་ལས་ཀ་དེ་སྙན་ངག་རིང་མོ་འདིའི་སྟེང་ནས་གསལ་བོར་མངོན་ཡོད་ལ།     ཕྱི་ནང་གཉིས་ཀ་ གཅིག་ཏུ་འདྲེས་པའི་སྒྱུ་རྩལ་གྱི་མུ་ཏིག་རྡོག་པོ་འཛམ་གླིང་རྩོམ་རིག་གི་སྟེགས་བུར་བཤམས་ཡོད།

རྩོམ་པའི་ཁྱུ་མཆོག་ཅེས་སྙན་ངག་པས་ཕིང་རྡི་ལ་བསྔགས་པ་བརྗོད་པ་ནི་ཨ་རིའི་སྙན་ངག་པ་འདིས་ཨེལ་ཐུའི་གསར་རྩོམ་གྱི་ལས་ཀར་ཕྱོགས་གང་མང་ནས་རོགས་རམ་བྱས་ཡོད་པ་མ་ཟད། “མྱ་ངམ་ཐང”གསར་རྩོམ་ལ་བཟོ་བཅོས་བརྒྱབ་པར་བསྟོད་པའི་ཆེ་བ་བརྗོད་པའོ། །

«མྱ་ངམ་ཐང»ནི་སྤྱི་ལོ༡༩༢༡ལོ་ནས་རྩོམ་མགོ་གནངས་པ་དང་།     ༡༩༢༢ལོའི་ལོ་ འགོར་ཨེལ་ཐུས་བརྩམས་གྲུབ་པའི་སྙན་ངག་རིང་མོ་དེ་ཁྱེར་ནས་ཕིང་རྡི་ལ་སྤྲད་ཅིང་ཐོག་མའི་རྐང་བ་བརྒྱད་བརྒྱ་ཡས་མས་ཀྱི་སྙན་ངག་རིང་མོ་དེ་ཕིང་རྡིའི་དགོངས་འཆར་དང་རོགས་ རམ་འོག་རྐང་བ་བཞི་བརྒྱ་དང་སོ་གསུམ་ལ་བཅོས། ད་ལྟ་རང་རེས་མཐོང་བའི་མ་ཕྱིའང་བཟོ་བཅོས་བརྒྱབ་རྗེས་ཀྱི་སྒྱུ་རྩལ་བརྩམས་ཆོས་དེ་ཉིད་ལགས།   ད་ལྟའི་ནང་དོན་དང་རྣམ་པ་གང་ ཅིའི་ཐད་ནས་སྙན་ངག་མཆོག་ཏུ་རྩི་བ་འདི་ཉིད་ཨེལ་ཐུའི་བསམ་བློ་དང་སྒྱུ་རྩལ་རྩོམ་ཐབས་འདུས་པ་ཞིག་ཡིན་པར་མ་ཟད།  ཕིང་རྡིའི་ཡིད་ཁམས་རིང་ལུགས་ཀྱི་ཚིག་ཉུང་ངུས་དོན་སྟོན་ པའི་རྩ་དོན་དང་རྩོམ་རྩལ་ལའང་འབྲལ་ཐབས་མེད།

སྙན་ངག་འདི་ལེའུ་འམ་ཚན་པ་ལྔ་རུ་ཕྱེ་ཡོད་ལ་ཚན་པ་རེ་རེའང་སྙན་ངག་རང་རྐྱ་བ་ རེ་རེར་གྲུབ་ཅིང་གཞི་གཅིག་ཏུ་བསྡུས་པས་བརྗོད་བྱའི་དོན་སྟོན་པ་དང་སྙན་ངག་གི་སྒྱུ་རྩལ་ ངོམས་པ་ལ་རིན་ཐང་ངེས་ཅན་ཞིག་མཆིས།

ཚན་པ་དང་པོ«གཤིན་པོའི་འདས་མཆོད»ཅེས་པར་གཙོ་བོ་ནུབ་ཕྱོགས་པའམ་མི་རབས་ཤིག་གི་རྣམ་ཤེས་བོར་ལ་བླ་སྲོག་སྟོར་བའི་ངང་ཚུལ་བྲིས་ཡོད།  སྙན་ངག་མགོ་བརྩམས་མ་ཐག་ནས་རྩོམ་པ་པོས་ཆེས་གདུག་རྩུབ་ཆེ་བའི་ཟླ་བཞི་བ་དང་ཉམ་ང་བའི་ས་གཞི་བྲིས་ཏེ་མྱ་ངམ་ ཐང་གི་ཡུལ་ལྗོངས་རྗེན་པོར་བསྟན་ཞིང་ཕྱིར་དྲན་དང་འདོད་པ་མཉམ་དུ་བསྲེས་ཤིང་དཔྱིད་ཆར་གྱིས་གཡོ་སྐྱོམ་བྱེད་པའི་རྩད་པ་རྟུལ་བོ་ཡིན་པར་བྲིས་ལ།  དགུན་འཁྱག་ཁོ་ནས་ད་གཟོད་ དྲོད་ཁོལ་སྩོལ་ཞིང་ས་གཞི་བརྗེད་ངས་ཀྱི་ཁ་བས་བཀླུབས་ཏེ་སྐམ་རིད་ཀྱི་རྩ་བར་ཉག་ཕྲ་བའི་ཚེ་སྲོག་སྦྱིན་པའི་ངང་ཚུལ་བསྟན་ཡོད།    “དབྱིན་ཇིའི་སྙན་ངག་གི་ཕ”རུ་རྩི་བའི་རྩོམ་པ་པོ་ ཆའོ་སིར་གྱི«ཁན་ཐིར་རྦོ་རེའི་གཏམ་རྒྱུད»ཀྱི་མགོ་བརྩམས་མ་ཐག་ཏུ་ཟླ་བཞི་བ་ནི་མི་ཡུལ་གྱི་ཆེས་ཉམས་དགའ་བའི་དུས་ཚིགས་ཤིག་ཡིན་པར་བརྗོད་ཡོད་ལ། དབྱིན་ཇིའི་སྲོལ་རྒྱུན་རྩོམ་རིག་ཏུའང་ཟླ་བཞི་བ་ནི་ཡིད་དུ་འོང་ལ་བདེ་སྐྱིད་ཀྱིས་ཁེངས་པ་ཞིག་ཏུ་ངེས་མོད། ཨེལ་ཐུའི་

དེང་རབས་འཇིག་རྟེན་གྱི་ཟླ་བཞི་བ་ནི་དེ་ལས་ལྡོག་སྟེ་གདུག་རྩུབ་ཆེ་བའི་མྱ་ངམ་ཐང་ཁོ་ན་ ཡིན་པར་བརྗོད་ཡོད།

འདིར་རྩོམ་པ་པོས་ཟླ་བཞི་བ་ཞེས་དྲངས་པས་ཀྱང་ཁོའི་ཤེས་རྒྱ་ཡངས་ལ་ལུང་འདྲེན་མཁས་པ་མཚོན།  གཞན་དུ་དཔྱད་བརྗོད་པ་ལ་ལས་འདིས་སྐབས་དེའི་ཨེལ་ཐུའི་འཚོ་བ་མཚོན་པར་བཤད་ལ། ཕ་འདས་པ་དང་ཆུང་མ་ནད་ཀྱིས་མནར་བ། བཟའ་ཟླའི་འཚོ་བར་ཉམས་ཉེན་བྱུང་བ།   འཚོ་བར་དཀའ་ངལ་ཆེ་བ་སོགས་ཀྱིས་སྙན་ངག་པའི་སེམས་ཁམས་ལ་བསུབ་ཐབས་བྲལ་བའི་སྡུག་བསྔལ་བཞག་ཡོད་པ་ཐེ་མི་ཚོམ་ལ།  སྙན་ངག་རིང་མོ་འདི་རྩོམ་དུས་ནི་སྙན་ངག་པའི་མི་ཚེ་ལས་ཆེས་དཀའ་སྡུག་གིས་དུས་ཤིག་ཡིན་པ་མངོན་པར་གསལ་བས།   སྙན་ངག་པ་རང་ཉིད་ཀྱི་ཉམས་མྱོང་དང་འབྲེལ་བ་མེད་མི་སྲིད་ལ་དེ་ནི་ཁོའི་མི་ ཚེའི་དུས་རིམ་ཞིག་གི་བྱུང་བ་བརྗོད་པ་སྙན་ངག་དང་སྒྱུ་རྩལ་གྱི་ལམ་ནས་མཚོན་དུ་མིན་ པའང་ག་ལ་ངེས།“སྙན་ངག་པ་ཞིག་གིས་ཁོས་མཚོན་པར་འདོད་པ་དེ་རང་ཉིད་ཀྱི་ཉམས་མྱོང་ཞིག་ཏུ་རློམ་ཆོག་ལ། ཁོའི་སྙན་ངག་ཀྱང་ཁོ་ལ་མཚོན་ན་རང་ཉིད་ཕྱིར་མངོན་ཏེ་གཡོ་འཚོང་མི་ བྱེད་པའི་ལག་ཆ་ཁོ་ནར་བརྩིས་ཆོག   ཡིན་ནའང་ཁོའི་ཀློག་མཁན་ལ་མཚོན་ན་དེས་མི་སྒེར་གྱི་ གསང་བ་ཕྱི་རུ་བརྟོལ་ངེས་པ་མ་ཟད་རེ་ཐག་ཆད་པའི་མི་རབས་ཤིག་ཀྱང་མཚོན་པར་ནུས” ཞེས་པ་ལས་ཀྱང་སྙན་ངག་འདི་རྩོམ་པའི་རྒྱབ་ལྗོངས་ཀྱི་རས་ཡོལ་ཞིག་རང་ཅག་གི་མིག་

མདུན་དུ་ཕྱེ་བར་ནུས།    མྱ་ངམ་ཐང་གི་ཕྱིའི་ཡུལ་ལྗོངས་མངོན་རྗེས་ཚིག་གི་རྒྱུ་བ་གློ་བུར་ཇེ་ མགྱོགས་སུ་སོང་ཞིང་ཐ་སྙད་ཀྱང་ཁ་སྐད་ཀྱི་ཕྱོགས་སུ་ཆས་ལ་དངོས་ཡོད་ཀྱི་ཡུལ་གྲུ་ཁ་ཤས་ མངོན།  དེར་མཐུད་ནས་མཱ་རེས་དགའ་བ་ཆེན་པོས་འདས་པའི་དུས་ཀྱི་ཕྱིར་དྲན་འཁོད་མོད་ དེ་ནི་རྨི་ལམ་སྒྱུ་མ་ནང་བཞིན་མི་མངོན་པར་གྱུར་ཏེ་དུས་ད་ལྟ་ཉིད་ལ་མྱ་ངམ་ཐང་དུ་གྱར་ དགོས་པ་བཤད་ཡོད་པ་དང་།  རྐང་བ་བཅུ་དགུ་ནས་སྙན་ངག་གི་ཚིག་སླར་ཡང་ཁ་སྐད་ནས་ བརྗིད་ཆེ་བའི་ཉམས་སུ་ཕྱོགས་ཏེ་གས་ཆག་ཏུ་གྱུར་པའི་སྣང་བརྙན་ཕོན་པོ་བསྟན་ལ་བྲག་ དམར་པོ་དེའི་གྲིབ་གཟུགས་སུ་གབ་པར་འཚལ་ཞེས་ནུབ་ཕྱོགས་ཀྱི་སྐྱེ་བོ་དག་དཀོན་མཆོག་ལ་དད་པ་སྐྱེས་ཚེ་གཟོད་ནས་མྱ་ངམ་ཐང་གི་སྡུག་བསྔལ་དང་འབྲལ་བར་བཤད་ཡོད།  ཁོ་བོས་ཁྱོད་ལ་འཇིགས་སྔངས་རྡུལ་གྱི་ཕུང་བོ་ཞིག་ཏུ་གནས་པ་སྟོན་ཞེས་པ་སྙན་ངག་གི་འགོར་ འཁོད་པའི་ཚིག་ལས་ཕྱུངས་པ་ཡིན་ལ་ཞིབ་ཏུ་མཆན་གཉིས་པར་གཟིགས།   ཝ་རྒི་ནཱར་གྱི་གླུ་ དབྱངས་ཐུང་ངུ་འདིས་གཞོན་ནུའི་དྭངས་ཤིང་གཙང་ལ་ཟོལ་མེད་པའི་བརྩེ་དུངས་མཚོན་གྱི་ ཡོད་མོད།    ཁྲུར་སི་ཐཱན་དང་ཨེ་སོལ་རྡི་གཉིས་ཀྱི་བརྩེ་དུངས་ལའང་དགའ་བའི་འབྲས་བུ་མ་ སྨིན་པ་བསྟན་ཡོད། །

མིང་དུ་གྲགས་པའི་མངོན་ཤེས་མའི་ལག་ཏུའང་གདུག་རྩུབ་ཀྱིས་བསྡམས་པའི་ཏག་སེ་ཐོགས་པ་མ་ཟད།    ཕོ་ལུས་མོ་བྱད་དུ་སྤྲས་པའི་ཆ་ལུགས་དང་ཨེལ་ཐུས་སྙན་ངག་ནང་གི་ཕོ་ མོའི་དབྱེ་བ་གཅིག་ཏུ་བསྲེས་པ་གཉིས་མཐུན་པར་སྣང་བས་ཟུར་ཟའི་ཉམས་ཤིག་མངོན་པར་འདོད་ལ།ལྷ་སྒྲུང་དང་གཏམ་རྒྱུད་ནང་གི་མི་སྣ་དྲངས་པ་བརྒྱུད་ནས་འཆི་བ་དང་འབྲེལ་བའི་སྙན་ངག་གི་བརྗོད་བྱ་ཇེ་ཟབ་ཏུ་བཏང་ཞིང༌།“མཛེས་སྡུག་ལྡན་པའི་སྐྱེས་མ”དང་དུག་གི་མེ་ཏོག་དྲངས་ཏེ་ཧྥེ་ཉི་ཀིའི་ཆུ་བ་དང་ཧྥོ་རྡི་ནཱ་རྒྱལ་སྲས།སི་མེ་ནཱ་ཚོང་བ༼མིག་གཅིག་ཅན་གྱི་ཚོང་བ༽བཅས་འདོད་སྲེད་ཀྱི་ཆུར་བྱིངས་པའི་མི་སྣ་དག་དང་སྐྱེ་འཕེལ་གྱི་ནུས་པ་ཉམས་པའི་ཉ་བའི་དབང་བོ་བྲིས་ཡོད།སོ་སོ་སི་ཁྲེ་སིའི་མངོན་ཤེས་ཀྱི་ནུས་པར་ཚད་ཡོད་པའི་དབང་གིས་རྒྱབ་ཏུ་བསྐུངས་པའི་དངོས་པོ་དེ་ཅི་ཡིན་པ་རྟོགས་ཐབས་བྲལ་ཞིང་འགེགས་གསོད་བཏང་བའི་མི་སྟེ་ཇེའུ་ཟ་མ་རྙེད་པར་སྐྱེ་བོ་དག་འདོད་པའི་ཆུའི་ནང་དུ་འཆི་བར་སྔངས་པའི་གནས་བབ་བརྗོད་ཡོད་ལ།མི་ཚོགས་ཀྱིས་ཨ་ལོང་ཞིག་ལ་སྐོར་བ་རྒྱག་པ་མཐོང་ཞེས་པས་གོང་དུ་བརྗོད་པའི་འཁོར་ལོ་ཞེས་པའི་དོན་སྟོན་པ་མིན་ནམ་སྙམ་ལ་ནང་བ་སངས་རྒྱས་པའི་འཁོར་བའི་ལྟ་བའང་འདུས་ པར་སེམས།

རྐང་བ་ང་དགུ་ནས་རྩོམ་པ་པོས་སྨིག་རྒྱུ་དང་འདྲ་བའི་ལོན་ཊོན་གྲོང་ཁྱེར་བྲིས་ཡོད།  ཨེལ་ཐུས་ལོན་ཊོན་གྲོང་ཁྱེར་ཞིབ་འབྲི་བྱས་པ་དེ་ཏན་ཐེས་བྲིས་པའི་དུས་རབས་བར་མའི་མྱ་ ངམ་ཐང་དང་རྦོ་རྡི་ལེར་གྱི་ཕ་རི་སིའི་ཉམས་སྣང་དང་འགྲན་འཇོག་པའི་ཚད་དུ་སླེབས་ཡོད་པར་དཔྱད་བརྗོད་པ་ལ་ལས་སྨྲ་ལ།  རྩོམ་པ་པོ་ཁོང་གིས་ཀྱང་ཏན་ཐེ་དང་རྦོ་རྡི་ལེར་གྱི་སྙན་ཚིག    ཝེབ་སི་ཐཱར་གྱི་སྐྱོ་གླུ་དྲངས་ཏེ་དེང་རབས་ལོན་ཊོན་གྱི་མྱ་ངམ་ཐང་གི་རྣམ་པ་བརྗོད་ ཡོད་ཅིང་ཝེབ་སི་ཐཱར་གྱི་སྙན་ཚིག་དེ་ཚན་པ་དང་པོའི་མགོའི«གཤིན་པོའི་འདས་མཆོད»དང་འབྲེལ་བ་དམ་པོའི་སྐྱོ་གླུ་རུ་ངོས་བཟུང་ཆོག

«མིག་མངས་རྩེ་བ»ཞེས་པའི་ཚན་པ་འདིར་རྩོམ་པ་པོས་རྒྱུན་ལྡན་མིན་པའི་ཕོ་མོའི་བརྩེ་དུངས་དང་འཇིག་རྟེན་མཐུན་འཇུག་བྲིས་ཡོད་ལ་འདི་ནི་མྱ་ངམ་ཐང་གི་ཁྱད་ཆོས་གཙོ་བོར་ངེས།«མིག་མངས་རྩེ་བ»ཟེར་བ་འདིའི་གཏམ་རྒྱུད་རྒྱབ་ལྗོངས་ནི་གཡོ་ཟོལ་དང་ལྐོག་གྲོས་ཀྱིས་ཕོ་མོ་གཉིས་ལ་འདོད་པ་སྤྱོད་དུ་བཅུག་པའི་འཁྲབ་གཞུང་ཞིག་ཡིན་ལ་རྩོམ་པ་པོས་གནའ་དཔེ་དེང་སྤྱོད་ཀྱིས་དེང་རབས་ཀྱི་སྐྱེ་བོ་དག་ལ་བརྩེ་དུངས་ཟོལ་མེད་དང་གཡའ་དག་པ་ཞིག་མེད་པ་མཚོན་ཡོད།མགོ་བརྩམས་མ་ཐག་ཏུ་མཐོ་རིམ་སྤྱི་ཚོགས་ཀྱི་སྐྱེས་མ་ཞིག་གི་རྒྱས་སྤྲོས་ཆེ་ལ་སྙིང་བོས་དབེན་པའི་འཚོ་བ་བྲིས་ཤིང་ཧྥེ་ལོ་མེལ་ཀ་ལ་པིང་ཀར་གྱུར་པའི་གཏམ་རྒྱུད་ཀྱིས་སྙན་ངག་གི་བརྗོད་བྱ“ལོག་གཡེམ”ཞེས་པ་གཏིང་ཇེ་ཟབ་ཏུ་བཏང་ཡོད་ལ་མོས་སྔར་བཞིན་སྐད་སྒྲོག་ཅིང་འཇིག་རྟེན་གྱིས་ཀྱང་སྔར་བཞིན་རྗེས་སུ་སྙེག་ཅེས་ད་ལྟ་བའི་ཚིག་བཀོལ་ཏེ་འཇིག་རྟེན་དུ་ད་ལྟའང་ལས་དེ་རིགས་དར་གྱིན་པ་སྟོན།

རྐང་བ་བརྒྱ་དང་བཅུ་གཅིག་པ་ནས་མགོ་བརྩམས་པའི་ཁ་བརྡས་གསོབ་གཟུགས་བཞིན་སྟོང་བའི་སྐྱེ་བོ་དེའི་ནང་སེམས་བྲིས་ཡོད་ལ་ཕིང་རྡི་ལྟར་ན་དེ་ནི་ཨེལ་ཐུ་ལྕམ་མོ་ནད་ཀྱིས་མནར་བའི་སྐབས་ཀྱི་སེམས་ཁམས་ཡིན་པར་སྙམ།མུ་ཏིག་དེ་དག་སྔོན་ཆད་ཁོའི་མིག་ཟུང་ཡིན་པ་དྲན་ཞེས་པ་ཤིག་སེ་ཕེར་གྱི«ཆར་རླུང་འཚུབ་མ»ཡི་སྐྱོ་གླུ་ལས་དྲངས་ཤིང་ཆགས་སྲེད་ཀྱི་ཆུའི་ནང་གི་འཆི་བ་ཤུགས་སུ་སྟོན་ལ་གཤམ་གྱི་ཨོ་ཨོ་ཨོ་ཨོ་ཤིག་སེ་ཕེར་སེའི་གཞས་ཆུང་ཞེས་པ་དང་གཅིག་ཏུ་སྦྲེལ་ཆོག      དེའི་རྗེས་སུ་ཆང་ཁང་ཆུང་ངུ་ཞིག་ཏུ་སྐྱེས་མ་གཉིས་ཀྱིས་འཛེམ་བག་ མེད་པར་འདོད་སྲེད་དང་མངལ་འབྱིན་པ་སོགས་ཀྱི་ཁ་བརྡ་བྱེད་པ་བྲིས་ཡོད་ལ།དེ་དང་མཉམ་དུ་ཆང་ཁང་སྒོ་གཏན་པའི་དུས་ཚོད་ལ་ཐོན་པ་བྲིས་ཏེ་ཚེ་སྲོག་གི་རྒྱུ་བ་འགགས་པར་ཉེ་བའི་དོན་ཤུགས་སུ་སྟོན་ལ་དེ་བསྐྱར་ཟློས་བྱས་པས་དུས་ཚོད་ཉམས་དང་དོན་སྟོན་པར་ནུས་པ་ཁྱད་པར་བ་ཐོན།མཇུག་ཏུ་ཤིག་སེ་ཕེར་གྱི་བརྩམས་ཆོས«ཧམ་ལེ་ཀྲི»ནང་གི་ཨོ་ཧྥེ་ལི་ཡཱ་གྱེས་ཁ་མའི་འཁྲབ་ཚིག་བཀོད་དེ་ཚན་པ་ཧྲིལ་བོ་སྐྱོ་ཉམས་ཆེན་པོས་བསྡུས་ཡོད་ལ་ཨོ་ཧྥེ་ལི་ཡཱའི་བརྩེ་དུངས་ལའང་འབྲས་བུ་མ་བྱུང་བར་ཆུའི་ནང་དུ་འདས་པའི་གཏམ་རྒྱུད་ཀྱི་ཤུགས་ལ་འདོད་པའི་ཆུར་ཤི་བའི་བརྗོད་བྱ་དྲངས་ཏེ།མྱ་ངམ་ཐང་གི་ཕོ་མོའི་འབྲེལ་བ་སྟེ་བྲག་རྡོའི་གསེང་དུ་གཙང་ཆབ་ཀྱི་སྒྲ་དབྱངས་མེད་ནའང་ཆུའི་ནང་དུ་འཆི་བ་ཡོད་པ་གསལ་བོར་བསྟན་ཡོད།

«མེའི་གདམས་པ»ཞེས་པའི་ཚན་པ་འདིའི་སྒྲིག་གཞི་ཅུང་རྙོག་འཛིང་ཆེ་ལ་མགོ་བརྩམས་མ་ཐག་སི་ཕེན་སུར་གྱི་ཉམས་དགའ་བའི་ཐམ་སི་གཙང་བོ་དང་དེང་རབས་ཀྱི་སྦག་བཙོག་གི་རྣམ་པ་གཉིས་ལ་གཤིབ་བསྡུར་བྱས་ཤིང་ཤི་བའི་གཙང་བོ་ལས་ཉ་མོ་འཛིན་ཞེས་པས་ཉ་བའི་དབང་བོ་ལ་འཕྲོས་ནས་བརྗོད་ཆོག     གཞན་ཉ་མོ་འཛིན་པས་གཉིས་སྦྱོར་གྱི་ལས་གོ་ནའང་ ཤི་བའི་གཙང་བོ་ལས་ཅི་ཡང་འཛིན་དུ་མེད་པ་བསྟན་ཞིང་ཆུའི་ནང་དུ་འདས་པ་ལ་རིམ་གྱིས་འཕྲོས་ཆོག    དེའི་འོག་ཏུ་བསྐྱར་དུ་གནའ་བོའི་སྙན་ཚིག“དུས་ཀྱི་འཁོར་ལོ”དང“རྔ་དུང་དང་ རྔོན་པའི་སྒྲ་དབྱངས”ཞེས་པ“རླངས་འཁོར་དང་དུང་བརྡའི་སྐད་སྒྲ”ཞེས་དེང་རབས་ཅན་དུ་བསྒྱུར་ཅིང༌།“ཨ་ཁི་ཐེའན་ཁྲིད་ནས་ཏེ་ནཱ་ལ་འཕྲད་དུ་འཇུག་པ”ཞེས་པ“སི་ཝེན་ཉིའུ་ཕོར་ཐིར་ལྕམ་མོ་ལ་འཕྲད་དུ་འཇུག”ཅེས་གནའ་དེང་གཤིབ་བསྡུར་གྱི་ལམ་ནས་བྲིས་ཤིང་དེང་གི་ཕོ་མོ་གཉིས་བར་གྱི་ལོག་གཡེམ་བསྟན་ཡོད།ཆོས་ཁང་ནང་གི་བྱིས་པ་ཚོའི་གླུ་སྐད་དང་རྐང་བ་སྔོན་མའི་འཆལ་པོའི་གཞས་གཉིས་གཤིབ་བསྡུར་མཛད་ཅིང་བྱ་སྐད་ཀྱིས་སྙན་ངག་གི་བརྗོད་བྱ་འཆལ་སྤྱོད་གཙོ་བོར་བཟུང་ཡོད།དེའི་འཕྲོར་སླར་ཡང་སྨིག་རྒྱུའི་གྲོང་ཁྱེར་ལོན་ཊོན་བྲིས་ཤིང་གཙོ་བོར་ཡིག་གཏག་པ་དང་ལས་ཚན་པ་གཉིས་བར་གྱི་བརྩེ་བས་དབེན་ཞིང་དམར་རྗེན་རྗེན་གྱི་འཆལ་སྤྱོད་བྲིས་ཏེ་མི་གཤིས་དང་བླ་སྲོག་གིས་སྟོང་བའི་སེམས་ཅན་རིགས་ཤིག་གི་ཉམ་ང་བའི་གནས་བབ་བསྟན་ཡོད།

“གྲུ་མཇུག་ནི་དམར་སེར་གྱི་མདངས་སྤྲོ་ལ།གསེར་ཆུ་བྱུགས་པའི་ཉ་ལྩིབས་ཕྱི་སྐོགས་འདྲ་བར་གྲུབ”ཅེས་པ་ནི་སྙན་ངག་འདིའི་ཚན་པ་གཉིས་པའི་མགོའི“མོ་སྡོད་སའི་རྐུབ་སྟེགས་གསེར་ཁྲི་དང་འདྲ་བར།རྡོ་ཀ་མ་རུའི་སྟེང་འོད་དུ་འཚེར”ཞེས་པ་དང་བསྡུར་ཆོག      འོག་ཏུ་རེ་ནཱ་ གཙང་བོའི་ན་ཆུང་མ་གསུམ་དང་ཐམ་སི་གཙང་བོའི་ན་ཆུང་མ་གསུམ་གཤིབ་བསྡུར་བྱས་ཏེ་དེང་གི་འཆལ་སྤྱོད་བྲིས་ཡོད་ལ་འཛམ་གླིང་ཤར་ནུབ་ཀྱི་འདོད་སྲེད་མེ་ལྕེས་ཐལ་བར་བཟོ་དགོས་པའི་ལྟ་བས་ཚན་པ་འདིའི་མཇུག་བསྡུས་ཡོད།

“མེའི་གདམས་པ”ཞེས་པའི་ཚན་པ་འདིའི་བསྟན་དོན་གཙོ་བོའང་དེང་རབས་སྐྱེ་བོ་དག་གིས་ཀུན་སྤྱོད་ལས་རིང་དུ་འདས་པའི་ཆགས་པའི་མེ་ལྕེ་གཞིལ་དགོས་པར་གདམས་པ་དེ་ཡིན་ལ་རྩོམ་པ་པོས་གནའ་དེང་ཟུང་འབྲེལ་གྱིས་ཡུལ་དུས་ཀྱི་བར་སྟོང་བརྒལ་ཞིང་སྙན་ངག་རྩོམ་ཐབས་ཀྱིས་ཆ་ནས་ཀྱང་ཁ་སྐད་དང་བབ་ཆེ་བའི་ཚིག   ཟློས་གར་གྱི་ཁེར་ལབ་སོགས་གཞི་གཅིག་ ཏུ་བསྲེས་ཏེ་ཕུན་སུམ་ཚོགས་པར་སྤྱད་ཡོད་པས་སྒྱུ་རྩལ་འདོན་སྤེལ་ལ་ནུས་པ་གལ་ཆེན་ཐོན་པ་སྨྲས་མ་དགོས།

ཚན་པ་བཞི་བ་ནི་སྙན་ངག་རིང་མོ་འདིའི་ནང་ཆེས་ཐུང་བའི་ཚན་པ་ཞིག་ཡིན་ལ་བརྗོད་བྱ་ཉིང་བསྡུས་ཆེ་ལ་རྙོག་འཛིང་ལྡན་པ་ཞིག་ཀྱང་ངོ༌། །«ཆུར་ཤི་བ»ཞེས་པ་ནི་ཚན་པ་གསུམ་པའི“མེར་ཤི་བ”དང་བསྡུར་ནས་ཀློག་ཆོག་ལ།དཔྱད་བརྗོད་པ་ཁ་ཅིག་གིས་ཚན་པ་འདིས་ཁྲོད་ཀྱི་ཤི་བ་ལས་བསྐྱར་དུ་གསོན་པའི་དོན་སྟོན་གྱི་ཡོད་པར་འདོད།ཡིན་ནའང་ཚན་པ་ཧྲིལ་བོར་སྔོན་ཆད་བྱད་བཞིན་མཛེས་ལ་སྟོབས་ཀྱིས་ཆེ་བའི་ཧྥེལ་པ་ཟི་ཆུར་ཤི་བ་བྲིས་ཏེ་ཕངས་སེམས་དང་སྐྱོ་གདུང་གི་ཉམས་ཀྱིས་ཁེངས་ཡོད།

ཚན་པ་འདིའི་ཐོག་མའི་མ་ཕྱི་ལ་རྐང་བ་གོ་གསུམ་ཡོད་ཅིང་རྗེས་མར་ཕིང་རྡིས་བཟོ་བཅོས་བྱས་ཏེ་རྐང་བ་བཅུར་གྲུབ་ལ་ཚན་པ་འདི་ཨེལ་ཐུས༡༩༡༦ནས༡༩༡༧བར་ཧྥ་རན་སེའི་ཡི་གེར་འཁོད་པའི་སྙན་ངག«གསོལ་ཁང་དུ»ཞེས་པའི་མཇུག་གི་རྐང་བ་བདུན་དུ་མཐོང༌།

ཚན་པ་རྗེས་མ«གློག་དམར་གྱི་གཏམ»ཞེས་པ་ནི་ཇེའུ་ཟས་དཀའ་སྡུག་མྱངས་པའི་བྱུང་རིམ་ནས་མགོ་བརྩམས་ཏེ་དེང་གི་མི་རྣམས་ལ་དད་མོས་དང་ཡིད་ཆེས་བྲལ་བའི་ངང་ཚུལ་གྱིས་བཟོད་པ་ཏོག་ཙམ་བསྣམས་ནས་འཆི་བར་ཉེ་བ་བསྟན་ཞིང༌།དེང་གི་མྱ་ངམ་ཐང་གི་ཁྱད་ཆོས་གཙོ་བོའང་རིག་གནས་ཉམས་རྒུད་དང་དད་མོས་བྲལ་བ་ཡིན་པར་བརྗོད་དེ།བྲག་རྡོ་ལས་ཆུ་མོས་སྟོང་ཞིང་རྔུལ་ཆུ་སྐམ་སྟེ་རྐང་བ་བྱེ་མར་ཟུག་ལ་རི་བོ་འདས་པོའི་ཁ་ལས་སོ་སྲིན་མཆེད་པས་ཆུ་གཏོང་བར་མི་བྱེད་པའི་མྱ་ངམ་ཐང་གི་རྣམ་པ་དབུགས་རྒྱུན་གཅིག་གིས་ཤར་མར་བྲིས་ཡོད།ཇེའུ་ཟ་བསྐྱར་དུ་གསོན་ཏེ་མི་རྣམས་ཀྱི་ཉེ་འགྲམ་དུ་རྒྱུ་ནའང་དེ་དག་གིས་མཐོང་བར་མ་གྱུར་ལ།མྱ་ངམ་ཐང་ལ་ཆར་ཆུ་མཁོ་མོད་གཞའ་རླུང་ཞིག་ལས་མ་བསྩལ་བར་སྨིག་རྒྱུའི་གྲོང་གིས་ཁེངས་ཤིང་ཅོང་ཁང་མགོ་མཇུག་ལྡོག་སྟེ་བར་སྣང་དུ་དཔྱངས་ཏེ་ཕྱིར་དྲན་གྱི་ཅོང་བརྡ་བསྒྲགས་ནས་དུས་ཚོད་སྟོན་ལ།རྫིང་བུ་སྟོང་བ་དང་ཁྲོན་པ་སྐམ་པོ་ལས་རོལ་དབྱངས་འཁྱར་འོངས་པའི་ཉམ་ང་ལ་ཞེད་སྣང་སྐྱེད།ལྷའི་ཕོར་བ་འཚོལ་བའི་ལམ་ཁའི་ཉེན་ཁས་བསྐོར་བའི་ཆོས་ཁང་དེའང་སྟོང་ཞིང་རལ་བའི་ཁང་སྟོང་ཞིག་ལས་ལྷག་མེད་པའི་རྣམ་པ་བྲིས།དེའི་འཕྲོར་གློག་དམར་གྱི་གཏམ་དྲངས་ཏེ་སྦྱིན་པ་དང་བརྩེ་བ།དུལ་བ་བཅས་ནི་དེང་རབས་ཀྱི་མི་རྣམས་ལ་མཁོ་བའི་ལེགས་བཤད་ཡིན་པར་གདམས་ཡོད་ལ་སྐུ་དྲག་ཝུ་རྒོལ་ནོ་དང་ཁོའི་བུ་གཉིས།ཚ་བོ་གཉིས་མཉམ་གཅིག་ཏུ་ལྕོག་མཁར་ཞིག་ལ་བཅུག་སྟེ་ལྟོགས་ཤིར་ཐེབས་པའི་གཏམ་རྒྱུད་དང༌།ང་རྒྱལ་གྱིས་བརླགས་པའི་དཔའ་རྒོད།ཧྥེལ་མེལ་འཇོལ་མོར་གྱུར་པའི་ལྷ་སྒྲུང༌།ཧིར་ཉི་མོ་སྨྱོས་པའི་གཏམ་རྒྱུད་དྲངས་ཏེ་ཚན་པ་འདིའི་བརྗོད་བྱ་གཙོ་བོ་སྦྱིན་པ་དང་བརྩེ་བ།དུལ་བ་བཅས་སྟོན་པ་ལ་མཐོར་འདེགས་ཀྱི་ནུས་པ་ཐོན་ཡོད།གཙང་འགྲམ་དུ་ཉ་མོ་འཛིན་པ་ལས་ཉ་བའི་དབང་བོ་ཤུགས་སུ་སྟོན་ལ་མེ་དཔུང་དུ་གབ་པས་མི་རྣམས་ཀྱི་བླ་སྲོག་ལ་སྦྱངས་བ་ཐོབ་དགོས་པ་མཚོན་ལ།དེ་ལྟར་བྱས་ཚེ་མི་རྣམས་ལ་བསམ་ཡུལ་ལས་འདས་པའི་བདེ་བའང་ཐོབ་ངེས་པར་བརྗོད་ཡོད།

ནུབ་ཕྱོགས་རྩོམ་རིག་དཔྱད་བརྗོད་ཁ་ཤས་ཀྱིས་སྙན་ངག་རིང་མོ་འདིས་མི་རབས་ཤིག་གི་གནས་བབ་མཚོན་ཡོད་པར་སྨྲས་ཏེ་བསྟོད་པ་ཆེ་རུ་མཛད་ཡོད་པ་དང་།ལ་ཤས་ཀྱིས་ཚིག་གི་ཆག་རོ་དང་ལུང་གི་བཏུས་རོ་ཙམ་ལས་ཅི་ཡང་མིན་པས་གསར་གཏོད་རང་བཞིན་ཅི་ཡང་མི་ལྡན་པར་བཤད་དེ་རྩོམ་བཙོག་ཅིག་ལས་མིན་པར་འདོད་ཡོད།གང་ལྟར་དེང་རབས་རང་བཞིན་ལྡན་པའི་སྙན་ངག་རིང་མོ་འདི«ཚད་གཞི»དུས་དེབ་ཏུ་བཀོད་པ་ནས་བཟུང་།དྲང་ལྡོག་ཅི་རིགས་ཀྱི་དཔྱད་བརྗོད་ཤ་མོ་བརྡོལ་བ་བཞིན་བྱུང་ཡོད་པ་དང་།ཚ་ཚ་འུར་འུར་གྱི་དཔྱད་པའི་རྩོམ་ཡིག་ཀྱང་མང་དུ་སྤེལ་ཡོད་པས།དུས་རབས་རང་བཞིན་གྱི་སྙན་ངག་རིང་མོ་ཞིག་ཏུ་གྱུར་པ་མ་ཟད།ནུབ་ཕྱོགས་དེང་རབས་རྩོམ་རིག་གི་ཚབ་མཚོན་བརྩམས་ཆོས་སུ་གྱུར།ཕྱོགས་གཞན་ཞིག་ནས་ཨེལ་ཐུ་རང་གིས་སྤེལ་བའི་རྩོམ་རིག་དགག་གཞག་གི་དཔྱད་རྩོམ་དེ་དག་དང་།སྐབས་དེར་ནུབ་ཕྱོགས་རྩོམ་རིག་གཞུང་ལུགས་ཀྱི་གར་སྟེགས་སུ་མྱུ་གུ་འབུས་བཞིན་པའི“དགག་གཞག་གསར་བ”ཡི་དཔྱད་རྩོམ་དེ་དག་ཁོའི་བརྩམས་ཆོས་འདི་དང་གཞན་དག་རྩོམ་རིག་གར་སྟེགས་སུ་དར་བའི་རྒྱུ་གལ་ཆེན་ཞིག་ཏུ་གྱུར།མི་མང་པོ་ཞིག་གིས་ཁོའི་མི་ཚེའི་ལོ་རྒྱུས་དང་སྦྲེལ་ཏེ་བརྩམས་ཆོས་འདི་ལ་དཔྱད་པ་གཏང་གི་ཡོད་ལ།དེའི་སྐོར་གྱི་བརྩམས་ཆོས་ཀྱང་མང་པོ་ཞིག་བྱུང་ཡོད་མོད།ཁོའི་མི་ཚེའི་ལོ་རྒྱུས་གསལ་བོ་ཞིག་ད་དུང་ཡང་རྒྱུས་ལོན་བྱ་ཐུབ་མེད།ཁོའི་སྒེར་གྱི་འཕྲིན་ཡིག་དང་རྩོམ་ཡིག་སྐོར་ཅིག་ཁོ་འདས་རྗེས་རིམ་གྱིས་སྤྱི་ལ་བསྒྲགས་ཡོད་པ་དང་།སྐོར་ཅིག་ཁོའི་ཁ་ཆེམས་ནང་བཞིན་ཕྱི་ལོ༢༠༢༠ལོ་ལ་མ་གཏོགས་ཕྱི་ལ་ཁྱབ་སྤེལ་བྱས་མི་ཆོག་པར་འདུག་པས།ཁོའི་མི་ཚེའི་ལོ་རྒྱུས་འབྲི་བ་པོ་དང་རྩོམ་རིག་དཔྱད་བརྗོད་པ་དག་ལ་དཀའ་ངལ་མི་ཆུང་བ་ཞིག་བཟོས་ཡོད།འདི་ཡང་སྙན་ངག་རིང་མོ་འདིའི་བསྟན་དོན་གྱི་སྐོར་ལ་འགྲེལ་བ་སྣ་ཚོགས་པ་ཞིག་ཡོད་པའི་རྒྱུ་ཞིག་ཏུ་རྩི་ཆོག

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

《མྱ་ངམ་ཐང》ཀློག་པ།

2009-10-30 ལྡོང་བུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།