མི། སྙན་ངག སྐད་ཆ། ལྷ་སྒྲུང་།

ལྡོང་བུ་དང་ངལ་རྫི། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-10-18

――ངལ་རྫི་དང་ལྡོང་བུའི་སྙན་ངག་སྐོར་གྱི་དྲ་ཐོག་ཁ་བརྡ།

༼ཁ་བརྡ་འདིར་ལྡོང་བུའི་དྲི་བ་གཙོ་བྱས་ཏེ་ཕན་ཚུན་གྱི་ལྟ་བ་བརྗོད་ཡོད་པ་དང་། དྲ་ཐོག་གི་ཁ་བརྡ་དངོས་ལེགས་སྒྲིག་བྱས་ཏེ་འདིར་བཀོད་པ་ཡིན། ༽

༼ཐད་ཀར་གླེང་བྱའི་མགོ་བརྩམས།༽

ངལ་རྫི།: ཁྱོས་མཐར་ཕྱིན་དཔྱད་རྩོམ་ཅི་འབྲི་རྩིས་ཡོད།

ལྡོང་བུ།:ངས་སྙན་ངག་གསར་པའི་སྐོར་ཞིག་འབྲི་རྩིས་ཡོད།

ངལ་རྫི།: དེ་བཟང་གི 

ལྡོང་བུ།:ཡིན་ནའང་ཁྱབ་རྒྱ་ཆེ། གནད་དོན་ཕྲ་བ་དག་གླེང་ན་ཅུང་དཀའ་མོ་རེད།

ངལ་རྫི།: འབྲི་རྩལ་ལ་ཐུག་ཡོད། 

ལྡོང་བུ།:དེ་ལོས་ཡིན།

ངལ་རྫི།: ཡག་པོ་ཞིག་ཡོང་བ་ལ་ཡིད་ཆེས་ཡོད། གནད་དོན་ཕྲ་བ་ཟེར་བ་གང་སྟོན་གི་ཡོད།

ལྡོང་བུ།:དེའི་ཕྱོགས་ནས་ཁྱེད་ཚོས་རོགས་རམ་གང་མང་གནང་དགོས་རྒྱུ་རེད།

ངལ་རྫི།: ཁ་བརྡ་དང་བསམ་ཚུལ་བརྗེ་རེས་བྱས་ན་ཆོག་གི  ཧ་ཧ།

ལྡོང་བུ།:གནད་དོན་ཕྲ་བ་ཟེར་བ་སྙན་ངག་གམ་རྩོམ་རིག་ཞིབ་འཇུག་གི་གླེང་གཞི་ཆུང་ངུ་དག་ལ་གོ་སྙམ། ཁྱོད་ཆུ་ཚོད་དུ་བར་དུ་ཁོམ་པ་ཡོད།

ངལ་རྫི།: དེ་ཧ་གོ་གི  ཕྱི་དྲོ་ཕལ་ཆེར་ཁོམ་པ་ཡོད།

ལྡོང་བུ།:ངས་ཁྱོད་ལ་དྲི་བའི་ཚུལ་དུ་དྲིས་ན་ཆོག་གམ།

ངལ་རྫི།: ཆོག་གི  ལ་ལ་ལན་འདེབས་ཐུབ་མིན་མི་ཤེས།  ཧ་ཧ།

ལྡོང་བུ།:དེས་ན།ངས་འདི་ན་དྲི་བ་ཁ་ཤས་ཤིག་བཀོད་སྒྲིག་བྱས་ཡོད།དྲི་བ་འདི་དག་ཁྱོད་ཀྱི་གསར་རྩོམ་དང་ལྟ་བ་སོགས་ལ་འབྲེལ་བ་ཡོད།

ངལ་རྫི།: རེད།

ལྡོང་བུ།:དེང་རབས་བོད་ཀྱི་སྙན་ངག་པའི་ཁྲོད་དུ་ཁྱོད་ལ་ཤུགས་རྐྱེན་ཐེབས་མྱོང་མཁན་ཨེ་ཡོད། རྩོམ་རྩལ་དང་བརྗོད་གཞི་གང་གི་ཐད་ནས་ཀྱང་ཆོག

ངལ་རྫི།: ལྗང་བུ་དང་འཇུ་སྐལ་བཟང༌།  མེ་སྟག་སོགས་ཡིན་རྒྱུ་རེད།

ལྡོང་བུ།:རེད།ངའི་ལྟ་ཚུལ་ལ་ལྗང་བུའི་ཤུགས་གཞན་ལས་ཆེ་བ་འདྲ།སྙན་ངག་གི་ཚིག་དང་བརྗོད་གཞིའི་ཆ་ནས།

ངལ་རྫི།: དེ་འདྲ་བསམ་གི་ཡོད། 

ལྡོང་བུ།:ལྗང་བུའི་སྙན་ངག་ལས་ཁྱོས་ཅི་ཞིག་རྙེད་ཐུབ།

ངལ་རྫི།: ལྗང་བུའི་ཁ་སྐད་དང་ཉེ་བའི་འབྲི་ཚུལ་དེས་ཤན་ཤུགས་ཐེབས་སྲིད། 

ལྡོང་བུ།:རེད།དེས་ན།ཁྱོས་བལྟས་ན།ཁ་སྐད་དང་དེང་རབས་སྙན་ངག་གཉིས་བར་ལྟ་ཚུལ་ཅི་ཡོད། བོད་ཀྱི་རྩོམ་རིག་དེ་ཁ་སྐད་དང་བར་ཐག་རིང་བ་འདྲ།

ངལ་རྫི།:དེ་མིན་ཁོའི་བསམ་བློ་ལའང་བཀག་རྒྱ་མེད་པར་གང་དྲན་དུ་སྙན་ངག་གི་ལམ་ནས་མཚོན་ཐུབ་པ་དེས་སྙན་ངག་ནི་མིའི་སྐད་ཆ་དངོས་ཡིན་པ་མཚོན་ཡོད།ནང་སེམས་དང་ཆེས་ཉེ་བའི་སྐད་ཆ་ནི་ཕལ་ཆེར་ཁ་སྐད་ཡིན་རྒྱུ་རེད།

ལྡོང་བུ།:རེད།འདི་ཁྱོས་བཤད་ཡོད་པའི་ཧེ་རྡི་རྒིར་གྱི་སྐད་ཆ་དེ་དང་དོན་ཉེ་བ་འདྲ།སྐད་ཆ་དེ་ཡག་པོ་འདུག

ངལ་རྫི།: དེ་ལ་ཕྱིས་ཀྱི་བཅོས་བཟོ་མེད།

ལྡོང་བུ།:ཁྱོས་ནམ་རྒྱུན་སྙན་ངག་ལ་བཟོ་བཅོས་རྒྱག་གམ།ཡང་ན།ཁྱོས་ནམ་རྒྱུན་སྙན་ངག་ཅི་ལྟར་བྲིས་པ་ཡིན།

ངལ་རྫི།: རྒྱག་གི་ཡོད།  བརྡ་སྤྲོད་དང་མཐུན་དགོས་པ་གལ་ཆེ།

ལྡོང་བུ།:རེད།སྙན་ངག་འབྲི་དུས་ཉམས་འཇོག་དགོས་ས་གཙོ་བོ་དེ་ཅི་རེད།བརྗོད་སྟངས་ཡིན་ནམ་སེམས་ཁམས་ཡིན།

ངལ་རྫི།:ཁ་སྐད་རང་དབང་ཆེ་བས་སྙན་འབྲི་བ་ལ་ཕན་ཐོགས་ཆེ།ཡིན་ནའང་ཡིག་སྐད་ལ་བསྒྱུར་བའི་གོ་རིམ་ཁྲོད་ནས་ནང་གི་དོན་རྣམས་གཙོར་འཛིན་དགོས་པ་འདྲ།ཕྱི་ལུས་དང་ནང་གི་དོན་གཉིས་ཀྱི་ཆ་ནས་ལེགས་པོ་འཁྱོངས་ན་སྙན་ངག་ཡག་པོ་ཞིག་འགྲུབ་སྲིད།

ལྡོང་བུ།:ཁྱོད་ཀྱི་སྙན་ངག་མང་ཤོས་ཐུང་གྲས་སུ་རྩི་ཆོག་པས།ཁྱོས་སྙན་ངག་གི་རིང་ཐུང་ལ་ཇི་ལྟར་ཚད་བཟུང་བ་ཡིན།

ངལ་རྫི།: དེ་བཤད་དཀའ་མོ་རེད།  སྐབས་དེའི་གནས་བབས་ལ་ལྟ་གི་ཡོད།

ལྡོང་བུ།:རེད།ངས་བསམ་ནའང་ཕལ་ཆེར་དེ་འདྲ་ཞིག་ཡིན་པ་འདྲ།ང་གཅིག་པུས་དྲི་བ་དྲིས་ན་སྟབས་བདེ་བོ་ཞིག་མིན་པ་འདྲ། ཧ་ཧ།

ངལ་རྫི།:སེམས་ལ་ཚོར་འདུ་དྲག་པོ་སྐྱེ་དུས་སྙན་ངག་རིང་པོ་འབྲི་ཐུབ་པའི་སྔ་ལྟས་ཤིག་ཐོན་ཡོད།དེ་དུས་འགོག་ཐབས་མེད་པ་འདྲ།

ལྡོང་བུ།:དེ་འདྲ་ཞིག་ཡིན་སྲིད།འདི་འཆར་ཡན་རིང་ལུགས་པའི་རྩོམ་རིག་གཞུང་ལུགས་དང་ཉེ་བ་འདྲ།

ངལ་རྫི།: རང་གི་སྐད་ཆ་ལ་དགའ་བའི་རྐྱེན་གྱིས་ཡིན་སྲིད། བོད་ཀྱི་སྐད་ཆ།

ལྡོང་བུ།:རེད།ཁྱོད་ཀྱིས་སྙན་ངག་རིང་པོ་ཞེས་པའི་ཚིག་དེ་དྲུད་ཡོང་བས།འདི་ནས་ཁྱོད་ཀྱི«འདོད་ཁམས»རགས་ཙམ་གླེང་ན།

ངལ་རྫི།: ༢༠༠༡ལོའི་སྔ་གཞུག་ལ་བྲིས་པ་ཡིན། 

ལྡོང་བུ།:«འདོད་ཁམས»བརྩམས་པ་ནི་ཁྱོས་སྒྲུང་རབས་རྩོམ་རིག་ལ་ཞིབ་འཇུག་བྱ་གི་ཡོད་པ་དང་འབྲེལ་བ་ཆེའམ།

ངལ་རྫི།: མེད། 

ལྡོང་བུ།:སྐབས་དེར་ཁྱོད་ཀྱིས་ལས་ཀ་ག་རེ་གནང་གི་ཡོད།

ངལ་རྫི།:དེ་དུས་སློབ་ཆུང་ཞིག་གི་དགེ་རྒན་ཡིན།བྱ་བ་ལས་ཞོར་ལ་དཔེ་ཆ་མང་པོ་ཀློག་རྒྱུར་དགའ།

ལྡོང་བུ།:དེབ་འགའ་རེ་མཚམས་སྦྱར་ན།དེ་དག་གིས་ཁྱོད་ཀྱི་སྙན་ངག་གསར་རྩོམ་ལ་ཤུགས་རྐྱེན་ཡོད་སྲིད།

ངལ་རྫི།:ཕྱི་གླིང་པའི་མཚན་ཉིད་རིག་པའི་སྐོར་གྱི་ཡིན།ནང་བསྟན་ནམ་རང་གི་རིག་གནས་དང་དེང་རབས་མཚན་ཉིད་རིག་པ།

ལྡོང་བུ།:རེད།ངས་ཁྱོད་ཀྱི་སྙན་ངག་དག་ལས་མཚན་ཉིད་རིག་པའི་ལྟ་བ་གང་རུང་ཞིག་གླེང་བཞིན་པའི་འདུ་ཤེས་སྐྱེས་ཡོང༌། དེབ་འགའ་འམ་མི་སྣ་འགའ་མཚམས་སྦྱར་ན།

ངལ་རྫི།:ཕྱི་ནང་མཐུན་ན་བསམ་ཡོད།དམིགས་ཡུལ་ཡང་དེ་ཡིན།པོ་མན།དེང་རབས་རིང་ལུགས་ཕྱི་མའི་མཚན་ཉིད་རིག་པའི་མཁས་པ་ཞིག་ཡིན། ལོ་ལན་པ་ཐི།

ལྡོང་བུ།:ངས་བསམ་ན། དེ་དག་གིས་ཁྱོད་ཀྱི་སྙན་ངག་དཔྱད་བརྗོད་ལ་ཤུགས་ཆེ་བར་འདུག

ངལ་རྫི།: ཁོ་ཚོས་ཅི་བཤད་ཡོད་པ་ད་ལྟ་དངོས་ནས་མི་དྲན།དེ་དུས་བག་ཆགས་ཅུང་ཆེ་བ་འདྲ། 

ལྡོང་བུ།:རེད། མུ་མཐུད་དུ་ཁྱོད་ཀྱི་སྙན་ངག་རིང་མོ་དེ་གླེང་ན།

ངལ་རྫི།: ཁྱོད་ཀྱིས་སྙན་ངག་དཔྱད་བརྗོད་འབྲི་བ་ལ་གང་ཞིག་གལ་ཆེ་བསམ་གི་ཡོད། 

ལྡོང་བུ།:ཉེ་ལམ་ནུབ་ཕྱོགས་ཀྱི་རྩོམ་རིག་གཞུང་ལུགས་སྐོར་ལ་བལྟས་པ་ཡིན།ངས་ཀྱང་གསལ་བོར་ཧ་གོ་གི་མི་འདུག   དེང་རབས་རྩོམ་རིག་དཔྱད་བརྗོད་ལ་རིག་གནས་དཔྱད་བརྗོད་དང་ལྷ་ སྒྲུང༌།མིའི་རིགས་རིག་པ།སྐད་བརྡ་རིག་པ།སེམས་ཁམས་རིག་པ་སོགས་རིག་ཚན་མང་པོ་ཞིག་འདྲེས་འདུག   རྩོམ་རིག་དཔྱད་བརྗོད་པ་སྐོར་ཞིག་གིས་དེ་ལ་དགའ་བསུ་དང༌།སྐོར་ཞིག་གིས་ དགག་པ་རྒྱག་གི་ཡོད་རེད།

ངལ་རྫི།: དེང་རབས་བོད་ཀྱི་སྙན་ངག་ལ་ཁྱད་ཆོས་ཅི་ཞིག་ཡོད། 

ལྡོང་བུ།:སྙན་ངག་ནི་སྐད་ཆའི་སྒྱུ་རྩལ་ཞིག་ཡིན་པས་ན།སྐད་ཆ་ཆེས་གལ་ཆེ་བར་འདོད།ཁྱོད་ཀྱིས་སྙན་ངག་རིང་མོ་དེ་འབྲི་བའི་ཐོག་མའི་སེམས་ཁམས། ཡང་ན་ཀུན་སློང་ག་འདྲ་ཞིག་ཡིན།

ངལ་རྫི།:དེ་ལ་བསམ་བློ་བཏང་མ་མྱོང༌།ཕལ་ཆེར་སྐབས་དེ་དུས་ཀྱི་འཚོ་བ་རོལ་སྟངས་ཤིག་ཡིན་རྒྱུ་རེད།

ལྡོང་བུ།:འོ་ན།  སྙན་ངག་རིང་མོ་ཞིག་ལ་མཚོན་ན་ཆེས་གལ་ཆེ་བ་དེ་ཅི་རེད།

ངལ་རྫི།: ནང་སེམས་ཀྱི་མྱོང་བ།

ལྡོང་བུ།:ཨེ་ལོན་ཕོ་སོགས་ཀྱིས་སྙན་ངག་རིང་མོ་ནི་བཀླགས་ཐེངས་གཅིག་གིས་ཚར་བ་ཞིག་ཡིན་ན་ལེགས་པར་བཤད་ཡོད།དེ་འདྲ་ཡིན་ན་ཀློག་པ་པོ་ལ་ཚོར་བ་ཧྲིལ་བོ་ཞིག་སྦྱིན་ནུས་ཟེར།དེའི་ཕྱོགས་ན་ལྟ་ཚུལ་ག་འདྲ་འདུག

ངལ་རྫི།: དེ་ཀློག་པ་པོ་ལ་རག་ལས་པ་ཡིན། 

ལྡོང་བུ།:ནང་སེམས་ཀྱི་མྱོང་བ་དེ་ཆེས་གལ་ཆེ་རེད་དམ།རྩོམ་རྩལ།ཡང་ན་སྒྲིག་གཞིའི་ཆ་ནས།

ངལ་རྫི།:ཀློག་པ་པོས་ཇི་ལྟར་ཀློག་ན་ཁོ་རང་ཉིད་ལ་རང་དབང་ཡོད།ནང་སེམས་ཀྱི་མྱོང་བ་དེ་གལ་ཆེ་བའི་རྒྱུ་མཚན་ནི་མི་རང་ཉིད་ཀྱི་རྟོགས་པ་དང་འབྲེལ་བ་ཡོད།

ལྡོང་བུ།:ངས་བསམ་ན། སྙན་ངག་རིང་མོ་རིང་དྲགས་ན་ཚོར་བ་ཧྲིལ་བོ་ཞིག་སྦྱིན་པ་དཀའ་སྙམ།

ངལ་རྫི།: དེ་མེད་ན་རྩོམ་རྩལ་གྱིས་ཅི་བྱ།

ལྡོང་བུ།:ཚོར་བ་སྦྱིན་པ་དེ་སྒྲིག་གཞི་དང་འབྲེལ་བ་ཆེའམ།

ངལ་རྫི།: ཚོར་བ་ཧྲིལ་བོ་ཞེས་པ་གང་ལ་གོ   སྒྲིག་གཞི་དང་འབྲེལ་བ་ཆེ་མེད་པར་བསམ།

ལྡོང་བུ།:ཚོར་བའི་སྤྱི་ཁོག་ཅིག་ལ་གོའམ།ང་ལའང་གསལ་ཆ་མི་འདུག ཧ་ཧ།ཚོར་བ་རབ་རིབ་ བམ་གས་ཆག་ཏུ་གྱུར་པའི་ལྡོག་ཟླ་མིན་ནམ་སྙམ།«འདོད་ཁམས»ཀྱིས་ཁྱོད་ལ་རིང་དྲགས་པ་དང་ལྷོད་ཆེ་བའི་སྣང་བ་སྦྱིན་མྱོང་ངམ།

ངལ་རྫི།: ཚོར་བ་ག་འདྲ་འཚོལ་དགོས་པ་གཙོ་བོ་ཨེ་ཡིན་ནམ།

ལྡོང་བུ།:ཁྱོད་ཀྱི་སྙན་ངག་རིང་མོ་འདི་སྙན་ངག་རིལ་པོ་ཞིག་ཏུ་ཀློག་པ་ལས་ཚན་པ་རེ་རེ་སྙན་ངག་རེ་རེར་བཀླགས་ནའང་ཀློག་སྟངས་ཡག་པོ་ཞིག་མིན་པའི་ཚོར་བ་མི་འདུག་སྙམ།ཐེ་ཀོར་དང་ཧེ་ཐི་མན་གྱི་སྙན་ངག་ལྟ་བུར།རེད།འདིའང་སྙན་ངག་གི་དམིགས་པ་ཞེས་པའི་གནད་དོན་དང་སྦྲེལ་སོང༌།སྙན་ངག་ཅིག་ལས་ང་ཚོས་ལེན་དགོས་པ་དེ་ཚོར་བ་ཁོ་ན་མིན་པ་ཐག་གིས་ཆོད།

ངལ་རྫི།: ངས་འདོད་ཁམས་ཀློག་དུས་དེ་ནི་རང་གི་མིན་པའི་སྣང་བ་སྟེར།

ལྡོང་བུ།:དེ་ཅིའི་ཕྱིར།

ངལ་རྫི།:རང་ལ་མི་དབང་བ་འདྲ།སྙན་ངག་ཞེས་པ་བྲིས་ཚར་རྗེས་ཁོ་རང་ལ་བླ་སྲོག་ཅིགཡོད་པ་ཐག་གིས་ཆོད།ངས་དེ་ལས་ཅི་ཞིག་འཚོལ་འདོད་པ་དེ་རང་གི་བསམ་ཡུལ་ནས་འགོངས་ནས་ཡོད།

ལྡོང་བུ།:སྙན་ངག་ཐུང་ངུ་ཡིན་ན་ཚོར་བ་གཙོ་ཆེ་བ་འདྲ།རིང་མོར་ཚོར་བ་ཙམ་མིན་པར་དེ་ལས་གཞན་པའི་སྙིང་པོ་ཞིག་བཙལ་ན་ལེགས་པར་འདོད།ཁྱོད་ཀྱི་སྙན་ངག་ཏུ་དེའི་ཕྱོགས་ལ་འབད་པ་བྱས་པ་མཐོང་ཐུབ།སྙན་ངག་རང་ཉིད་ཀྱང་སྲོག་ལྡན་ཞིག་ཏུ་འགྱུར་པའི་གནས་ལུགས་དེ་མང་པོས་ཁས་ལེན་པ་འདྲ།དེ་ཅི་ཞིག་ལ་རག་ལས་སམ།སྙན་ངག་གི་སྐད་ཆ་དང་ཚོར་བ་གཅིག་ཏུ་བསྡུས་པའི་ཕན་ནུས་ཡིན་སྲིད།

ངལ་རྫི།: དེ་མིའི་བློ་རྩལ་ལས་བྱུང་བས་ཡིན་ནམ།

ལྡོང་བུ།:ཡིན་ཐག་ཆོད།ཁྱོད་ཀྱི་སྙན་ངག་རིང་མོ་འདིའི་ཚིག་རྐང་མང་པོ་བྱ་ཚིག་གིས་མཇུག་བསྡུས་ཡོད་པ་དེས་ཁྱོད་ཀྱི་སྙན་ངག་གི་ཁྱད་ཆོས་ག་འདྲ་ཞིག་སྟོན་གྱི་ཡོད།དེ་དོན་བརྗོད་ཀྱི་ནུས་པ་ཞིག་སྟོན་གྱི་ཡོད་དམ།

ངལ་རྫི།:སྐད་ཆ་ནི་དེ་མཚོན་བྱེད་དམ་བླ་སྲོག་འཕོ་ས་ལྟ་བུ་ཡིན་སྲིད།སྙན་ངག་དེ་གསོན་པོ་ཞིག་ཡིན་ན་བསམ་ཡོད། 

ལྡོང་བུ།:རེད། དོན་བྱ་གང་རུང་ཞིག་ལ་འཇུག་གིན་ཡོད་པའི་གནས་སྟངས་དེ་ཟེར་རམ།

ངལ་རྫི།: རེད།སྐད་ཆ་མིའི་ནང་སེམས་དང་ཁ་མ་བྲལ་བར་ཡོད་ན་དེ་ལྟར་ཡིན་པར་འདོད།

ལྡོང་བུ།:«འདོད་ཁམས»ཀྱིས་ཁྱོད་ཀྱི་སྐབས་དེའི་སེམས་ཀྱི་བླ་སྲོག་དང་ཉེ་བའི་འཚོ་སྟངས་ཤིག་མཚོན་གྱི་ཡོད་དམ།

ངལ་རྫི།: ཡོད་ཁོ་ཐག་ཡིན།

ལྡོང་བུ།:«འདོད་ཁམས»ཀྱི་ཚན་པ་ང་བཞི་བར།“ལམ་ལ་ཞུགས་པ་ནས∕ལམ་ལ་མགོ་རྔ་མེད་ལ∕འགྲུལ་བཞུད་ལ་མཇུག་རྫོགས་རྒྱུ་མེད་པས་སྐྱོ་སོང”ཞེས་པའི“སྐྱོ་སོང”ཞེས་པ་དེ་སྙན་ངག་གི་དོན་སྟོན་པ་ལ་ཚིག་ལྷག་ཅིག་ཡིན་པར་འདོད་པས། དེའི་ཕྱོགས་ནས་ཁྱོད་ལ་ལྟ་ཚུལ་ཅི་ཡོད།

ངལ་རྫི།:ནང་སེམས་ཀྱི་ཚོར་བ་གཙོ་བོ་བྱས་པས་རྐྱེན་གྱིས་ཡིན་ངེས་རེད།ངས་བསམ་བློ་བཏང་མ་མྱོང་།

ལྡོང་བུ།:རེད།

ངལ་རྫི།: “སྐྱོ་སོང”ཞེས་པ་དེ་མེད་ན་གནས་ལུགས་རྐྱང་རྐྱང་ཞིག་བཤད་བཞིན་པ་འདྲ།

ལྡོང་བུ།:དེས་སྙན་ངག་གི་ཉམས་གང་རུང་སྟོན་པ་ལ་གེགས་མི་འདུག་གམ།

ངལ་རྫི།: དེ་འདྲའི་སྐྱོན་ད་དུང་མང་སྲིད་ཀྱི་རེད།  ཡིན་ནའང་དེ་གཙོ་བོ་མིན་པ་འདྲ།

ལྡོང་བུ།:རེད།སྙན་ངག་རིང་མོ་ཞིག་ལ་མཚོན་ན་དེ་འདྲ་གཙོ་བོ་མ་རེད།གལ་སྲིད་སྙན་ངག་རིང་མོ་ཞིག་ལ་མཚོན་ན་སྒྲིག་གཞི་དང་སྐད་ཆ།ཉམས་འདོན་སྟངས་གང་གི་ཆ་ནས་ཀྱང་འཐུས་ཚང་ཞིག་གམ་སྤྱི་ཡོངས་ཀྱི་འདུ་ཤེས་ཤིག་སྟེར་ནུས་ན་ལེགས་བསམ་ཚེ།«འདོད་ཁམས»ཚད་དེར་སླེབས་ཡོད་དམ།འདྲི་ཚིག་འདི་ཀློག་པོར་འདྲི་རྒྱུ་ཞིག་ཡིན་ཀྱང་སྲིད།སྙན་ངག་རིང་མོ་དེའི་ཚིག་གི་ཡོང་སྟངས་དང་ཉམས་ལ་དབྱངས་ཀྱི་འགྱུར་ཁུགས་དང་ལྡན་འདུག

ངལ་རྫི།:གོང་གི་དེས་ཚིག་རྐང་ཕྱི་མ་འདྲེན་ཐུབ་ཀྱི་ཡོད་མེད་ལ་བལྟ་དགོས།དེ་ལྟར་བྱས་ན་གས་ཐོར་དུ་མི་འགྲོ་བར་ཕན། ངའི་བསམ་ཚུལ་ལ་མགོ་རྔ་ཚང་ཡོད་པ་འདྲ།

ལྡོང་བུ།:རེད།

ངལ་རྫི།: སྐད་ཆའི་གནས་ལུགས་དང་མཐུན་ན་འགྱུར་ཁུགས་ལྡན་སྲིད་ཀྱི་རེད།

ལྡོང་བུ།:སྙན་ངག་དེ་ཁྱོད་ཀྱི་འཚོ་བ་ལས་གཞན་ཅི་ཞིག་དང་འབྲེལ་བ་ཆེ།

ངལ་རྫི།: ལྟ་བ།

ལྡོང་བུ།:དེ་ཁོ་ཐག་ཡིན་ངེས།སྐབས་དེའི་སྤྱི་ཚོགས་གནས་བབ་དང་འབྲེལ་བ་ཡོད་དམ།

ངལ་རྫི།: མི་སྒེར་གྱི་འཚོལ་སྙེག་དང་འབྲེལ་བ་ཡོད། 

ལྡོང་བུ།:རེད། དེ་མི་རིགས་ཀྱི་ལོ་རྒྱུས་འདུ་ཤེས་དང་སྒེར་གྱི་འདུ་ཤེས་དང་འབྲེལ་འདུག་སྙམ།

ངལ་རྫི།:ངས་ཐུན་མོང་གི་སྐན་ཆ་ཞིག་བཤད་འདོད་པ་མིན།ཡིན་ནའང་མི་ཟེར་བ་སྤྱི་ཚོགས་རིག་གནས་ཀྱི་གྲུབ་ཆའམ་དེ་བཟོ་སྐྲུན་བྱེད་མཁན་ཡིན་པས། འབྲེལ་བ་ཡོད་སྲིད།

ལྡོང་བུ།:རེད།

ངལ་རྫི།: མི་དང་རིག་གནས་གཉིས་ལས་མི་གཙོ་བོ་ཡིན་པ་ངའི་ལྟ་ཚུལ་ཡིན། 

ལྡོང་བུ།:མི་ཟེར་བ་འདིར་ཉེ་བའི་བརྡ་ཆད་གཞན་ཡོད་དམ།བརྩེ་བའམ་གཉུག་གཤིས་སོགས་དང་འབྲེལ་ལམ།

ངལ་རྫི།: དེ་ཁོའི་ནང་རྫོང་རེད།

ལྡོང་བུ།:ངས་ཁྱོད་ཀྱི་སྙན་ངག་གཞན་དག་ལས་ཀྱང་ཚོར་བ་འདི་རྙེད་ཐུབ་ཀི།

ངལ་རྫི།: སྙན་ངག་པའི་གནས་སྟངས་ནི་མིའི་གནས་ལུགས་དང་ཆེས་ཉེ་བ་ཡིན།

ལྡོང་བུ།:སྙན་ངག་རིང་མོ་དེས་གཞོལ་བཞིན་པའང་ཕྱོགས་དེ་ཡིན་པ་འདྲ།

ངལ་རྫི།: ཁོས་དེ་ལ་བསམ་བློ་བཏང་ཡོད་པའི་རྐྱེན་གྱིས་རེད།

ལྡོང་བུ།:རེད།

ངལ་རྫི།: མི་སྒེར་དང་མིའི་རིགས་སྤྱི་ལ་ཡོད་པའི་གཉུག་མའི་དོན་དེ་ཡིན།

ལྡོང་བུ།:དེ་ཁྱོས་བྲིས་པའི«སྙན་ངག་གི་དེ་ཉིད»ཅེས་པའི་སྐད་ཆ་དང་མཐུན་འདུག

ངལ་རྫི།:མི་སྒེར་གྱི་ནང་སེམས་ལ་གཞོལ་ན་མིའི་རིགས་ཀྱི་ངོ་གདོང་ལྟ་བྱེད་ཀྱི་མེ་ལོང་རྙེད་འོང༌།སྙན་ངག་ནི་ལམ་དེ་ཡིན།

ལྡོང་བུ།:འདི་ནི་ཁྱོད་ཀྱི་སྙན་ངག་གི་གདམས་ཚིག་ལྟ་བུ་ཡིན་པ་འདྲ།ཁྱོད་ཀྱི་སྙན་ངག་དག་ལས་ཚེ་སྲོག་དང་འདོད་པ། ཕོ་མོ་སོགས་གཉུག་གཤིས་ཀྱི་ཆ་མང་པོ་མངོན་གྱི་འདུག

ངལ་རྫི།:མིའི་ཤེས་པ་དང་ངོ་བོ་་གཅིག་ལ་ཐིམ་ན་སྐད་ཆ་ཆ་ཚང་བར་གྲུབ་ཡོད་པ་མིན་ནམ།

ལྡོང་བུ།:ཁྱོད་ཀྱི་སྙན་ངག་མང་ཤོས་སུ“བུད་མེད”ཅེས་པའི་ཚིག་དེ་བྲིས་ཡོད་པ་དེ།སྙན་ངག་གི་ཡིད་བརྙན་གཙོ་བོ་ཞིག་ཡིན་པ་འདྲ།

ངལ་རྫི།: དེ་ནི་ང་སྐྱེས་པ་ཞིག་ཡིན་པའི་རྐྱེན་གྱིས་ཡིན། ཧ་ཧ།

ལྡོང་བུ།:ཧ་ཧ།  དེ་འདྲ་ཡིན་སྲིད།

ངལ་རྫི།:འཇིག་རྟེན་སྐྲུན་པ་ལ་ཕྱེད་ཀ་གཞན་དེ་འཚོལ་དགོས་པ་གལ་ཆེ།ང་ཚོ་ལ་མཚོན་ན་བུད་མེད་ནི་ཤེས་རབ་ཡིན།

ལྡོང་བུ།:ཕྱེད་ཀ་དེ་ཁྱོད་ཀྱི་སྙན་ངག་ཏུ་མངོན་པར་བསྐྲུན་འདུག  ཁྱོད་ཀྱི་སྙན་ངག་ཏུའང་དེ་ཤེས་རབ་ལ་གོ་ཆོག་པ་འདྲ།

ངལ་རྫི།:ཐ་གུ་འབར་གྱིན་པའི་ཚིག་དྲི་དེའང་ཡིན།ཧེ་ལོན་དང་འབྲུག་མོ་སོགས་མེད་ན་མེ་སྟག་མཆེད་མི་སྲིད།རིགས་རྒྱུད་ཀྱང་ཆད་འགྲོ།ལོ་རྒྱུས་ཀྱང་འཕེལ་ཐུབ་མིན་མི་ཤེས།«འདོད་ཁམས»ཀྱི་ཐོག་མའང་བུད་མེད་ནས་འགོ་ཚུགས་པ་ཡིན། གནམ་ནས་བབས་པའི་ལྷ་མོ་རྣམས།

ལྡོང་བུ།:ག་ལ་ཐུབ། རེད། ངས་མཐོང་བྱུང་།  “ལྷ་མོ་རྣམས་ས་འཛིན་གྱི་པང་དུ་ལོག”

ངལ་རྫི།: མཇུག་བསྡུ་དུས་དེ་ལ་འབྲེལ་ཡོད།  བྲག་ཕུག

ལྡོང་བུ།:ཚན་པ་དང་པོ་གཅིག་པུ་ལའང༌།ལྷ་མོ་དང༌།ཁུ་བ།མཆུ་འདབ།གཞོན་ནུ་མ།འདོད་པའི་ལྷ་ཚོགས་སོགས་ཐ་སྙད་མང༌།བྲག་ཕུག་དང་ཕ་བོང་ཕོ་མོའི་མཚོན་བྱར་འགྱུར་རམ།

ངལ་རྫི།:བྲག་ཕུག་ནི་མིའི་རིགས་ཐོག་མར་མཆེད་པའི་ཁུངས་ཡིན་པ་དང་བུ་སྣོད་དང་འདྲ་བར་སེམས།ཕ་བོང་ནི་སྐབས་དེའི་ཚོར་བ་ཞིག་བཤད་ཀྱི་ཡོད་པ་ཡིན།གནས་ལུགས་དང་ཉེ་བར་བཅར་བའི་ཚོར་བ་ཞིག

ལྡོང་བུ།:རེད།ཚན་པ་བཅུ་བའི་ནང་གི་ཕ་བོང་དེ་ཡིད་བརྙན་ག་འདྲ་ཞིག་ལ་ངོས་བཟུང་ན་འགྲིག

ངལ་རྫི།:ཕ་བོང་ནི་ལོ་རྒྱུས་ཀྱི་གཙང་བོའི་འགྲམ་གྱི་མངོན་སུམ་དུ་ཡོད་པའི་མི་རེ་རེའང་ཡིན།རྟོག་བཟོ་དེ་འདྲ་བྱུང་བ་མ་གཏོགས་ཡིད་བརྙན་འདི་རེད་ཅེས་སྟོན་རྒྱུ་མེད།

ལྡོང་བུ།:རེད།སྙན་ངག་ནི་ཚེ་སྲོག་ཡོད་དོ་ཅོག་ལ་འདྲ་མཉམ་གྱིས་རང་ཆས་སུ་ཡོད་ཅེས་པ་དེར་ཅི་ལྟར་གོ་བ་ལེན་དགོས།དེ་ནི་སྙན་ངག་པའི་ཤེས་པ་དང་རྟོག་པ་ལས་ཡོང་བ་ཡིན་སྲིད།

ངལ་རྫི།:སྙན་ངག་ནི་སྐད་ཆའི་གཉུག་མ་དང་སྐད་ཆ་ནི་མིའི་གནས་སྟངས་གཙོ་བོ་ཡིན་པས་རེད།

ལྡོང་བུ།:ངས་ད་དུང་ཡང་སྐད་ཆ་ནི་མིའི་གནས་སྟངས་ཡིན་ཞེས་པར་གོ་བ་ཡག་པོ་ཞིག་ལེན་ཐུབ་མ་སོང༌།  ཧེ་རྡི་རྒེར་གྱི་ལྟ་བ་དེར།

ངལ་རྫི།: ཧེ་རྡི་རྒེར་གྱི་ལྟ་བ་དང་མཐུན།

ལྡོང་བུ།:རེད།

ངལ་རྫི།: མི་ནི་ཐ་སྙད་ཀྱི་མི་ཡིན།

ལྡོང་བུ།:ཐ་སྙད་ཀྱི་མི་ཞེས་པ་མི་དངོས་མ་དེ་ཡིན་ནམ།

ངལ་རྫི།: ཡིན།

ལྡོང་བུ།:ཁྱོས་ཧྥོལ་ཡི་རྡིའི་རྩ་བའི་བདག་དང་རང་གི་བདག་སོགས་དྲངས་འདུག་པ་དེར།ཐ་སྙད་ཀྱི་མི་ཞེས་པ་བདག་གང་ལ་གོ་ན་ཆོག

ངལ་རྫི།:སྐད་ཆ་དེ་དག་བཙན་གྱིས་སྒྲིག་པ་ཡིན།ཐ་སྙད་ཀྱི་བདེན་པ་དེ་མིའི་གནས་ལུགས་ལ་གོ།ཡོངས་ཁྱབ་ཀྱི་བདག་ནི་ཐ་སྙད་ཀྱི་བདག་ཡིན།

ལྡོང་བུ།:མི་ནི་ཐ་སྙད་ཀྱིས་གྲུབ་པ་ཡིན་ན།མི་དང་རྩོམ་རིག  ཡང་ན་སྙན་ངག་གི་འབྲེལ་བ་ངོས་འཛིན་ག་འདྲ་ཞིག་བྱ་དགོས།དེ་དག་ཀྱང་ཐ་སྙད་ཀྱིས་གྲུབ་པ་ཡིན་པ་མ་ཟད།མིས་ཀྱང་གྲུབ་ཡོད་པས།

ངལ་རྫི།: མི་ལ་མི་མཚན་ཉིད་ཚང་དགོས་ན་སྐད་ཆ་མེད་དུ་མི་རུང༌།

ལྡོང་བུ།:ཡང་ན་མི་ནི་སྙན་ངག་གིས་གྲུབ་པ་དང༌།སྙན་ངག་ནི་ཐ་སྙད་ཀྱིས་གྲུབ།ཐ་སྙད་སྐད་ཆས་གྲུབ།མཐར་ཐུག་མི་རང་ཉིད་ཀྱང་སྐད་ཆས་གྲུབ་པ་འདྲ་ཞིག་ཡིན་ནམ།སྐད་ཆས་ད་གཟོད་མི་ཕྱིར་སྟོན་ཐུབ་པ་ཡིན་ནམ།

ངལ་རྫི།: དེ་ལྟར་བཤད་ནའང་ཆོག  མིའི་གནས་སྟངས་དེ་གཙོ་བོ་སྐད་ཆའི་སྟེང་ན་ཡོད་པ་མ་ཡིན་ནམ།

ལྡོང་བུ།:རེད།ཁྱོས་གདོད་མའི་ཡིད་བརྙན་དང་ལྷ་སྒྲུང་གི་ཟུར་ནས་འདི་ལ་འགྲེལ་ཞིག་བརྒྱབ་ན།

ངལ་རྫི།:སྐད་ཆ་ནི་བརྡ་སྤྲོད་བྱེད་ཙམ་མིན་པ་སུས་ཀྱང་ཤེས་ངེས།གདོད་མའི་ཡིད་བརྙན་ལ་ད་ལྟ་ང་ཚོས་གདོད་གཟུགས་ཞེས་འབྲི་གི་ཡོད།འགྲིག་མིན་མི་ཤེས།ལྷ་སྒྲུང་ནི་མིའི་ཆེས་ཐོག་མའི་སྙན་ངག་ཡིན།དེ་གཏམ་རྒྱུད་དང་ངག་རྒྱུན་སོགས་དང་མི་འདྲ།

ལྡོང་བུ།:རེད།ནུབ་ཕྱོགས་སུ་དར་བའི་སྙན་ངག་ཅེས་པའི་བརྡ་ཆད་དེ་སྙན་ངག་ཁོ་ན་མིན་པར་རིག་ཚན་ཞིག་ལ་གོ་བ་འདྲ།ལྷ་སྒྲུང་ནི་དེའི་ནང་གི་གལ་ཆེ་ཤོས་སུ་རྩི་ཆོག

ངལ་རྫི།:སྙན་ངག་རིག་པ་ནི་དེ་དུས་མཚན་ཉིད་རིག་པ་ལ་གོ།ལྷ་སྒྲུང་ནི་རིག་གནས་གཞན་དག་གི་འབྱུང་ཁུངས་ཡིན།ཁྱོད་ཀྱི་བསམ་ཚུལ་ལ་སྙན་ངག་མི་རིགས་དང་ཁ་འབྲལ་ཐུབ་བམ།

ལྡོང་བུ།:མི་རིགས་དང་འབྲལ་ཐུབ་མེད།མི་རིགས་སོ་སོའི་སྐད་ཆའི་སྨྲ་བརྗོད་དང་ཡོང་ལུགས་སོགས་མི་འདྲ་བ་དེས་སྙན་ངག་གི་ཉམས་དང་ཁྱད་ཆོས་མི་འདྲ་བ་བསྟན་ཡོད།

ངལ་རྫི།: དེ་འདྲ་རེད།ངོ་མ་རེད།

ལྡོང་བུ།:དེ་བཞིན།  སྐད་ཆ་གང་དེས་མི་རིགས་གང་དེའི་ལྷ་སྒྲུང་ལ་ཤན་ཆེ་བ་མིན་ནམ།

ངལ་རྫི།: དེང་སང་གི་སྙན་ངག་ལ་ཁྱད་ཆོས་དེ་ཡོད་ན་འགྲིག

ལྡོང་བུ།:རེད། དེང་སང་ལོ་ཙྰའི་ཁྲོད་དུ་གནས་པའི་གནད་ཆེ་ཤོས་ཀྱང་དེ་རེད།

ངལ་རྫི།: རེད།ཁྱོད་ཀྱིས་བསྒྱུར་བའི་སྙན་ངག་དག་གང་ནས་བལྟས་ཀྱང་ལེགས་པོར་གྲུབ་ཡོད། དེ་ཕལ་ཆེར་སྙན་ངག་དེ་ལ་རང་གི་གོ་བ་ལོན་པའི་རྐྱེན་གྱིས་ཡིན།

ལྡོང་བུ།:དེ་འདྲ་ཞིག་ཡིན་པར་སྨོན།མི་རིང་བར«མྱ་ངམ་ཐང»དང«རྡོ་ཉི་མ»གཉིས་རིག་ཐུབ་པས།བསམ་འཆར་མང་ཙམ་འདོན་རོགས།སྐད་ཆ་དང་ལྷ་སྒྲུང་གཉིས་ཀྱི་བར་དུ་འབྲེལ་བ་དམ་པའི་སྐོར་ཁྰ་ཟེར་གྱི་དེབ«སྐད་ཆ་དང་ལྷ་སྒྲུང»ཞེས་པར་བསྟན་ཡོད།

ངལ་རྫི།:སྙན་ངག་དེ་གཉིས་ཀྱིས་ངའི«འདོད་ཁམས»ལ་ཤན་ཞུགས་ཐེབས་ཡོད།སྐད་ཆ་དང་ལྷ་སྒྲུང་གཉིས་ཀྱི་བར་དུ་འབྲེལ་བ་ཡོད།

ལྡོང་བུ།:རེད།དེ་གཉིས་བར་གྱི་འབྲེལ་བ་ད་དུང་ཡང་དེབ་མང་བཀླགས་ན་གསལ་བོ་ཞིག་གོ་རྒྱུ་རེད།རྗེས་མ་དེས་དེ་ལས་ཀྱང༌ཤན་ཐེབས་འདུག

ངལ་རྫི།: ངོ་མ་ཡིན།

ལྡོང་བུ།:ངས་ཀྱང་ཁྱོད་ཀྱི«འདོད་ཁམས»ལ་བལྟས་པ་དང༌། ཕ་ཟིའི་དྲི་མ་ཞིག་ཚོར་ཐུབ།

ངལ་རྫི།: དོན་གྱི་ཆ་ནས་སྔ་མ་མང་ལ་ལུས་ཀྱི་ཆ་ནས་ཕྱི་མ་མང་།

ལྡོང་བུ།:ངོ་མ་རེད།དེས་ན་དྲི་རྒྱུ་ཞིག་ལ།ནུབ་ཕྱོགས་རྩོམ་རིག་ལས་ཁྱོད་དགའ་ཤོས་སམ་ཤན་ཐེབས་མྱོང་བའི་སྐོར་ཅིག་བཤད་ན།

ངལ་རྫི།: ད་དང་ཨུ་རུ་སིའི་སྙན་ངག  ཨ་ཧ་མ་ཐོ་བའི་སྙིང་སྟོབས་དང་པུ་ལོ་སེ་གེའི་སྙན་ངག

རྗེས་ནས་ཨ་རི་ལ་གནས་སྤར་སོང་བའི་པུ་ལོ་སེ་གེ།ཁོའི་སྙན་ངག་གི་འདེགས་འཇོག་དེར་མིའི་སེམས་རྩ་དཀྲུགས་པའི་ནུས་པ་ཡོད།

ལྡོང་བུ།:རེད། ངས་གོ་མྱོང༌། ཡིན་ནའང་བཀླགས་མྱོང་མེད།  རྗེས་སུ་ཀློག་ངེས།

ལྡོང་བུ།:གཞན་མེད་དམ།

ངལ་རྫི།: ད་དུང་ཡོད། གཙོ་བོ་དེ་གཉིས་ཡིན། ཕུ་སི་ཀེན།

ལྡོང་བུ།:རེད།

ངལ་རྫི།: རྗེས་ཕྱོགས་སྙན་དཔྱད་ཕྱོགས་ནས་མང་པོ་འབྲི་ཐུབ་ན་བསམ་ཡོད།བོད་ལ་དེ་མཁོ།

ལྡོང་བུ།:ངས་ཀྱང་དེ་བསམ་ཡོད།དཔྱད་རྩོམ་འདི་ཡང་གཙོ་བོ་དེའི་ཆེད་ཡིན།

ངལ་རྫི།:ལོ་འགའི་སྔོན་ལ་བདུད་ལྷ་རྒྱལ་ངེད་གཉིས་ཀྱིས་དེའི་སྐོར་ལ་ཁ་བརྡ་བྱེད་དུས་ཁོས་ཀྱང་ལྷ་ཚུལ་དེ་འདོན་གི།རྩོམ་རིག་དཔྱད་བརྗོད་མང་པོ་ཞིག་བྱུང་རྒྱལ་དུ་ཁུངས་ལུང་མེད་པར་བཤད་གི་ཡོད་པའི་སྣང་བ་སྟེར།དེ་འདྲ་ཨེ་རེད།

ལྡོང་བུ།:བོད་ལ་སྙན་ངག་པ་ཡག་པོ་ཁ་ཤས་འདུག་ནའང༌།སྙན་ངག་དཔྱད་བརྗོད་པ་གཅིག་ཀྱང་མི་འདུག

སྙན་ངག་གི་དཔྱད་པ་དེ་དག་ནི་གཞུང་ལུགས་དང་ཟབ་ཚད་མེད་པ་རྐྱང་རྐྱང་རེད།

ངལ་རྫི།: རེད་ཡ།དེ་དཔྱད་པ་མ་རེད་བཤད་པ་རེད།

ལྡོང་བུ།:ཧ་ཧ། འདི་ནས་ཁྱོད་ཀྱི་སྙན་དཔྱད་དེའི་སྐོར་ལ་ཁ་བརྡ་ཞིག་བྱེད།

ལྡོང་བུ།:ཁྱོས་སྙན་ངག་དཔྱད་བརྗོད་འབྲི་བ་དེས་རང་གིས་སྙན་ངག་འབྲི་བ་ལ་ཕན་པ་ཡོད་དམ།

ངལ་རྫི།: ལྡོག་ནས་བཤད་ན་འགྲིག  སྙན་ངག་འབྲི་བ་དེས་རང་གིས་སྙན་ངག་དཔྱད་བརྗོད་སྤེལ་བ་ལ་ཕན་ཐོགས་ཆེ།

ལྡོང་བུ།:ཁྱོད་ཀྱི་སྙན་ངག་དཔྱད་བརྗོད་དུ་ནུབ་ཕྱོགས་དེང་རབས་ཀྱི་རིག་གནས་དང་རྩོམ་རིག   མཚན་ཉིད་རིག་པ་སོགས་ལ་ཞིབ་འཇུག་བྱེད་པའི་ཁྱབ་ཁོངས་ཀྱི་ལྟ་བ་དང་སྦྲེལ་ཡོད་པ་འདྲ་བས། དེའི་སྐོར་ནས་མཚམས་སྦྱོར་བསྡུས་པ་ཞིག་བྱས་ན་ཆོག་གམ།

ངལ་རྫི།:གཞུང་ལུགས་དེ་དག་ནི་རྨང་གཞིའི་གཞུང་ལུགས་དག་དག་ཡིན་པས་དེར་བཀོལ་བ་ཡིན།གཙོ་བོ་ངས་ཅི་ཞིག་དཔྱད་ཐུབ་ཀྱི་ཡོད་མེད་སྟོན་ཐུབ་ན་དམིགས་ཡུལ་འགྲུབ་ཡོད་པ་ཡིན།

ལྡོང་བུ།:ནུབ་ཕྱོགས་ཀྱི་རྨང་གཞིའི་གཞུང་ལུགས་དེ་དག་མཚན་ཉིད་རིག་པ་སོགས་ཁྱབ་ཁོངས་མང་པོར་སྦྲེལ་ཡོད་པས།ཐོག་མར་འཇུག་པ་པོ་ཞིག་ལ་མཚོན་ན་དཀའ་ལས་ཤིན་ཏུ་ཆེ་བར་འདུག རྩོམ་རིག་དཔྱད་བརྗོད་དང་རིག་གནས་དཔྱད་བརྗོད་བར་ལ་ཁྱད་པར་ག་འདྲ་འདུག

ངལ་རྫི།: ང་ལའང་དཀའ་ཁག་དེ་ཡོད།  གཞུང་ལུགས་ལ་ལ་ཞིག་བཀོལ་ཐབས་མི་འདུག 

ད་ལྟ་དུས་ལ་ཁྱད་པར་ཆེ་མི་འདུག  རང་གི་ཁ་ཕྱོགས་གང་ཡིན་ན་དེ་ལ་དཔྱད་པ་བཏང་བས་ ཆོག   ལྟ་བ་འདི་དེང་རབས་རྒྱུགས་ཆེ།

ལྡོང་བུ།:ཁྱོད་ཀྱི་ཞི་བདེ་ཉི་མའི་སྙན་ངག་གླེང་བའི་དཔྱད་བརྗོད་དེར་རྩོམ་རིག་དཔྱད་བརྗོད་ཀྱི་གྲུབ་ཆ་དེ་རིག་གནས་སམ་སྤྱི་ཚོགས་དཔྱད་བརྗོད་ལས་ཤས་ཆུང་བའི་ཚོར་བ་འདུག་གམ།རྩོམ་རིག་གི་མཛེས་དཔྱོད་གླེང་བའི་དཔྱད་བརྗོད།ཡིན་ནའང་འདི་ཚིག་མཚར་བོ་གོ་རྒྱུ་མེད་པ་ཞིག་ཡིན་ཀྱང་སྲིད།

ངལ་རྫི།:རེད།མཛེས་དཔྱོད་ཀྱི་རྩ་བ་རིག་གནས་ལ་གྲུབ་ཡོད་པས་རྩོམ་རིག་དཔྱད་བརྗོད་ལའང་མཛེས་དཔྱོད་ཡོད་པ་ཡིན།ངའི་དམིགས་གཞན་ཞིག་དེ་ཡིན།མཛེས་དཔྱོད་ཀྱི་ཆ་ནས་ལྷོད་དེ་ཡོད།

ལྡོང་བུ།:དེ་རེད།ཁྱོས་སྙན་ངག་དཔྱད་བརྗོད་དེར་བོད་ཀྱི་དེང་རབས་རྩོམ་པ་པོ་དང་སྤྱི་ཚོགས་བར་གྱི་འབྲེལ་བའི་སྐོར་གླེང་ཡོད་པས།ཁྱོས་བལྟས་ན་དེ་གཉིས་ཀྱི་འབྲེལ་བ་ཆེས་གལ་ཆེ་སའམ།འགལ་འདུ་ལྟེ་བར་མངོན་ས་དེ་གང་རེད།

ངལ་རྫི།:རྩོམ་རིག་གི་ལས་དབང་དང་རྩོམ་པ་པོའི་ལས་དབང་གཉིས་གཅིག་ལ་ཐུག་ཡོད།ཉམ་ཉེས་ཀྱི་ལས་དབང་།

ལྡོང་བུ།:ཉམ་ང་བའི་ལས་དབང་སྐྱོ་བོ་དེ་རེད།འདི་ཕྱོགས་གཞན་ཞིག་ནས་རྩོམ་རིག་དཔྱད་བརྗོད་པ་ལའང་རག་ལས།

ངལ་རྫི།: དེ་དག་ཚང་མ་འབྲེལ་ཡོད་པར་སེམས།

ལྡོང་བུ།:རྩོམ་རིག་འཕེལ་རྒྱས་ནི་རྩོམ་དང་རྩོམ་དཔྱད་མཉམ་དུ་འཕེལ་བ་དེ་རེད།

ངལ་རྫི།: སྣ་གཅིག་མ་ཡིན། དེང་སང་གི་དྲ་བས་དེ་ལ་ཕན་ཡོད།

ལྡོང་བུ།:སྣ་གཅིག་མིན་པ་ཐག་ཆོད།

ལྡོང་བུ།:རེད། རང་དབང་གི་ཁོར་ཡུག་འདིས་རྩོམ་རིག་ལ་བར་སྟོང་ཕྱེས་ཡོད། དེ་བཞིན། གད་སྙིགས་ལའང་བར་སྟོང་ཆེན་པོ་ཕྱེས་ཡོད། ཁྱོས་བསམ་ན།  སྙན་ངག་པ་དང་སྙན་ངག  སྤྱི་ཚོགས།  མི་རིགས།  མིའི་རིགས་བཅས་ཀྱི་འབྲེལ་བ་ཇི་ལྟ་བུ་ཞིག་ཏུ་གྲུབ་བམ།

ངལ་རྫི།: སྙན་ངག་པ་དང་སྙན་ངག  སྤྱི་ཚོགས།  མི་རིགས།  མིའི་རིགས་བཅས་ཀྱི་འབྲེལ་བསརྒྱ་ཆེ་བས་གླེང་མི་ཚར། གད་སྙིགས་ལ་སྐྱོན་མི་འདུག

གོ་རིམ་ཞིག་རེད།

ལྡོང་བུ།:རེད།གོམ་པ་དང་པོ་ད་སོ་མར་སྤོས་པ་མིན་ནམ།ཐང་ལ་འགྱེལ་ན་ད་དུང་ཡར་ལ་ལངས་ཆོག

ངལ་རྫི།:མི་མང་པོ་ཞིག་་གིས་ཡི་གེ་བཀོལ་ཐུབ་སོང་བས་ད་ཁེ་དབང་རང་ལ་ཐོབ་པ་ཡིན།དོན་སྙིང་ཤིན་དུ་ཆེ་སྙམ།

ལྡོང་བུ།:གཏམ་དེ་བདེན་པ་འདུག

ངལ་རྫི།:བོད་ནི་རྩོམ་རིག་གི་མི་རིགས་ཤིག་ཡིན་པས་ཡི་གེ་བཀོལ་ཐུབ་ན་ཞོར་དུ་རྩོམ་རིག་འཕེལ་རྒྱས་ཡོང་བ་ལ་གདེང་ཚོད་ཡོད།དེ་བཞིན་དུ་འདུ་ཤེས་གཞན་དག་ཀྱང་འཕེལ་གྱི་ཡོད་པས། ཕྱོགས་ཐམས་ཅད་ཀྱི་ཆ་རྐྱེན་ཚང་དུས་དམིགས་ཡུལ་ལ་ཉེ་བ་ཡིན།

ལྡོང་བུ།:རྩོམ་རིག་གི་མི་རིགས་ཞེས་པ་ཚོར་བའི་འཕྲོ་འདུ་རྒོད་པར་བཤད་པ་ཡིན་ནམ།

ངལ་རྫི།: མིན། ཡི་གེ་བཀོལ་ནས་རྩོམ་འབྲི་བ། རྩོམ་སྣ་གང་རུང་ལ་གོ་ཆོག

ལྡོང་བུ།:རེད།  ཡིན་ནའང་བར་ཐག་ད་དུང་རིང༌། སྐབས་བབ་ཀྱི་གནད་ཅིག་གླེང་ན།  སྙན་ངག་ནི་སྐད་ཆའི་སྒྱུ་རྩལ་ཞིག་ཡིན་པར་སྨྲ་བས།བོད་སྐད་དང་བོད་ཀྱི་དེང་རབས་སྙན་ངག་གཉིས་བར་གྱི་འབྲེལ་བ་ཇི་ལྟ་བུ་ཞིག་ཏུ་ངོས་འཛིན།

ངལ་རྫི།:བོད་སྐད་དང་བོད་ཀྱི་དེང་རབས་སྙན་ངག་གཉིས་བར་གྱི་འབྲེལ་བ་ནི་དེ་ཉིད་ཀྱི་འབྲེལ་བ་ཡིན་པས།  འབྲེལ་བ་དེ་སྟོན་ཐུབ་མིན་སྙན་ངག་པ་རང་ལ་རང་ལས་པ་ཡིན།

ལྡོང་བུ།:སྙན་ངག་པ་མང་པོས་ཁ་སྐད་ལ་གཞོལ་གྱི་འདུག་པ་འདིས་བརྡ་གསལ་བོ་ཞིག་བསྟན་ཡོང༌།

ངལ་རྫི།:ཨ་མདོའི་ཁ་སྐད་དང་ཡིག་སྐད་ལ་ཁྱད་པར་ཆེ་མེད།དེ་ནི་སྐད་བརྡ་རིག་པའི་ལམ་ནས་བཤད་པ་ཡིན།

ལྡོང་བུ།:རེད།

ངལ་རྫི།:དམངས་ཁྲོད་དུ་སྙན་ངག་མང་བའི་རྐྱེན་གྱིས་ཡིན་པ་འདྲ།སྙན་ངག་གི་རྩ་བའང་དེར་ཟུག་ཡོད།

ལྡོང་བུ།:དམངས་ཁྲོད་རྩོམ་རིག་ནི་དེང་རབས་སྙན་ངག་གི་སྐད་ཆའི་འབྱུང་ཁུངས་ཤིག་ཏུ་ངོས་བཟུང་ན་འགྲིག་འདུག ཕྱོགས་གཞན་ཞིག་ནས།  ཚིག་ཟོར་ཡང་པོ་བཀོལ་བ་དང༌།  ཡིད་བརྙན་བརྩེགས་མ་མི་མང་བ།ཁ་སྐད་ཀྱི་ཆོས་དང་མཐུན་པ་སོགས་དེང་རབས་སྙན་ངག་གི་བགྲོད་ལམ་ཞིག་ཏུ་ངེས།

ངལ་རྫི།:བོད་ཀྱི་དམངས་ཁྲོད་རྩོམ་རིག་ནི་འཛམ་་གླིང་གི་ཆེས་གཏོས་ཆེ་བའི་རིག་གནས་ཀྱི་བང་མཛོད་ཅིག་ཡིན་པ་སྨྲས་མ་དགོས།དེ་ལ་བལྟས་ན་དེང་རབས་རྩོམ་རིག་ད་དུང་གཉོམ་ལག་རྒྱས་མེད་པའི་ཕྲུ་གུ་ཞིག་རེད།

ལྡོང་བུ།:རེད།དེ་ལྟར་བཤད་ན།བོད་ཀྱི་ལྷ་སྒྲུང་དང་དེང་རབས་རྩོམ་རིག་གི་བར་དུ་འབྲེལ་བ་ག་འདྲ་ཞིག་རེད།

ངལ་རྫི།: དེང་རབས་རྩོམ་རིག་ནི་དམངས་ཁྲོད་རྩོམ་རིག་དང་དགོན་སྡེའི་རྩོམ་རིག   ཡང་ན་ངག་ཐོག་རྩོམ་རིག་དང་ཡིག་ཐོག་སྩོམ་རིག་གི་བར་ན་འཚར་ལོངས་འབྱུང་ཀྱིན་ཡོད།

བོད་ཀྱི་ལྷ་སྒྲུང་ནི་དེང་རབས་རྩོམ་རིག་དང་ཉེ་བ་ཡིན།

ལྡོང་བུ།:དེ་དག་ལས་ལྷ་སྒྲུང་ངམ་ངག་ཐོག་རྩོམ་རིག་ཆེས་གལ་ཆེ་བར་འདོད།

ངལ་རྫི།: དེ་འདྲ་རེད་ལགས།

ལྡོང་བུ།:ཐད་ཀར་ངག་ལས་ཐོན་པ་དེས་ཁ་སྐད་ཀྱི་ཆ་ཆེན་པོ་ཞིག་ཁུར་ཡོད་པ་དང༌།དེས་དེང་རབས་རྩོམ་རིག་ལ་ཁ་ཕྱོགས་ཡག་པོ་ཞིག་བསྟན་འདུག

ངལ་རྫི།: ལྷ་སྒྲུང་གི་འདུ་ཤེས་ནི་སྙན་ངག་གི་ཕབ་རྩི་ལྟ་བུ་ཡིན།   

ལྡོང་བུ།:དེ་དངོས་གནས་ཟད་དུ་མེད་པའི་སྟོབས་ཤུགས་ཉིད་དུ་རྩི་ཆོག

ལྡོང་བུ།:དེས་ན།  འདི་ནས་ཁྱོད་ཀྱི་སྙན་ངག་ཐུང་ངུ་ཁ་ཤས་གླེང་ན་ཅི་འདྲ་རེད།

ངལ་རྫི།: སྙན་ངག་རིང་ཐུང་ལ་ཁྱད་པར་ཆེ་མི་འདུག བརྗོད་བྱ་མི་གཅིག་པ་མ་གཏོགས།

ལྡོང་བུ།:ཁྱད་པར་ཅུང་ཆེ། བརྗོད་བྱ་ཙམ་མིན་ཏེ། གཙོ་བོ་སྐད་ཆ་དང་སྒྲིག་གཞིའི་ཆ་ནས་ཆེ།

ངལ་རྫི།: དེ་དག་ཕྱི་ཚུལ་རེད།  ངས་དོན་གྱི་ཆ་ནས་བཤད་པ་ཡིན།

ལྡོང་བུ།:དོན་གྱིས་ཕྱི་ཚུལ་ཐག་གཅོད་པ་དང་ཕྱི་ཚུལ་གྱིས་བརྗོད་དོན་གསལ་བར་བྱེད་པ་ཡིན།

ག་ལེར་བསམ་ན།  བརྗོད་བྱ་མིན་པར་བརྗོད་སྟངས་ལ་ཁྱད་པར་ཆེ་འདུག

ངལ་རྫི།: བརྗོད་སྟངས་ལ་ཁྱད་པར་ཡོད་ན་ཐང་།

ལྡོང་བུ།:འདི་ལ་སྙན་ངག་གི་ནང་གི་སྒྲིག་གཞི་ཟེར་བའང་ཡོད་པ་འདྲ།

ངལ་རྫི།:བརྗོད་སྟངས་འདི་རྟོག་བཏགས་ནུས་པ་དང་འབྲེལ་བ་ཡོད།རྣམ་རྟོག་གི་ནུས་པ་དེའི་བསྐྱེད་པའི་འཇིག་རྟེན་དེ་དང་མི་མཚུངས།

ལྡོང་བུ།:དེ་བས་སྙན་ངག་ཐུང་ངུའི་སྐད་ཆ་རང་བཞིན་གྱིས་གྲུབ་པ་ཞིག་དང༌།རིང་མོ་ཡིན་ན་དུས་ཡུན་རིང་པོ་ཞིག་བརྒྱུད་དགོས་པས་དེ་འདྲ་ཞིག་ཡོང་དཀའ་བསམ། དེ་མིན་ན་ཐང༌།  གཙོ་བོ་སྙན་ངག་པ་སོ་སོའི་རྩལ་ལ་རག་ལས་པ་ཐག་ཆོད།

ངལ་རྫི།:སྙན་ངག་ཐུང་ངུ་ལ་དུས་ཀྱི་ཚོད་འཛིན་མེད་པ་དང་སྙན་ངག་རིང་མོ་ནི་དུས་ཀྱི་རྒྱུན་ཞིག་དང་ཆབས་ཅིག་བྱུང་ཡོད་པ་རེད་འདུག 

ལྡོང་བུ།:རེད།ཁྱོད་ཀྱི་སྔོན་ཆད་ཀྱི་སྙན་ངག་དང་ད་ལྟའི་སྙན་ངག་གི་ཁྱད་པར་གཙོ་བོ་དེ་ཅི་ཞིག་རེད།

ངལ་རྫི།: ཡུལ་དུས་ཀྱི་བར་སྟོང་རྒྱ་ཆེ་བ་སྙན་ངག་རིང་མོའི་ཁྱད་ཆོས་ཤིག་ཡིན་པར་འདོད།  ད་ལྟའི་སྙན་ངག་ལ་འཚོལ་རྟོག་རང་བཞིན་གྱི་ཤུགས་ཆུང་བར་གྱུར་ཡོད་པ་དང་སྔོན་ཆད་ཀྱི་སྙན་ངག་གི་ཁྱད་ཆོས་ཀྱང་དེའི་སྟེང་ན་ཡོད།ད་ལྟའི་སྙན་ངག་གཙོ་བོ་ནང་སེམས་ཀྱི་མི་སྒེར་གྱི་ཚེ་སྲོག་དང་སྡོངས་པའི་ཉམས་མྱོང་གི་སྟེང་ན་བརྗོད་ཀྱི་ཡོད།དེ་ནི་སྔོན་ཆད་འཚོལ་རྟོག་བྱས་པའི་འབྲས་བུར་སྐྱེས་པ་ཡིན་པ་འདྲ།

ལྡོང་བུ།:ཡུལ་དུས་ཀྱི་བར་སྟོང་རྒྱ་ཆེ་བ་དེས་རྒྱ་ཆེ་བའི་བརྗོད་བྱ་ཞིག་ཀྱང་སྟོན་ཐུབ་ཡོད་པས།  རིག་གནས་འདུ་ཤེས་དང་འཚོ་གནས་འདུ་ཤེས་ཀྱི་གར་སྟེགས་ལེགས་པོ་ཞིག་ཏུ་འོས།འདུ་ཤེས་དེའི་ནང་དུ་མིའི་ཚེ་སྲོག་གི་ཤེས་པ་ཕྲ་མོ་དག་ཀྱང་འདུས་ཡོད།འདི་ནི།«འདོད་ཁམས»ཀྱིས་མངོན་པའི་འཇིག་རྟེན་དེ་ཡིན་པ་འདྲ།

ངལ་རྫི།:འཚོ་གནས་འདུ་ཤེས་དེ་རིག་གནས་འདུ་ཤེས་ལས་རྒྱ་ཆེ་བར་སེམས་ལ།རིག་གནས་དེ་མ་གཞི་ནས་མིའི་འཕེལ་རྒྱས་དང་ལས་དབང་ལ་ཚོད་བགམ་བྱེད་སྤྱད་ཀྱི་ལག་ཆ་ཞིག་ལ་བརྩི་ཆོག

ལྡོང་བུ།:རེད།  དེ་ཁྱོད་ཀྱི་རིག་གནས་ལ་མི་གལ་ཆེ་ཞེས་པའི་ལྟ་བ་དང་མཐུན།

ངལ་རྫི།: ཀུན་རྫོབ་དང་དོན་དམ་ལས་ངས་ཀུན་རྫོབ་ཀྱི་བདེན་པ་གཙོ་བོར་གཉེར་ན་འདོད།

ལྡོང་བུ།:ཀུན་རྫོབ་ནི་མིའི་འཚོ་གནས་ཀྱི་བདེན་པ་ཡིན།

ངལ་རྫི།:དེང་རབས་ཀྱི་སྙན་ངག་ལ་ཁྱད་ཆོས་དེ་ཡོད་པ་དང་དེའི་རིན་ཐང་ལ་ང་ཚོས་བདེན་ཁ་ཕྱིན་ན་འགྲིག 

ལྡོང་བུ།:ས་ཡེ་རྡིའི་རྩོམ་རིག་དཔྱད་བརྗོད་ཀྱང་མིའི་འཚོ་གནས་དང་བདེན་པའི་ཕྱོགས་ནས་སྤེལ་ཡོད།དེ་ནི་ཕ་ཟིའི་སྙན་ངག་ནང་གི་མིའི་གཉུག་གཤིས་ཕྱིར་མངོན་པའི་ལྟ་བ་དང་སྦྲེལ་འདུག

ངལ་རྫི།: རེད་འདུག   དེང་རབས་ཀྱི་མཚན་ཉིད་རིག་པའི་ཁ་ཕྱོགས་ནི་ཀུན་རྫོབ་པ་དག་གི་ལྟ་བ་ཡིན་ཞིང་དེས་མི་སོ་སོ་བའི་རིན་ཐང་ཚད་གཞིར་འཇོག་པ་ཡིན།

ལྡོང་བུ།:རེད།

ངལ་རྫི།:དེ་ལས་བརྒལ་བའི་དོན་དམ་གྱི་ནག་ཉེས་ཀྱིས་མི་ཞེས་པའི་ཐ་སྙད་དེ་གཞི་ནས་བཅོམ་བརླག་ཏུ་བཏང་ཡོད་པ་རེད།དེང་རབས་ཀྱི་སྙན་ངག་གིས་འཐབ་རྭ་དེ་ནས་མིའི་ཀུན་རྫོབ་ཀྱི་རང་བཞིན་དེ་མངོན་སུམ་དུ་མཚོན་པ་ལ་བྱས་རྗེས་ཡོད།

ལྡོང་བུ།:མི་སོ་སོ་བའི་འཚོ་སྟངས་དང་གནས་བབ་མཚོན་པ་ལ་དེང་རབས་རྩོམ་རིག་གིས་ཤུགས་རྒྱག་དགོས།འདི་ནི་བོད་ཀྱི་རྩོམ་པ་པོས་སྤྱི་ཚོགས་དང་མི་རིགས་ལ་དོ་ཁུར་མཛད་པའི་རྟགས་ཤིག་ཏུ་ངེས།འདི་ནི་དུས་རབས་གསར་པའི་རྩོམ་རིག་པ་སོ་སོའི་འགན་འཁྲིར་རློམ་ནའང་ཆོག

ངལ་རྫི།:དེ་ལྟར་བསམ་ཡོད།“ཀུན་རྫོབ་ཏུ་ནི་ཐམས་ཅད་ཡོད།།དོན་དམ་པར་ནི་ཐམས་ཅད་མེད།།”ཅེས་པའང་ང་ཚོས་གཉེར་དགོས་པའི་ཕྱོགས་ཤིག་མ་ཡིན་ནམ།ང་ཚོས་ཡོད་པ་དེ་བཏང་སྟེ་མེད་པ་ཞིག་འཚོལ་དགོས་དོན་ག་ལ་ཡོད།མཐར་ཐུག་གི་མི་རིགས་ཀྱི་རང་དབང་དེའང་རང་གི་རིག་གནས་ཀྱི་ནང་ནས་རྙེད་ཐུབ་པས།ཐབས་ཤེས་དེ་ཅི་ལ་མི་བསྟེན།རིག་གནས་དེ་བཀོལ་ཐུབ་ན་ཡོད་ཚད་ཀྱི་གཏེར་ཁ་ཞིག་དང་བཀོལ་མ་ཤེས་ན་བང་སོ་ཞིག་ཡིན།དེང་རབས་རྩོམ་རིག་གིས་གཏེར་ཁ་དེ་བསྔོག་འདོན་བྱེད་ཀྱིན་ཡོད། 

ལྡོང་བུ།:དེ་ངོ་མ་རེད།

ངལ་རྫི།:དེས་མི་སྒེར་གྱི་འཚོ་གནས་དང་སྤྱི་ཚོགས་ཀྱི་འཕེལ་འགྲིབ་གཉིས་གཅིག་ཏུ་སྦྲེལ་ཡོད་ཞེས་བཤད་ན་ཆོག 

ལྡོང་བུ།:རིག་གནས་དེའང་འཚོ་གནས་ལ་ཞུགས་པའི་མི་དག་གིས་བསྐྲུན་པ་མ་ཡིན་ནམ།

ངལ་རྫི།:རེད།དེ་བས་ན་སྙན་ངག་གི་ཚེ་སྲོག་ཀྱང་མིའི་མངོན་སུམ་དུ་གྲུབ་པའི་ཚེ་སྲོག་གི་ཆ་ཤས་ཤིག་ལ་ཐིམ་ཡོད་པ་རེད།

ལྡོང་བུ།:སྙན་ངག་པ་དག་གིས་གཞོལ་བར་བྱ་བའང་མིའི་ཚེ་སྲོག་དང་དེའི་མངོན་སྟངས་ཀྱི་རྣམ་པ་ཞིག་འཚོལ་གྱིན་ཡོད་པ་དེ་ཡིན་ངེས།

ངལ་རྫི།:དེའི་ཕྱིར་བདག་གི་བསམ་པ་ལ་ཀུན་རྫོབ་དེ་མ་བོར་ན་དོན་དམ་ཡང་རྙེད་སྲིད་པ་རེད།

ལྡོང་བུ།:མིའི་ཀུན་རྫོབ་དེ་སྙན་ངག་གི་འཇིག་རྟེན་ཡངས་པོ་ཞིག་ཡིན་པ་དང༌།དེ་བརྒྱུད་ནས་རང་ཅག་གིས་སྐད་ཆའི་མཐར་ཐུག་ལ་སོན་པའི་དོན་དམ་གྱི་གནས་ལུགས་ཤིག་རྙེད་སྲིད།འདི་ནི་ཧེ་རྡི་རྒེར་གྱིས་བཤད་པའི་སྙན་ངག་གི་སྐད་ཆ་ནི་མིའི་གནས་སྟངས་ཤིག་ཡིན་པ་དང༌།མཐར་ཐུག་དེས་མིའི་འཚོ་གནས་ཀྱི་རང་བཞིན་སྟོན་གྱི་ཡོད་པར་སྨྲས་པ་གཅིག་མཚུངས་ཡིན་སྲིད།

ངལ་རྫི།:ཚེ་སྲོག་གི་གནས་སྟངས་རེ་རེ་དང༌།ལོ་རྒྱུས་དྲན་ཤེས་གང་ལ་བལྟས་ནའང་རྩོམ་རིག་གསར་རྩོམ་གྱི་ལས་ཀ་མི་སྒེར་གྱི་ལས་དབང་དང་དམ་དུ་སྦྲེལ་ཡོད་པ་དང༌།མིའི་རིགས་སྤྱིའི་གཙང་བོའི་ངོགས་ན་འཕྱོ་བའི་རླབས་ཀྱི་ཟེགས་མ་ནི་གང་དེའི་དེང་རབས་ཀྱི་སྙིང་སྟོབས་ཡིན།

ལྡོང་བུ།:རེད།འདི་ནི་དེང་རབས་རྩོམ་རིག་གི་སྙིང་སྟོབས་སུ་རྩི་ཆོག་པ་ཡིན།དེས་དེང་རབས་ཀྱི་མི་སོ་སོ་བ་དང་མི་རིགས།མིའི་རིགས་སོགས་སྤྱི་ལ་ཁྱབ་པའི་བརྗོད་གཞི་དག་འདྲེན་པར་བྱེད་པ་ཡིན།  བོད་ཀྱི་རྩོམ་རིག་གིས་ཀྱང་ལམ་བུ་མ་ནོར་བ་ཞིག་གདམ་དགོས།

ངལ་རྫི།:བོད་རང་ལ་མཚོན་ནའང་ཀུན་རྫོབ་ཀྱི་ཐ་སྙད་དེ་དག་གིས་རྨི་ལམ་གྱི་ཞིང་བཀོད་དེ་བསྐྲུན་ཐུབ་པ་ལས།ཚེ་སྲོག་གི་བདེན་པའི་རྩ་བ་དོར་ཏེ་ཟོལ་རྫུན་གྱི་ཡལ་ག་ལ་འཇུས་ན།མཐར་ཐུག་རང་ཉིད་ཕོངས་བའི་རྒྱུར་འགྱུར་བ་ཁོ་ན་ལས་མ་འདས།དེས་ན་དེ་རིང་གླེང་མཚམས་འདི་ནས་འཇོག

ལྡོང་བུ།:གླེང་མོལ་འདི་ལས་ང་ལ་བློ་བསྐྱེད་མང་པོ་ཞིག་ཐོབ་སོང༌།གཞན་གླེང་མོལ་འདི་དྲ་བར་སྤེལ་ཆོག་མིན་ལན་ཞིག་སྟེར་རོགས།

ངལ་རྫི།: ང་ལའང་བློ་བསྐྱེད་མང་པོ་ཐོབ་ཡོད། བཀའ་དྲིན་ཆེ། སྤེལ་དང་ཆོག ལེགས་སྒྲིག་ཅུང་བྱེད་དགོས།

ལྡོང་བུ།:དེ་མིན་ཁྱོད་ཀྱི་སྙན་ངག་དང་དཔྱད་རྩོམ་ལ་རྒྱུས་ལོན་ཆེ་ཙམ་བྱུང་བས།སྐྱིད་པོ་བྱུང་སོང༌།

ངལ་རྫི།: རྗེས་མར་ཁ་བརྡ་བྱ་ཆོག

ལྡོང་བུ།:གཞན་རྗེས་མར་འདི་འདྲ་བའི་གླེང་མོལ་སྤེལ་བར་སྙིང་ཐག་པ་ནས་རེ་བ་ཡོད།གནས་སྐབས་དེ་འདྲ་བྱེད།

ངལ་རྫི།: ཡ།  ད་བདེ་མོ།

ལྡོང་བུ།:བདེ་མོ།

༢༠༠༩ ༡༠ ༡༦ ཆུ་ཚོད་གཅིག་དང་ཕྱེད་ཀ་ནས་དྲུག་ལ་ཉེ་བའི་བར།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི། སྙན་ངག སྐད་ཆ། ལྷ་སྒྲུང་།

2009-10-18 ལྡོང་བུ་དང་ངལ་རྫི། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།