ཕོ་ལན་གྱི་སྙན་ངག་པ་ཞིས་མུའུ་པོ་ཨར་ཟི་ཁའི་སྙན་ངག་བདམས་བཀོད།
ཞིས་མུའུ་པོ་ཨར་ཟི་ཁ་ནི(Wislawa szymborsRa)ནི་ཕོ་ལན་རྒྱལ་ཁབ་ཀྱི་མི་ཡིན། ཁོ་མོའི་སྙན་རྩོམ་ལ་རྩེད་མཚར་ལ་ཟུར་ཟའི་ཉམས་སོགས་སྒྱུ་
རྩལ་གྱི་ལག་ཐབས་མི་འདྲ་བ་དུ་མ་སྤྱོད་བཞིན་ཡོད་ལ། རང་བྱུང་ཁམས་དང་མིའི་རིགས་ཀྱི་ལོ་རྒྱུས་ལ་རྩད་གཅོད་ཞིབ་དཔྱད། མིའི་རིགས་ཀྱི་ལས་
དབང་དང་འཛམ་གླིང་གི་མདུན་ལམ་ལ་སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད། ཁོ་མོར་སྙན་ངག་དེབ་ཆུང་འགའ་ལས་མང་པོ་མེད། འོན་ཀྱང་ཁོ་
མོས་གསར་རྩོམ་ལ་གཟབ་ནན་གྱི་འདུ་ཤེས་འཛིན་བཞིན་ཡོད། ཚབ་མཚོན་བརྩམས་ཆོས་ལ<<རང་ཉིད་ལ་དྲི་བ>>དང<<ཆུ་མ་སླེབས་གོང་གི་
རགས>>སོགས་མཆིས། ༡༩༩༦ལོར་ཁོ་མོར་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ།
༼གྲོགས་ལ་སྤྲིངས་པ།༽
ང་ཚོས་ཁྱོན་ཡངས་པའི་བར་སྣང་ཁམས་ངོ་ཤེས་བྱུང
སའི་གོ་ལ་ནས་སྐར་མའི་གོ་ལ
འོན་ཀྱང་ང་ཚོས་གནས་དེ་ནས་རང་གི་ཁ་ཕྱོགས་བོར་ཟིན
ས་གཞི་དང་བསམ་བློ
སྐར་མ་དང་སྐར་མའི་བར་གྱི་འགྲུལ་བཞུད
སྐྱོ་གདུང་དང་མིག་ཆུ
ཁྱོད་རང་སྟོང་བའི་དབྱིངས་ནས་དངོས་ཡོད་ཀྱི་འཇིག་རྟེན་ཞིག་ལ་སླེབ་པའི་དུས་སུ
དེ་སྔོན་ཇི་བཞིན་ཤ་དར་ཁྲག་དར་གྱི་ལང་ཚོ་རྒྱས་ནས་ཡོད་པ་ཞིག་ཡིན་མི་སྲིད
རླུང་གཏོང་གནམ་གྲུ་དེས་ང་ཚོ་ལ་ཁྲེལ་དགོད་བྱེད
འདི་ནི་དབེན་སིམ་པའི་རྒྱང་རིང་གི་སྟོང་བའི་དཀྱིལ་འཁོར་ཞིག་སྟེ
མཁའ་བསྐྱོད་ཀྱི་མགྱོགས་ཚད་དང་སྒྲའི་མགྱོགས་ཚད་ཀྱི་བར་ནས
འཛམ་གླིང་ལ་སླར་མེད་པའི་ལོ་རྒྱུས་གསར་བ་ཞིག་བྲིས་སོང
དེར་བརྟེན་ནས་འབོད་པ་གཏོང་བཞིན་པའི་སྒྲ་ཞིག་མཆེད་ཡོང
ང་ཚོར་ནག་ཉེས་ཀྱིས་དབེན
སུ་ཞིག་གིས་འབོད་པ་གཏོང་བཞིན་ཡོད་དམ
སྒེའུ་ཁུང་ཕྱེས་ཏེ་ཆེས་མགྱོགས་པོར་ཕྲོས་ཤིག
སྒྲའི་ང་རོ་དེ་གློ་བུར་ཏུ་ངུ་མཚམས་ཆད་པར་གྱུར
སྒེའུ་ཁུང་ཕྱི་རོལ་གྱི་རྣམ་པར་བཀྲ་བའི་སྐར་ཚོམ་དེ་དག
མཐོན་པོའི་དབྱིངས་ནས་མར་ཟགས་བཞིན་པའི་ངང་ཚུལ་དེ་ནི
རྩིག་ངོས་ཀྱི་རྡུལ་ལེབ་རེ་རྒྱབ་ཁུག་གི་སྟེང་དུ་ལྷུང་བ་དང་འདྲ་ཙམ་དུ་མཐོང
༼ཆུ་མ་སླེབས་གོང་གི་རགས།༽﹟
བསམ་ཡུལ་ལས་འདས་པའི་དོན་རྐྱེན་རེ་འབྱུང་སྲིད
བསམ་ཡུལ་ལས་འདས་པའི་དོན་རྐྱེན་རེ་འབྱུང་སྲིད་པ་ཐག་གིས་ཆོད
དོན་རྐྱེན་ལ་ལ་འབྱུང་སླ་ཞིང་ལ་ལ་འབྱུང་འཕྱི
དོན་རྐྱེན་ལ་ལ་ཁྱོད་ཀྱི་ཉེ་གམ་ནས་འབྱུང་ཞིང་ལ་ལ་ཐག་རིང་ནས་འབྱུང
ཁྱོད་ནི་ཐོག་མ་ཡིན་ཕྱིར་སྐྱོབ་པར་ནུས
ཁྱོད་ནི་ཆེས་མཐའ་མ་ཡིན་ཡང་སྐྱོབ་པར་ནུས
འོན་ཀྱང་ཡུལ་འདི་ན་ཁྱོད་ཁོ་ན་ལས
མི་གཞན་པ་མང་པོ་ཡོད
གཡས་ཕྱོགས གཡོན་ཕྱོགས
ཆར་བ་བབས གནམ་དྭངས་ཟིན
གྲིབ་གཟུགས་ཤིག་ཤུལ་ཏུ་ལུས
སྟབས་ལེགས་པས་གནས་དེ་ན་ནགས་ཚལ་སྟུག་པོ་ཞིག་འདུག
སྟབས་ལེགས་པས་གནས་དེ་ན་སྡོང་བོ་མི་འདུག
སྟབས་ལེགས་པས་གནས་དེ་ན་ལྕགས་ཀྱི་བརྒྱུད་ལམ་དང་ལྕགས་ཀྱུ
ཤིང་ལེབ་གྲུ་བཞི སྒོ་འགོག མཁར་རྩིག
དཀྱོགས་མཚམས་སུ ལིས་མུས་གཅིག སྐར་ཆ་གཅིག
སྟབས་ལེགས་པར་བཞར་གྲི་ཞིག་ཆུ་ངོས་སུ་གཡེང
གང་ཡིན་ཟེར་ན དེ་བས འོན་ཀྱང སྤྱིར་ན
གལ་ཏེ་ལག་པ་གཅིག་དང་རྐང་པ་གཅིག
སྐྲའི་ཉག་མ་གཅིག་ཡོད་ན
གལ་ཏེ་གོམ་གང་མདུན་དུ་སྤོས་ན་གླགས་དང་འཕྲད་དེ
མཇུག་འབྲས་ཅི་ཞིག་འབྱུང་རྒྱུ་ཡིན་ནམ
ཁྱོད་རང་སུ་ཡིན་ནམ ནོར་འཁྲུལ་གྱི་དུས་ཚོད་ཀྱི་ཁྲོད་ནས་ཕྱིར་བུད་ཟིན
ཉ་འཛིན་དྲ་རྒྱའི་ནང་དུ་མིག་གཅིག་འདུག་པ་དེ་ནི་ཁྱོད་ཀྱི་མིག་ལས་མ་འདས
ང་རང་དེ་ལ་ཡ་མཚན་ཅི་ཡང་སྐྱེས་མ་མྱོང
ང་རང་སྔར་བཞིན་ཁུ་སིམ་མེར་སྡོད་རྒྱུར་མོས་པ་ཆེ
འོན་ཀྱང་ཁྱོད་ཀྱིས་ཉོན་དང
ཁྱོད་ཀྱི་སྙིང་གི་འཕར་ལྡིང་ཇི་འདྲའི་མགྱོགས་པ་ལ
﹟བོད་ཀྱི་གཏམ་དཔེ་ལས་དྲངས།
༼ སྒུག༽
ཆེས་ཆེར་སྒུག
འཁྲབ་སྟོན་གཤར་སྦྱོང་གི་གོ་རིམ་བརྒྱུད་མ་ཐུབ
ཀླད་པའི་ནང་དུ་ཅི་ཡང་འཆར་རྒྱུ་མི་འདུག
གྱོན་གོས་བཟོ་བར་ཆེ་ཆུང་གི་ཚད་མ་འཇལ་བ་ཇི་བཞིན
ངས་རང་གིས་འཁྲབ་བཞིན་པ་ཡང་སྙིང་ཅི་ཡིན་མི་ཤེས
ངས་ཤེས་པ་ནི འདི་ནི་རང་གིས་འཁྲབ་དགོས་པ་དེ་ཡིན
ནམ་ཡང་འགྱུར་རྒྱུ་མེད་པའི་མི་སྣ་ཞིག
ཟློས་གར་འདིའི་བརྗོད་བྱ་གཙོ་བོ་ཅི་ཞིག་ཡིན་ནམ
བདག་གིས་གར་སྟེགས་སྟེང་ནས་ད་གཟོད་གསལ་བོར་རྟོགས་སྲིད
གྲ་སྒྲིག་ཕྲན་ཙམ་མེད་པར
ངེས་པར་དུ་ཆེས་མཐོ་བའི་མིང་གི་ཆོ་ལོ་ཞིག་ལ་རེག་དགོས
སྤྱིར་ན་སྐབས་ཐོག་ནས་གྱེར་འདོན་བྱེད་རྒྱུ་དེ་སུན་སྣང་ཆེ་བ་ལ
ཡིན་ཡང་ངེས་པར་དུ་སྐབས་ཐོག་གྱེར་འདོན་བྱེད་དགོས་བྱུང་སོང
ང་རང་འཁྲབ་སྟོན་འདིའི་རིགས་ཀྱི་མགྱོགས་ཚད་ཀྱི་རྗེས་ཆོད་དཀའ་ལ
བཟོ་ལྟ་རེ་རེ་ཡང་དེ་འདྲའི་ཆ་རྒྱུས་མེད་པ་ཞིག་ཏུ་སྣང
བདག་གིས་མཐོ་རིམ་སྐུ་དྲག་གི་ཁྱིམ་ཚང་ཞིག་ན་འཚོ་བ་རོལ་བཞིན་པ་ལྟར
ང་རང་འཁྲབ་སྟོན་པ་ཞིག་ཏུ་བརྫུས་པ་ནི་ལས་ཞོར་གྱི་དགའ་ཁ་འཁྱེར་ཕྱོགས་ཤིག་ལས་མ་འདས
སེམས་འགུལ་ཐེབས་ཚེ་སྔར་ལས་བག་འཁུམས་པའི་སྣང་ཚུལ་ཡོད་ལ
ལྷོད་བག་གི་སྐབས་སུ་འཇིགས་སྣང་ཡང་སྐྱེས
ཡིན་ཡང་འཁྲབ་སྟོན་པ་ཞིག་གི་བཟོ་ལྟས
བདག་གིས་ཅིས་ཀྱང་འཁྲབ་ཚིག་དག་ངག་ལ་ཡག་པོ་སྐྱོར་དགོས
དེ་ནི་རྒྱུག་རེས་འཐེན་པའི་སྐབས་སུ་གྱོན་གོས་མཐུག་པོ་ཞིག་ལ་རེག་པ་ཇི་བཞིན
གློ་བུར་ཏུ་བྱུང་བའི་རྐྱེན་ངན་བར་ཆད་ཀྱི་མཇུག་འབྲས་མི་ལེགས་པ་ཞིག་ཏུ་སྲིད
སྤྱིར་ན་བདག་ལ་གཟའ་ལྷག་པའི་ཉིན་མོར་གཤར་སྦྱོང་མང་པོ་ཞིག་བྱ་རྒྱུའི་འཆར་གཞི་ཡོད
ཡང་ན་གཟའ་པ་སངས་ཉིན་ལ་ཡང་བསྐྱར་ཆ་རྒྱུས་མེད་པའི་འཁྲབ་གཞུང་ཞིག་ལག་ལ་བརྫངས་བྱུང
ཁྱོད་ཚོས་འདི་ལྟར་བྱས་ན་འོས་སམ བདག་གི་དྲི་བ
བདག་གི་སྐད་ངག་དེ་འཛེར་འཛེར་དུ་གྱུར
འཁྲབ་ཚིག་དག་ངག་ལ་སྐྱོར་དུས་སྐད་ངག་ཡག་པོ་ཡིན་རྐྱང་ཡིན་འོས
འདི་ནི་སྟོང་བསམ་ཞིག འདི་ནི་འགྲན་སྡུར་ཐེངས་ཤིག་སྟེ
འགྲན་སྡུར་ར་བའི་ནང་དུ་བདག་གི་སེམས་པར་འཚུབ་ཆ་ཆེས་ཆེར་སྐྱེས་བྱུང
ཡུལ་ལྗོངས་ཇི་འདྲའི་མཛེས་ཤིང་སྡུག
འཁྲབ་ཆས་ཡོད་ཚད་དེ་འདྲའི་ཡག་པོ་ཞེ་དྲགས་འདུག་པ་མཐོང
གར་སྟེགས་རྒྱུན་མི་ཆད་པར་འཁོར
སྟེགས་བུའི་སྟེང་གི་གློག་འོད་ཁྲ་ཆིལ་དགུ་ཆིལ་དུ་མངོན
འདི་ནི་འཁྲབ་གཞུང་འདིའི་ཆེས་ཐོག་མའི་འཁྲབ་སྟོན་བྱེད་ས་ཡིན་པ
བདག་གིས་གཞི་ནས་ཧ་གོ་སོང
བདག་གི་བཟོ་ལྟ་རེ་རེ་ཡང་གཤར་སྦྱོང་གི་སྐབས་དང་གཉིས་སུ་མཆིས
(རི་སྔོན་བླ་མ་ཐར་གྱིས་བསྒྱུར)
རྩོམ་ཁུངས། ངེད་དྲ་བ།